Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
མཚོ་ཐོག་གི་མཚར་སྣང༌།
འགྲུལ་པའི་གདེངས་འཇོག་སྐར།: / 2
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2009-01-06

མཚོ་ཐོག་གི་མཚར་སྣང༌།

ཁམས་རའི་འཕགས་དུངས།

བཀྲ་ལོས་སྡོང་བོ་རླངས་འཁོར་གསུམ་བཙོང་རྗེས།  དགོན་པའི་འདུ་ཁང་ལས་ཀྱང་ལྟ་བས་ཆོག་མི་ཤེས་པའི་རང་ཁྱིམ་དུ་ཐོན།  སེམས་ལ་གནོན་མི་ཐུབ་པའི་དགའ་སྤྲོའི་ཡོ་ལང་རྒྱས་ཤིང༌།  གདོང་ལ་སྔར་མ་བྱུང་བའི་འཛུམ་མདངས་ཀྱིས་ཁེངས་ནས་སང་ཉིན་ཇི་ལྟར་བྱས་ཏེ་སྡོང་བོ་གཅོད་པར་འགྲོ་དགོས་བའི་འཆར་གཞི་བཟོ་བའི་སྐབས་སུ།  ཁ་པར་གློ་བུར་དུ་གྲགས་བྱུང༌།“ཁྱེད་ཀྱིས་ཡབ་ཡུམ་བསྣུམས་པའི་གྲུ་གཟེངས་དེ་རྟོག་དཔྱོད་རུ་ཁག་གིས་མཚོ་ཐོག་ཏུ་བླངས་ཡོད།  གྲུ་ནང་དུ་ཆུ་བླུགས་མེད་ལ་ཆག་འཇིག་ཀྱང་བྱུང་མེད།ཕར་བལྟས་ཚོད་ལ་བྱ་བ་ཅི་ཡང་མ་བྱུང་དང་འདྲ་བས་རབ་ཡིན་ན་ཁྱོད་རང་དངོས་སུ་འཆམ་འཆམ་མཚོ་ཁར་ཐོན་ན་བཟང༌།” ཉེན་རྟོག་པས་ཁོ་ལ་དེ་འདྲའི་ཁ་པར་ཞིག་བཏང༌།

Image

ལོ་ངོ་ཉི་ཤུའི་ཡར་སྔོན་ལ།ས་ཆ་འདིའི་རི་བོ་ཐམས་ཅད་ནགས་ཀྱིས་མཛེས་ཤིང་ཆུ་བོ་དྭངས་ཤིང་གཙང༌། གཙོད་དང༌།  གླ་བ་སོགས་རི་དྭགས་སྣ་ཚོགས་བག་མེད་ཀྱིས་རྒྱུ་ལ་མི་རྣམས་ཀྱང་ཁྱོད་དགའ་ང་སྐྱིད་ཀྱི་འཚོ་བ་རོལ་ནས་འདུག  དེའི་རྗེས་སུ་བཀྲ་ལོའི་ཡབ་ཡུམ་གཙོ་བྱས་པའི་མི་མང་བོ་ཞིག་གིས་སྡོང་བོ་འབོར་ཆེན་བཅད་དེ་གཞན་ལ་བཙོངས།སྔོན་དང་བསྡུར་ན་འཚོ་བའི་ཚུ་ཚད་བལྟས་བལྟས་རིག་རིག་ལ་ཇེ་བཟང་ཇེ་ལེགས་སུ་སོང་བས། དུས་དེ་ནས་བཟུང༌།  སྡོང་བོ་ནི་དཔལ་འབྱོར་ཐོན་ཁུངས་གལ་ཆེན་ཞིག་ཏུ་གྱུར།  ཉིན་ཞིག་ལ་བཀྲ་ལོ་ཡབ་ཡུམ་གཉིས་ཀྱིས་གྲུ་ཆེན་པོ་ཞིག་གི་ནང་དུ་སྡོང་བོ་མང་བོ་བརྩིགས་ནས་ས་ཆ་ཐག་རིང་ཞིག་ཏུ་འཚོང་བར་འགྲོ་བའི་སྐབས་སུ།གློ་བུར་དུ་རླུང་ནག་འཚུབ་མ་ཞིག་འཁོར་ཏེ་གྲུ་གཟིངས་དེ་དེ་མ་ཐག་ཏུ་མཚོ་མཐིལ་དུ་བསྣུམས་པའི་འདས་དོན་དེར་བཀྲ་ལོས་ཕྱིར་དྲན་བྱེད་བཞིན་གློག་འཁྱུག་པ་ལྟར་སྒོ་ཁར་བུད།ས་རུབ་ཐག་ཆོད་ནས་མུན་པ་ཧ་ཅང་ནག  ཕྱིར་ཁྱིམ་དུ་སོང་ནས་སྦག་སྦག་འབྲོང་མགོ་འདྲ་བ་དེར་ཞོན་ནས་སྤྱི་ལེ་དྲུག་ལྷག་གི་མཚོ་ཁར་དབུགས་ཐེངས་ཤིག་ལ་ཆས།

