Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
རྩོམ་སྟངས་བར་གྱི་ཀླན་ཀ
འགྲུལ་པའི་གདེངས་འཇོག་སྐར།: / 21
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2009-01-06

རྩོམ་སྟངས་བར་གྱི་ཀླན་ཀ

                        ཁམས་རའི་འཕགས་དུངས།    

སྐྱ་རེངས་བུ་མོས་འཛུམ་གྱི་ཟེར་བརྒྱ་དལ་བ་དལ་བུས་འཛིན་མར་འཕྲོས།།

རྩི་ཤིང་ལྗོན་པ་གཉིད་ཀྱི་ཞིང་ནས་རིམ་གྱིས་སད་དེ་གླང་རྒྱང་བྱེད།།

སྤྲིན་ཕུང་འཕོས་འདྲའི་གཡང་དཀར་ལུག་ཁྱུ་རྩྭ་ཐང་སྒེག་མོའི་ལྟོ་བར་བཀྲམས།།

དབྱངས་སྙན་འབྲོག་མོའི་འོ་མ་འཇོ་སྒྲས་ཞོགས་པའི་རྩྭ་ཐང་གཉིད་ལས་བསླངས།།

སྙན་ངག་བརྩམས་སྒྲུང་ལྷུག་རྩོམ་གསུམ་པོས་ཁྱིམ་ནས་ཞོགས་ཟས་རོལ་རྗེས་སུ།།

རང་རང་རྩོམ་ལུས་གཞན་གྱིས་སྤྱོད་པར་རེ་ཞིང་སྒུག་པའི་ལམ་དུ་ཞུགས།།

དཔྱིད་དཔལ་གོས་ཀྱི་རྩྭ་ཐང་ལྟོ་བར་ཁོ་ཚོ་མ་གྲོས་རང་མཐུན་གྱིས།།

འཛོམས་ཏེ་དགའ་བའི་ངོ་མདངས་མི་སྟོན་ཕན་ཚུན་དགྲ་ཟླའི་ཚུལ་དུ་འདུག།

སྙན་ངག་ལྷ་མོས་མཐོང་ཆུང་མིག་ཞགས་ཁོ་གཉིས་སྟེང་ལ་ལྡིང་བསྐོར་རྒྱག།

གོམ་སྟབས་རིང་ཞིང་མགོ་འཕངས་མཐོན་པོས་ཉི་ཟླའི་སྙེམས་པ་རེངས་པར་འཕྲོགས།།

མཚམས་རེར་ཞབས་བྲོ་འཁྲབ་ཅིང་ལན་རེར་སྙན་ཚིག་མཐོན་པོར་སྐྱོར་བཞིན་དུ།།

ཉིད་ཀྱི་ཡན་ན་དགུང་སྔོན་མ་གཏོགས་མེད་པར་སྙམ་སྟེ་གླུ་འདི་ཐལ།།

ངག་སྙན་མོ་ཚངས་སྲས་པི་ཝང་འཁུ།།

རྣའི་དབང་པོ་གསོ་བའི་བདུད་རྩི་ཆབ།།

ས་འཛམ་གླིང་ཀུན་གྱི་སྒྲ་རྒྱན་ཏེ།།

ངའི་མཚན་ལ་སྙན་ངག་ལྷ་མོ་ཟེར།།

ང་དར་བའི་ལོ་རྒྱུས་འཆད་རྒྱུ་ན།།

འདི་འགྲོ་བ་མི་རིགས་བྱུང་དུས་ནས།།

ད་བར་དུ་འཕེལ་རྒྱས་ནམ་མཁའི་གློག།

