|
རྩོམ་པ་པོ། Administrator
|
|
2004-07-07 |
|
ལར་མི་རིགས་གང་ཡིན་ཡང་རུང་། སྐད་དང་ཡི་གེ་གཉིས་ནི་མི་རིགས་དེའི་རིག་གནས་རང་རྐྱ་འཕེར་བའི་མཚོན་རྟགས་ཤིག་ཡིན་པ་བསྙོན་དུ་མེད་ལ། རང་སྐད་ཀྱི་ཆུ་བོ་རྒྱུན་ཡུན་ནས་ཡུན་དུ་བསྲིང་པ་དང་སྔར་ལས་ལྷག་པའི་སྟོབས་ཤིག་སྦྱིན་རྒྱུ་ནི་ང་ཚོ་རྗེས་རབས་པ་དག་གི་འགན་ཡིན། དུས་ཀྱི་གོམ་འགྲོས་དང་བསྟུན་ནས་བྱུང་བའི་དངོས་པོ་གསར་བ་ལ་རང་སྐད་ཀྱི་ཆོས་ཉིད་དང་མཐུན་པའི་མིང་སྦྱོར་བའི་ལས་ལ་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་པར་མཐོང་། དེ་ལྟར་ད་ཐེངས་སྤྱི་ཕན་གྱི་ཀུན་སློང་དག་པ་སྐོར་ཞིག་ཁྲིན་ཏུའུ་གྲོང་དུ་འཛོམས་ནས་གསར་བྱུང་གི་མིང་དག་རི་མོའི་འགྲེལ་རིས་དང་སྦྲགས་ནས་སྐད་གསུམ་སྦྱར་བའི་མིང་མཛོད་ཞིག་སྒྲིག་ཡོད་པ་འདི་བློ་དང་མཐུན་པ་རྣམས་ཀྱི་གཟིགས་མོར་དགྱེས་བའི་དགའ་སྟོན་རུ་གྱུར་ཅིག
དཔེ་ཆའི་གནས་ཚུལ་ཞིབ་ཕྲ།
དཔེ་མིང་། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད།

རྩོམ་སྒྲིག་འགན་ཁུར་པ། དབྱངས་ཅན་ལྷ་མོ།
མདུན་ཤོག་ཇུས་འགོད་པ། འཇིགས་མེད་འགྲོ་ཕན།
རྩིས་འཕྲུལ་ཡི་གེ་པ། ཡང་ཤར། སྐལ་བཟང་རྒྱ་མཚོ། རྡོ་རྗེ་སྒྲོལ་མ།
གཙོ་སྒྲིག་པ། ཚུལ་ཁྲིམས་བློ་གྲོས།
སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
དེབ་ཚད།787*1092 1/32ཧོའི་རྨིད།
དཔེ་རྟགས། ISBN 987-7-5409-3625-9
|
|
ཉེ་བའི་བཟོ་བཅོས། ( 2008-12-07 )
|