མཚོ་ཁའི་ཉེན་རྟོག་པ་དང་ལྟད་མོ་བ་ཚོས་གྲོག་ཚང་ཁ་ཕྱེས་འདྲའི་འདུ་འཛིའི་ཁྲོད་ནས་མཚོ་ཐོག་ལ་བལྟས་འདུགམཚོ་དཀྱིལ་ན་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཕུབ་འདྲའི་འོད་གསལ་བོ་ཞིག་ནམ་མཁར་ཟུག་ཅིང༌། འོད་དེ་ཏག་ཏག་གྲུ་ཐོག་ནས་མཚོ་ཁར་འཕྲོས་པས་ཉིན་དཀར་དང་ཨ་ན་མ་ན་རེད།བཀྲ་ལོ་སྨྱོན་པ་ཞིག་དང་འདྲ་བར་ཉེན་རྟོག་འགའ་ལ་ཕ་མའི་གནས་ཚུལ་དྲིས་ཀྱང་ཚང་མས་མགོ་ད་རིལ་ལྟར་གཡུགས་ནས་མི་ཤེས་པའི་བརྡ་བསྟན།  མཐར་ཉེན་རྟོག་པ་ཞིག་གིས་ཁོ་རང་གྲུ་ཆུང་དུ་བཞག་ནས་གྲུ་ཆེན་ཐོག་ལ་བསྐྱལ།