ཕན་ཡོན་ཏན་དཔག་མེད་ནོར་བུར་མཐུན།།

ང་རྣམ་པའི་ཐད་ཀྱི་དབྱེ་ཚུལ་ལ།།

སྲོལ་བཟང་པོའི་རྒྱུན་དང་རང་མོས་རྩོམ།།

དེ་གཉིས་ལ་རང་རང་ཁྱད་ཆོས་རེ།།

ཚིག་རིང་ཐུང་མཉམ་མིན་སྟེང་ནས་འབྱེད།།

ཡང་ནང་དོན་ཐད་ཀྱི་དབྱེ་ཚུལ་ལ།།

དོན་བརྗོད་པའི་རྩོམ་དང་དུངས་སེམས་རྩོམ།།

གཅིག་མི་སྣ་བྱ་དངོས་བྲི་བྱ་གཙོ།།

གཞན་གཅིག་པོ་བསམ་པའི་འགྱུར་བ་གཙོ།།

བོད་མི་རིགས་གླུ་དང་གར་གྱི་མཛོད།།

གླུ་བླངས་བླངས་ཐམས་ཅད་སྙན་ངག་ཡིན།།

ངག་སྙན་མོ་སྐྱིད་ཀྱི་སྣ་འདྲེན་འདི།།

བོད་གངས་ཅན་ཡུལ་དུ་གང་སར་ཁྱབ།།

མཐོ་དཔོན་པོར་བརྫོངས་པ་ཕུལ་བའི་དུས།།

ཚིག་འཇམ་པོ་སྨྲ་བཞིན་ལེགས་ཁྱེར་འབུམ།།

ཤིང་གྲུ་བཞི་སྒྲོག་ཙེ་སྟེང་བཞག་ན།།

རང་སྒེར་དོན་སྙན་པོ་ཁ་ཚིག་གཅིག།

ང་སྙན་ངག་དུང་རུས་རྒྱུད་པའི་རླབས།།

སྲོག་ཡོད་ཚད་ཅན་གྱི་རྒྱུན་ལ་འཐིམས།།

བོད་རིག་གནས་ཆུང་བའི་ཡ་གྱལ་ཚུད།།

ངའི་ཐ་གྲུ་ཀུན་གསལ་རྗེས་སུ་སྙེགས།།

ཁྱོད་བརྩམས་སྒྲུང་ལྷུག་རྩོམ་ཉམ་ཆུང་ཟུང༌།།

བོད་རྩོམ་རིག་ཞིང་སར་ས་རྒྱ་ཆུང༌།།

ནམ་ཉིན་མར་ཚར་ནས་འཇིག་རྒྱུ་རེད།།

ཚར་སོང་ན་ས་འདིའི་མངའ་བདག་ང༌།

ཁྱོད་བརྩམས་སྒྲུང་ཐེངས་གཅིག་བཀླགས་རྗེས་སུ།།

ཐེངས་གཉིས་ལ་ཀློག་འདོད་འདུ་ཤེས་མེད།།

དམན་ལྷུག་རྩོམ་ཁྱོད་ལ་དད་མཁན་ཉུང༌།།

ང་སྐྱོར་ཀློག་མང་ན་དེ་ལྟར་སྙན།།

ངའི་ཕན་ཡོན་ཞིབ་པར་ཤེས་འདོད་ན།།

ཀླུའི་ཕོ་བྲང་གན་མཛོད་ཕྱེས་ནས་ལྟོས།།

དགུང་ནམ་མཁའི་སྐར་ཚོགས་ཁྱུ་ལ་གཟིགས།།

གྲངས་དེ་འདྲའི་མི་ཟིན་གཞལ་ཐབས་བྲལ།།

ཡ་མ་མཚན་ང་ཡི་ཡོན་ཏན་ཡིན།།

ཞིབ་རྒྱས་པར་མི་བརྗོད་དུས་ཚོད་འགྱངས།།

ཁྱོད་གཉིས་ཀྱི་རྣ་བའི་བདུད་རྩི་ལ།།

ཉུང་མདོར་བསྡུས་ཙམ་གྱིས་གོ་བར་ཤོག།

