Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
དབྱངས་གསལ་གྱི་མིག་ཆུ།
འགྲུལ་པའི་གདེངས་འཇོག་སྐར།: / 5
ཞན།བཟང་། 
རྩོམ་པ་པོ། བཙན་དུག་མདའ།   
2009-04-29

 

 

 

 

དབྱངས་གསལ་གྱི་མིག་ཆུ།

 

             ཁག་གཉིས་པ།

 

ཀ་མིན་ཁ་མིན་བོད་ཡིག་གཟུགས་རིས་ཙམ

 

ཁ་འགྲིག་སོ་འགྲིག་སྒོ་བྱང་ངོས་སུ་འདུག །

 

ག་ཡིན་འདི་ཡིན་དོན་ཙམ་སྟོན་མེད་པས། །

 

ང་ནེ་ངན་ནེས་བོད་ལ་བརྙས་བཅོས་ཤིག །

 

 

ལེ་ཅོ་ལེ་བརྡ་སྤྲོད་གཞུང་དང་འགལ།།

 

ཆ་བེ་ཆོབ་བེ་ཚིག་ཉོག་བཙན་གྱིས་བསྒྲིགས།།

 

ཇ་མིན་ཆུ་མིན་ཡིག་ནོར་ལུང་བ་གང་།།

 

ཉ་གེ་ཉོག་གེས་བོད་ལ་བརྙས་བཅོས་ཤིག །

 

 

ཏ་ལི་རྟུལ་ལི་ཀློག་ལ་མ་བདེ་བའི།།

 

ཐ་ལེ་ཐོལ་ལེས་བྲིས་པའི་ཡི་གེ་རྣམས

 

ད་ལེ་དོལ་ལེར་བོད་ཀྱི་གྲོང་བ་གང་

 

ན་བེ་ནུབ་བེ་བོད་ལ་བརྙས་བཅོས་ཤིག །

 

 

པ་ལེ་པུ་ལེ་སྒོ་བྱང་ངོས་སུ་བྲིས

 

ཕ་ནེ་འཕུང་ནེས་བོད་ཀྱི་རིག་གཞུང་རྫོད

 

བ་ལེ་བོ་ལེ་མ་དག་མིང་ཚིག་གིས

 

མ་གེ་མོག་གེས་བོད་ལ་བརྙས་བཅོས་ཤིག །

 

 

ཙ་བེ་ཙོབ་བེ་ཡིག་གཟུགས་རྩོག་རྒྱུ་ལ

 

ཚ་ལུ་ཚུལ་ལུ་བོད་ཡིག་ཨེ་རེད་བསམ

 

ཛ་སེ་ཛོ་སེས་གང་ས་གང་ལ་བྲིས

 

ཝ་རེ་ཝོ་རེས་བོད་ལ་བརྙས་བཅོས་ཤིག །

 

 

ཞ་གི་ཞི་གི་བོད་ཡིག་ནས་འབྲུ་ཙམ

 

ཟ་བེ་ཟོ་བེ་བོད་མི་མགོ་སྐོར་ཙམ

 

འ་ལེ་འོལ་ལེ་བོད་ཡུལ་སྣ་རྫོད་ཙམ

 

ཡ་བེ་ཡོབ་བེས་བོད་ལ་བརྙས་བཅོས་ཤིག །

 

 

ར་བེ་རོ་བེའི་སྒོ་བྱང་རྐང་འདྲེན་རྣམས

 

ལ་ཁྱབ་ལུང་ཁྱབ་བོད་ཡུལ་ཀུན་ལ་ཁྱབ

 

ཤ་རི་ཤུ་རི་མེད་པར་མ་བྱས་ནས

 

ས་འབྲི་རྡོ་འབྲིས་བོད་ལ་བརྙས་བཅོས་ཤིག །

 

 

ཧ་ཆ་ཧོང་ཆ་དྲན་པའི་ཡུལ་ན་མང་

 

ཨ་ནེ་ཨིན་ནེ་འཁུན་པའི་སྒྲ་མ་ཆད

 

ཧ་བོ་ཧ་བོ་བོད་ལ་བརྙས་བཅོས་འདི༎

 

ཨ་ཀྱོག་པ་ཀྱོག་རྫུན་ཞིག་བཤད་དོན་མེད༎

 

བོད་ཀྱི་གྲོང་ཁྱེར་དང་རྫོང་མཁར་མི་ཉུང་བ་ཞིག་འགྲིམས་དུས་

ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བྱང་མཐོང་བའི་ཚོར་སྣང་

ཕྱི་ལོ་༢༠༠༩ལོའི་ཟླ་བ་༣་པའི་༢༤ཉིན་ནག་རིས་སུ་ཕབ།

 

དཔྱད་བརྗོད། (2)Add Comment
...
དཔྱད་བརྗོད་པ། བོད་ཐུང་ཐུང་།, May 31, 2009
ཡག་པོ་འདུག
ཕྱིར་སྡོད།
དཔྱད་བརྗོད་པ། ཚེ་རིང་བཀྲ་ཤིས།, May 08, 2009
བདེན་པ་རེད། བོད་ཡིག་གི་ཚེ་སྲོག་འདི་འདི་ལྟར་ཉམ་ཆུང་དང་ཛ་དྲག་གི་གནས་སུ་གྱར་ཟིན། ཡིན་ན་ཡང་ང་ཚོས་ཐུན་མོང་གིས་བརྡ་ཕྲིན་གྱི་ལག་རྩལ་ལ་བརྟེན་ནས་བོད་ཡིག་གི་ཚེ་སྲོག་སྐྱོབས་དགོས། འདི་ནི་གཞི་བྱེས་ཐུན་མོང་གི་ལས་འགན་ཡིན།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2009-05-10 )
 
< རྩོམ་ཡིག་གོང་མ།   རྩོམ་ཡིག་རྗེས་མ། >