དམག་མི་མང་བོས་མེ་མདའ་འཁུར་ཏེ་གྲུའི་མཐའ་ཁ་སྲུང་ནས་འདུགཁོ་གཅིག་པུ་མ་གཏོགས་གྲུ་ནང་དུ་འཛུལ་བར་མི་འཇུག  ནང་དུ་འཛུལ་མ་ཐག་གྲུ་སྒོ་རང་ཤུགས་ཀྱིས་ཐེབས། ནང་ན་མི་གཅིག་ཀྱང་མེད་ལ་ཁོར་ཡུག་ཧ་ཅང་ལྷིང་འཇགས་ཡིན་པས་ཁབ་ཐང་དུ་ལྷུང་བའི་སྒྲ་ཡང་གོ་ཐུབ་པ་ལྟར་སྣང༌།  ཁོའི་མདུན་གྱི་སྒྲོག་ཙེ་ཞིག་གི་ཐོག་ཏུ《སྐྱེ་ཁམས་ཁོར་ཡུག》ཅེས་པའི་དཔེ་ཆ་ཞིག་བཞག་ཡོད་པ་དེ་ལོབ་ཕྱོགས་ཀྱིས་ཕར་སློག་ཚུར་སློག་ཅིག་བྱས་པ་ན་སྐད་ཅིག་ཉིད་དུ་མུན་ནག་གེར་གྱུར།ཁོ་ཤིན་ཏུ་སྐྲག་སྟེ་གློག་འགར་རྩིས་བྱས་ཀྱང་ད་ཅི་ཡོང་ཁར་གློག་སྒོར་ཡིད་གཟབ་མ་བྱས་པར་འགྱོད་པ་སྐྱེས།  སྤོས་དྲི་དང་ཤུག་པའི་དྲི། ཙན་དན་གྱི་དྲི་སོགས་ཁོའི་སྣ་ལམ་དུ་འཐུལ་པ་དང་ཆབས་ཅིག་རིམ་བཞིན་གློག་འོད་སྔོ་སེར་ཞིག་བཀར།ནང་ཚང་མ་ཁ་དོག་མི་འདྲ་བའི་མེ་ཏོག་སྣ་ཚོགས་ཀྱིས་བཀང་བས།  ཁོའི་རྐང་བའང་འཇོག་ས་མི་རྙེད་ལ་སྒོ་དང་སྒེའུ་ཁུང་གང་དུ་ཡོད་མེད་ཀྱང་མི་ཤེས།མཐའ་འཁོར་ན་ལྕགས་ཀྱི་མི་འཇིགས་པོ་ཏག་ཏག་ལངས་འདུག  མཚམས་རེར་ལྕགས་ཀྱི་མི་དེ་དག་དྲང་ཤིང་སྤོམ་པོའི་གསོམ་སྡོང་མང་བོར་གྱུར་ནས་ལྟ་ན་སྡུག་པའི་ནགས་ཚལ་སྟུག་པོ་ཞིག་ཏུ་གྱུར་བའི་འཕྲུལ་སྣང་ཡང་སྟེར།བཀྲ་ལོའི་སེམས་སུ་ང་རང་རྩྭ་ཆུ་རྒྱས་ཤིང་ནགས་ཚལ་སྟུག་པོ་ཁོར་ཡུག་ལྷ་ཡུལ་དང་གཉིས་སུ་མ་མཆིས་པའི་ས་ཆ་འདི་ལྟ་བུ་ཞིག་ཏུ་མི་ཚེ་གང་བོར་འཚོ་བ་རོལ་ཐུབ་ན་ཅི་མ་རུང་སྙམ།  གློ་བུར་དུ“གཅེས་ཕྲུག་ལགས། བདེ་མོ་ཡིན་ནམ།”ཞེས་པའི་སྐད་ཆ་ཁོའི་རྣ་ལམ་དུ་གྲགས་མ་ཐག་ཁོ་པ་སྐྲག་ཐག་ཆོད་དེ་བླ་འཁྱམས་ལ་ཁད་ཅིག་བྱས།ཁོས་རང་གི་ཨ་ཕའི་སྐད་ངོ་ཆོད་འཕྲལ་སེམས་ལྷོད་ལ་བབས་ཏེ“ཨ་ཕ་ལགས།  ཁྱེད་གང་དུ་ཡོད།”ཅེས་བྲེལ་འཚུབ་ངང་དྲིས། གཡས་ཕྱོགས་སུ་འབྲུག་སྟོང་མཉམ་སྒྲོག་གི་སྐད་དང་ལྷན་དུ་ལྕགས་སྒོ་འོད་གསེར་འཕྲོ་བ་ཞིག་ཐོག་མར་པ་ཊའི་དབྱིབས་ལྟར་ཕྱེ་ཞིང༌།དེ་ནས་པདྨ་དང་དཔལ་བེའུ། དུང་དཀར། གསེར་ཉ། བུམ་པ། གདུགས། རྒྱལ་མཚན། མཇུག་མཐར་འཁོར་ལོ་དབྱིབས་སུ་གྱུར་ཏེ་ཕྱེ་བྱུང༌།སྒོ་ནང་ནས་ཕ་མ་གཉིས་གསེར་གྱི་གླང་ཆེན་ལ་ཞིན་ཏེ་བཀྲ་ལོའི་མདུན་དུ་སླེབས།  ཡབ་ཡུམ་ཟུང་ནི་དགུང་ལོ་ཉི་ཤུ་ཡས་མས་སུ་གནས་པ་བཞིན་ཅུང་ཙམ་ཡང་རྒས་མི་འདུག  བཀྲ་ལོའི་ཐོད་གཙུག་ན་སྐྲ་ཉག་ཙམ་ཡང་མ་སྐྱེས་པར་ཟངས་དམར་ཐོམ་བུ་ལྟ་བུ་བྱས་ཡོད་པར་བལྟས་ན་ཁོ་རྒས་ཡོད་པ་དང་འདྲ།  ཨ་མ་ནི་ལོ་བཅུ་དྲུག་བཅུ་བདུན་སྟེང་གི་གཞོན་ནུ་མ་ཞིག་དང་འདྲ་བར་གཞོན་ཤ་དོད།

“ཨ་ཕ་ལགས། ལོ་ངོ་ཉི་ཤུ་འགོར་སོང༌།  ཁྱེད་ལ་གཉིས་ད་བར་དུ。。。。。。”

ཨ་ཕས་བཀྲ་ལོའི་བཤད་མཚམས་བཅད་དེ“བཀྲ་ལོ། ཁྱོད་ད་དུང་ལོ་ན་ཆུང་ཆུང་རེད། སེམས་མ་སྐྱོ་ཡིད་མ་ཕམ།དྲང་མོར་བཤད་ན།  ཨ་མ་ངེད་གཉིས་མ་གཞི་ནས་འཇིག་རྟེན་གཞན་པའི་མི་ཡིན།སའི་གོ་ལའི་ཐོག་ཏུ་ཡོང་ཁར་ཨ་མའི་མངལ་ན་ཁྱོད་སྦྲུམ་ཡོད། ཁྱོད་ཀྱི་ལྟེ་ཁྲག་སའི་གོ་ལ་སྟེང་དུ་འཕོས་པས་ཁྱོད་ནི་མི་རྣལ་མ་ཞིག་ཏུ་གྱུར།”