སྙན་ངག་ལྷ་མོའི་འཛུམ་བཞད་སྨྲ་སྒོས་རང་སྣང་ཆེ་བ་བསྙད་ཚར་དུས།།

བརྩམས་སྒྲུང་མེ་ལོང་ཁྲོ་བའི་སྤྱན་ཟུང་དགུང་སྔོན་དབྱིངས་ཀྱི་ཉི་ཟླའི་སྤུན།།

ཕྱག་ཟུང་སྤར་མོས་སྤང་རྩྭ་འབྲེག་བཞིན་ཚེམས་ཕྲེངས་དཀར་བོ་ཧྲག་ཧྲག་འཆའ།།

ཉྭ་རྐང་དར་ལྕོག་རབ་ཏུ་འདར་ཏེ་འདུག་པར་མ་བཟོད་ལན་འདི་ལྡོན།།

རང་བསྟོད་མཁས་རློམ་འཛིན་པའི་སྙན་ངག་དང༌།།

རང་འཇམ་ལྷུག་རྩོམ་སྒྲ་འཛིན་བདུད་རྩི་རུ།།

རང་གཤིས་ངོ་མ་དུང་གི་སྒྲ་སྙན་འབུམ། །

རང་བཞིན་བརྗོད་ལ་རྣམ་རིག་སྒྲིམ་ནས་གསོན།།

འཚོ་བའི་སྣང་བརྙན་ཁྲི་ཕྲག་ཤོང་བ་ཡི།།

མི་སྣ་གསར་བཞེངས་མཁས་པའི་བུམ་བཟང་ང༌། །

གཏམ་རྒྱུད་སྣ་ཚོགས་གསལ་བའི་རི་མོ་སྟེ།།

བརྩམས་སྒྲུང་ཀུན་གསལ་རིན་ཆེན་མེ་ལོང་ཟེར།།

གདོད་མའི་ལྷ་སྒྲུང་གཏམ་རྒྱུད་འཕེལ་རྒྱས་ཀྱིས།།

རྒྱུན་བཟང་གདུགས་ཀྱི་གྲིབ་བསིལ་ལྗོན་ཤིང་འོག །

བདག་རང་འཕེལ་ཏེ་ད་ལྟའི་མཚན་འདི་ཐོགས།།

ངོ་བོའི་སྟེང་ནས་ཕལ་ཆེར་གཞི་མཐུན་གྲུབ།།

བདག་རང་དབྱེ་ཚུལ་པད་དཀར་ལྗོན་པ་ལ།།

རིང་འབྲིང་ཐུང་གྲས་གསུམ་པོས་གཙོ་བོར་འབྱེད།།

མི་སྣ་སྒྲུང་གི་བྱུང་རིམ་ཁོར་ཡུག་གསུམ།།

མཐུན་སྒྲིལ་ལྕགས་ཐག་དམ་པོ་ལྷོད་པ་དཀོན།།

སྤྱི་ཚོགས་འཕེལ་རྒྱས་སྐྱེན་པའི་འཁོར་ལོ་འགྲོས། །

བསྐྱོད་ཤུལ་རྗེས་ན་རྙོག་འཛིང་དོན་དག་རྣམས།།

མང་ཉུང་ཅི་ཡོད་ཞིབ་ཚགས་རྒྱས་ཀྱིས།།

འདྲེན་བྱེད་དགའ་སྟོན་སྟེར་ཕྲེང་བསྒྲིགས་མཁས་སུ།།

དོན་བཟང་རྒྱལ་མཚན་སྲིད་གསུམ་ཁམས་ལ་བསྒྲེངས། །

ངན་པའི་སྐྱོན་ཆར་ཟུར་ཟའི་མདུང་གིས་འཛེར།།    

འཚོ་བའི་ཉིང་བསྡུས་འོ་མའི་དྲི་བསུང་བཅུད།།

བདག་ལུས་པད་མར་དཔྱིད་དཔལ་བཞིན་དུ་འཁྱིལ། །

དེང་གི་བརྙན་འཕྲིན་བཀྲ་ཤིས་དཔལ་བེའུ་ནང། །

མུ་འབྲེལ་གཏམ་རྒྱུད་ཆར་རྒྱུན་བདུད་རྩི་འཇོ།།

འགྲོ་དྲུག་ཐལ་མོ་བརྡལ་སྒྲས་གནམ་ས་གཡོ།།

བདག་རང་འཕེལ་རྒྱས་གཤོག་རྩལ་རྒྱས་པའི་རྟགས།།

བརྩོན་འགྲུས་གསེར་ཉ་འཁྱུག་པའི་གངས་ཅན་པར། །

མདུན་བསྐྱོད་བགྲོད་ལམ་ལེགས་པར་མགོན་མཛད་དེ།།

ཉམས་མྱོང་གསེར་གྱི་བདུད་རྩི་ཐིགས་པ་བཅུད།།

དཔག་མེད་སྦྱིན་པ་མགོ་ནག་མི་ལ་གསལ།།

དུཿཁའི་དུག་རྩ་ཐོད་པའི་དཀྱིལ་ལ་བླངས།།

བདེ་བའི་བུམ་རམ་ཀུན་ལ་སྙོམས་པར་བགོས།།

གཞན་དོན་སླད་དུ་རང་སྲོག་རྟ་རྔ་འདི།།

ཤོར་ཡང་འགྱོད་པ་བདོག་ན་ཨ་མའི་ཤ།

བཀྲ་ཤིས་རྟགས་བརྒྱད་སྲིད་བུར་བརྒྱུས་བའི་གླུ།

ལྷད་མེད་བདེན་ཚིག་སྟོང་གི་ངར་སྒྲ་ཡིན།།

ཉན་དཔྱོད་ཤེས་ན་ལྷ་རྗེའི་སྨན་བཟང་ཆར།།

ནོར་འཁྲུལ་མཆིས་ན་རྣ་འགྲམ་དྲི་བཞོན་བྱོས།།

བརྩམས་སྒྲུང་མེ་ལོང་དཀྱིལ་དཀྲུང་བཞུགས་ཏེ་སྒམ་པོའི་ཚུལ་གྱིས་དེ་ལྟར་གསུངས།།

ལྷུག་རྩོམ་འདབ་མ་ཕྲག་དོག་མེ་ལྕེ་ཡིད་སེམས་སྟེང་ན་དྲག་ཏུ་འབར།།

ལྐུགས་པའི་བརྟུག་ཞུགས་བཟུང་ཚེ་རང་གི་ཡོན་ཏན་གཞན་ལ་ཇི་ལྟར་ངོམ།།

དེ་ལྟར་སྙམ་བཞིན་ངག་གླུ་དབྱངས་རྟར་དྲངས་ནས་གླུ་འདི་ཐལ།།

གངས་ཅན་རྩོམ་རིག་དཔྱིད་ཀྱི་ཞིང་ས་རུ།།

རི་ལྟར་བརྟན་ཞིང་འཇམ་པའི་རང་གཤིས་ཅན།།

ཅན་བཞི་མངོན་འགྱུར་གདོང་གིས་བསུ་བའི་ལྷ།།

ལྷ་མོ་ལྷུག་རྩོམ་འདབ་མ་ཞེས་སུ་གྲགས།།

ངོ་བོའི་ཆ་ནས་སྤྱིར་བཏང་དབྱེ་ཚུལ་ལ།།

དགའ་སྐྱོ་ཆགས་སྡང་རབ་གསལ་དུངས་སེམས་དང༌།།

མི་སྣ་བྱ་དངོས་བྲི་བྱ་གཙོར་འཛིན་པའི།།

དོན་བརྗོད་ལྷུག་རྩོམ་གཉིས་སུ་འབྱེད་པ་ཡིན།།

བརྩམས་སྒྲུང་ལྟར་དུ་རྫུན་གྱི་འཁོར་ལོ་འབུམ།།

གཡས་བསྐོར་གཡོན་བསྐོར་བྱེད་པར་བདག་མི་དགྱེས།།