ཨ་ཕའི་གཏམ་དེ་གོ་མ་ཐག་བཀྲ་ལོས“འོ་ན་ཁྱོད་གཉིས་ང་དང་ཁ་གྱེས་དགོས་དོན་ཅི།  ང་ཚོས་མཉམ་གཅིག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་མི་ཐུབ་པའི་རྒྱུན་མཚན་ཅི་ཡིན།”

“དེ་ནི་ཨ་ཕས་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོས་པས་ལན་པ་ཡིན།གནས་འདིར་རུ་ཁྱོད་ཀྱིས་ཕྱི་ཚུལ་ནས་བལྟས་ན་ངེད་གཉིས་སྐྱིད་སྣང་འཆར་ཡོད་མོད།  འོན་ཀྱང་དོན་དངོས་ཐོག་ནས་ངེད་གཉིས་ཀྱི་རང་ལུས་ལའང་རང་དབང་མེད་པར་བཙོན་དུ་བཅུག་དང་མཚུངས།  ཁྱོད་ཀྱིས་ནམ་ཡང་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གཅེས་སྤྲས་དང་དམག་འཁྲུག་མེད་པའི་ཞི་བདེའི་འཚོ་བར་བརྩོན་ནས།  གཞན་ལ་རོགས་རམ་དང་སྙིང་རྗེ་ཁོ་ནར་སྒོམ་ནས་བསྡད་ན་ང་ཚོ་གཞི་བྱེས་ལྷན་འཛོམས་ཡོང་ཁོ་ཐག་ཡིན།དོན་དེ་ངེས་པར་དུ་ཡིད་ལ་ཟུངས། ད་ངེད་གཉིས་ལ་དུས་ཚོད་མང་བོར་འདུག་ཁོམ་མེད་པས་ཁྱོད་ཚོའང་མྱུར་བ་མྱུར་བར་སོང༌།གྲུ་གཟེངས་ཐོག་ཏུ་མི་གཅིག་ཀྱང་མ་འདུག”ཅེས་གསུང་རྗེས་ཡབ་ཡུམ་གཉིས་ཀྱིས་འཛུམ་ཞིག་བསྟན་རྗེས་དུ་བ་སྔོ་སེར་ཞིག་དང་འདྲེས་ཏེ་མི་སྣང་བར་གྱུར།

བཀྲ་ལོ་དེ་མུར་འཚུབ་ཆ་ཞིག་ལངས་ནས་ཉེན་རྟོག་པ་དང་དམག་མི་རྣམས་ལ་བརྡ་བཏང་སྟེ་ཚང་མ་གྲུ་ཆེན་ཐོག་ནས་གྱེས་ཏེ་མཚོ་ཁར་ཐོན་མ་ཐག  རླུང་ནག་འཚུབ་མ་ཞིག་མཚོ་ངོས་སུ་འཁོར་ལོ་འཁོར་འཁོར་བྱས་ཏེ་གྲུ་ཆེན་འགྲམ་དུ་སླེབས་མ་སླེབས་གོང་ལ་ནམ་མཁར་ཟུག་པའི་འོད་དེ་མི་སྣང་བར་གྱུར་ཞིང་ཕ་བོང་ཆེན་པོ་ཞིག་མཚོ་ནང་དུ་ལྷུང་བ་བཞིན་མཚོ་གྲུ་རིམ་གྱིས་མི་སྣང་བར་གྱུར།  མཚོ་ཁའི་ལྟ་མོ་བ་རྣམས་ཡ་མཚན་སྐྱེས་ཏེ་བཀྲ་ལོའི་ལག་གི་《སྐྱེ་ཁམས་ཁོར་ཡུག》ཅེས་པའི་དཔེ་ཆ་དེར་ལྟ་བཞིན་མཆིས།  སྐབས་དེར་ཞོགས་པའི་སྐྱ་རེངས་ཀྱང་དལ་གྱིས་ཤར་བྱུང༌།བཀྲ་ལོ་གཉིད་ལས་སད་དུས་དཔེ་ཆ་དེ་ཏག་ཏག་ཁོའི་སྔས་འགྲམ་ན་བཞག་ཡོད་པས་ཉལ་ཁར་དཔེ་ཆ་དེར་བལྟས་པ་ད་གཟོད་ཡིད་ལ་དྲན།  ཁོའི་དོན་དངོས་ལྟ་བུའི་རྨི་ལམ་དེར་ཕྱིར་དྲན་བྱེད་བཞིན་སེམས་ལ་དྲན་ཚུལ་སྣ་ཚོགས་སྐྱེས།

 

དཔྱད་བརྗོད། (0)Add Comment

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2009-01-06 )
 
< རྩོམ་ཡིག་གོང་མ།   རྩོམ་ཡིག་རྗེས་མ། >