དྲང་བདེན་སྟོང་གིས་ཕྱུག་པའི་ཉན་ཕྲན་དང༌།།

གཞན་ཕན་སྒྲོན་མེ་ཚོགས་རྣམས་བདག་གི་གྲོགས།།

ཡུལ་དུས་ཚད་བཀག་མེད་པར་རང་བྱུང་གི།

མཐོང་ཐོས་མྱོང་གསུམ་རྐང་བས་མ་བཅད་པར།།

ཚིག་གི་ཕྲེང་བས་དྲང་བོར་མཚོན་རྒྱུ་ནི།།

བགྲང་བྱ་སྟོང་ཕྲག་བསྙེགས་པའི་བདག་གི་ལམ།།

མི་བཟང་སྙན་ངག་ཁ་ཡག་ཚིག་འཇམ་མཁས།།

མི་དྲག་དཔོན་པོའི་འཕོངས་ཚོས་ལྡག་ལ་ཁད།།

མི་སྙན་ཚིག་གིས་ཕམ་ནས་སྨྱོ་ལ་ཁད།།

མི་ལུས་ཁྱི་རྐུན་ལུས་ལ་དོན་སྙིང་ཅི།།

་ཕོད་སྟོང་བསམ་ཆེ་བའི་ཀླད་མེད་ཁྱུ།།

་ནས་ལ་རྒྱ་སྒྲོག་ཅིང་ལག་ལེན་འཇའ།།

་དན་ཚིག་ལ་མི་གནས་ཟོལ་གྱིས་བཏུམས།།

་བ་ཅན་ཅན་གྱི་གང་ཟག་དེ་འདྲ་མིན།།

རང་ཉིད་འཕེལ་རྒྱས་ཅུང་ཙམ་ཕྱིན་པའི་ཚེ། །

རང་གི་ནོར་འཁྲུལ་མི་ཤེས་སྙན་ངག་ལྟར། །

རང་མཐོ་རང་ཆེའི་དཔོན་པོའི་ཁྲི་ལ་དད། །

རང་ཕན་ཧམ་སེམས་རང་གིས་དོར་ན་འོས། །

བདག་གཤིས་འཇམ་པས་དེང་གི་སྐྱེ་བོ་འགས། །

བདག་གི་རྩོམ་སྟངས་བེད་སྤྱོད་ཉུང་བ་བདེན། །

བདག་ཅག་དཔྱོད་ལྡན་རིག་པའི་དད་དཔོན་ཚོ། །

བདག་ལ་དུངས་ཤིང་མཉེས་པའི་རྣམ་པ་སྤྲོ། །

གཞན་གྱི་དངོས་རྫས་འཛེམ་མེད་སྤྱོད་ལ་མགུ།

གཞན་དོན་མི་སེམས་རང་དོན་ཁབ་རྩེར་གཞོལ།།

གཞན་མགོ་བསྐོར་ནས་སྲོག་ཀྱང་དོན་མེད་ལེན།།

གཞན་ལ་མནར་གཅོད་བཏང་ན་དགེ་བ་ཅི།།

་རིག་རྨོངས་འཇོམས་དུག་སེལ་སྨན་བཟང་མིན།།

་རབས་གཏུམ་སྤྱོད་བསམ་ངན་འདོར་སླད་དུ།།

་བཅོས་ལྷག་བསམ་པད་དཀར་སྙིང་གཏམ་ཚོགས།།

་འོངས་འགྲོ་བར་ཨེ་ཕན་སྙམ་ནས་བསྙད།།

དཔྱིད་དཔལ་འཁྱིལ་འདྲའི་རྩྭ་ཐང་སྒེག་མོ་གློ་བུར་ཉིད་དུ་ཁ་རྩོད་ཀླན་ཀས་བརྫད།།

ཁ་ཏ་ནག་ཆུང་ནམ་མཁའི་དབྱིངས་ནས་ཨག་སྐོར་རྒྱག་བཞིན་སེམས་ཁར་རྣམ་རྟོག་སློང༌།།

རྩོམ་སྟངས་གསུམ་པོས་གླུ་ལེན་སྤངས་ཏེ་ཐད་ཀར་རྩོད་སྒྲས་གནམ་སའི་མགོ་སྟེང་བསློགས།།

རྟ་བདུན་དབང་བོ་ཞེན་པ་ལོག་ནས་སྤྲིན་ཕུང་འོག་ཏུ་ཡིབ་བམ་འཕྱང་མོ་ཉུག།

དུས་གསར་བསིལ་རླུང་རྒྱང་རིང་ཡུལ་ནས་གོམ་སྟབས་ཡང་མོས་གནས་འདིར་སྤོས་དང་ལྷན།།

ནམ་མཁའི་དབྱིངས་ན་འཕུར་ཞིང་རྩེན་པའི་ཕུག་རོན་སྔོན་མོ་འདུག་པར་མ་བཟོད་པར།།

གཤོག་ཟུང་མཉེན་མོ་རིམ་གྱིས་བསྐུམ་སྟེ་ཀླན་ཀའི་རྩོད་སར་དབབ་བཞིན་དུ།།

ཤ་ཚའི་སྙིང་གཏམ་སྲད་བུ་བརྒྱུས་ནས་རོལ་དབྱངས་འདྲ་བའི་གླུ་འདི་བླངས།།

སྔོན་བསྐྱོད་གཤོག་ཟུང་གློག་ཞགས་འཁྱུག་པ་ཡི།།

བློ་གྲོས་རྣོན་པོ་རྣོ་ལྕགས་འབིགས་ལ་རྒོད།།

དཀར་ནག་མདུད་པ་གྲོལ་བར་གཟུ་བའི་བདག།

ཞི་བདེ་སྙོམས་པའི་ཕུག་རོན་སྔོན་མོ་ཡིན།།

དུས་རབས་གསར་བའི་ཚན་རྩལ་ཉི་གཞོན་གྱིས།།

འདུ་ཤེས་རྙིང་བའི་གཉིད་ལས་ཡར་ལངས་ཏེ།།

མཐུན་སྒྲིལ་ཞགས་པའི་སྟོབས་ཤུགས་མ་ལུས་ཀུན།།

གཅིག་ཏུ་བསྡུས་ཏེ་མ་འོངས་གསར་བསྐྲུན་སླད།།

སྲོག་ལ་བབས་ཀྱང་འབད་པའི་འཁོར་ལོ་བསྐོར།།

འཛམ་གླིང་འགྲན་རྩོད་ཤེས་རིག་དཔལ་འབྱོར་ཡིན།།

རྩིས་འཁོར་བརྡ་ཆའི་འཕར་ཚད་ཉིན་བཞིན་སྐྱེན།།

གསེར་ལྟར་དཀོན་པའི་དུས་ཚོད་རིན་པོ་ཆེ།།

དམ་འཛིན་བྱས་ཏེ་དུས་གསར་ཁྱིམ་དུ་བསུ།།

གཞན་གྱི་ཡོན་ཏན་མི་སྦྱོང་ཕྲག་དོག་གི།།

མེ་ལྕེ་དམར་བོ་འབར་ནས་ཚར་རྒྱུ་མེད།།

རང་གིས་རང་ལ་ཡིད་ཆེས་མ་བྱས་ན།།

རང་ཉིད་འཕེལ་རྒྱས་མི་འགྲོ་མར་ངོའི་ཟླ།

ནོར་འཁྲུལ་འབྱུང་མིན་ནེམ་ནུར་མ་སྐྱེས་བར།།

སྙིང་སྟོབས་ཆེན་པོས་ལག་ལེན་དངོས་ཀྱི་ནང༌།།

རིམ་གྱིས་ཞུགས་ཏེ་རང་ནུས་འདོན་བཞིན་དུ།།

རང་ལ་སྦྱོང་བརྡར་གོ་སྐབས་སྟེར་གྱིན་སྡོད།།

གཞན་བརྟེན་འཁྲི་ཤིང་མ་བྱེད་རྩེ་གཅིས་གིས།།

དམིགས་འབེན་གཅིག་ལ་གཞོལ་ནས་རྒྱུན་བསྲིངས་ན།།

འཕྲིན་ཅི་མཆིས་སླ་མོས་འགྲུབ་མི་འགྲུབ།།

ཐེ་ཚོམ་མ་སྐྱེས་རྒྱལ་ཁའི་འོད་གཟིགས།།

གངས་ཅན་བོད་མི་གནའ་ནས་ད་བར་དུ།།

ཕན་ཚུན་ཁས་ལེན་མི་བྱེད་ཨུ་ཚུགས་ཀྱིས།།

དགག་པ་རྒྱག་ལ་སྤྲོ་ནས་བསྡད་གྱུར་ན།།

ཐུན་མོང་བསམ་བློ་ཅི་ལྟར་གཅིག་གྱུར་བྱེད།།

་འདུག་་སྐྲག་་འོངས་འཕེལ་རྒྱས་སླད།།

་རབས་་སློབ་་བུའི་བརྩེ་སེམས་ལྟར།།

མཐུན་སྒྲིལ་ལྕགས་ཐག་རྩོམ་གྱི་སྙིང་བོ་བཅུད།།

ཀུན་ལ་བགོས་ཏེ་སྐྱེན་པར་མདུན་དུ་མཆོངས།།

མང་བོ་རྙོག་འཛིང་མི་་འཆད་ངལ་བའི་རྒྱུ།།

བདེན་པར་རློམ་ན་ཡིད་ཀྱི་སྙིང་ནོར་བྱོས།།

ནོར་འཁྲུལ་བདོག་ན་སྙིགས་དོར་ཅི་ལེན་བྱོས།།

དུས་ཚོད་མི་མང་བདག་རང་འཕུར་རྒྱུ་ཡིན།།

ཕུག་རོན་གཏམ་ལ་རྩོམ་སྟངས་གསུམ་པོས་བློ་རིག་རྒད་པོས་ཞིབ་ཏུ་བརྟག་དཔྱད་བྱས།།

བདེན་པའི་གནས་ལུགས་དངོས་ཀྱིས་ཕྱུག་ཅིང་དྲང་བའི་མདའ་མོ་བོད་སླད་འཕངས་བ་རྟོགས།།

མཐིལ་དེ་རྟོགས་ནས་གནོང་བའི་བཞིན་རས་ལན་་རེར་དམར་ཞིང་མཚམས་རེར་མགོ་བོ་སྨད།།

འགྱོད་པའི་སེམས་ཆུ་དབང་མེད་བཞུར་ཏེ་ཕན་ཚུན་བར་ལ་སྙིང་ནས་འགྱོད་བཤགས་བྱས།།

ད་ནས་བཟུང་སྟེ་ཀླན་ཀའི་འཁྲུག་རྩོད་གཏན་ནས་མི་བྱེད་དགུང་གི་ཉི་མ་ཀན།།

རང་མོས་མཐུན་སྒྲིལ་དམ་པོར་སྦྲེལ་ཏེ་བོད་མི་ཐམས་ཅད་འོད་སྣང་ལམ་བུ་རུ།།

འཁྲིད་པའི་མགོན་སྐྱབས་དང་དུ་བླངས་ཤིང་ཚན་རྩལ་བསུ་སྟེ་དུས་རབས་གསར་པར་ཆས།།

 

 

དཔྱད་བརྗོད། (0)Add Comment

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2009-01-06 )
 
རྩོམ་ཡིག་རྗེས་མ། >