Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
དོན་དམ་པའི་འཆམ་མཐུན་སྤྱི་ཚོགས་དཀྲུག་མཁན་པ་སུ་རེད།
འགྲུལ་པའི་གདེངས་འཇོག་སྐར།: / 7
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2008-11-14

དོན་དམ་པའི་འཆམ་མཐུན་སྤྱི་ཚོགས་དཀྲུག་དཀྲུག་བཟོ་མཁན་པ་སུ་རེད།

 

མཚོ་སྔོན་བརྡ་དོན་ཅུའུ་ཡིས་རྡོ་འབུམ་བོད་ཡིག་དྲྭ་ཚིགས་ལ་བགྱིས་པའི་མཁྲེགས་གཏམ་ལས་འཕྲོས་དོན།  

ད་ནངས་ཞོགས་པར་ཕྲན་གྱིས་གཞུང་སྒྲུབ་ཁང་དུ་ལས་ཀ་ཙག་ཙིག་དག་ལ་རེམ་བཞིན་པའི་སྐབས་སུ་འགྲམ་གྱི་ཁ་པར་ཟིལ་ཟིལ་དུ་གྲགས་བྱུང་། ཉན་དུང་ཡར་བླངས་ནས་ཉན་པ་ན་བུད་མེད་ཅིག་གིས་རྒྱ་སྐད་ཀྱི་ལམ་ནས་ཁྱེད་རང་ག་གེ་མོ་ཡིན་ནམ་ཟེར། ཡིན་ཞེས་བརྗོད་པ་ལ་མོས་ད་མ་དིག་གིས་རྡོ་འབུམ་ཞེས་པའི་མིང་དེ་དབྱིན་ཇིའི་སྐད་དུ་ཚེག་བརྡར་དུ་བཏོན་ནས་རྡོ་འབུམ་ཞེས་པའི་དྲ་ཚིགས་དེ་ཁྱེད་ཀྱིས་རེད་དམ། མོ་ན་རེ་ཁྱེད་ཀྱིས་བསྒྲུབས་པའི་དྲྭ་ཚིགས་དེ་ཅི་རེད། བོད་ཡིག་རྐྱང་རྐྱང་ལས་མི་མཐོང་དོན་ཅི་ཡིན། ངས་ཕྱིར་ཁྱེད་རང་སུ་ཡིན་ནམ། ཁྱེད་རང་ལས་ཁུངས་ག་ནས་ཡིན་ཞེས་དྲིས་པ་ལ། མོ་ནི་མཚོ་སྔོན་ཞིང་ཆེན་བརྡ་དོན་དོ་དམ་ཅུའུ་ཡི་ཡིན་ཟེར། ཁྱོད་ཀྱིས་བསྒྲུབས་པའི་དྲྭ་ཚིགས་དེ་བོད་ཡིག་རྐྱང་རྐྱང་ཡིན་ཕྱིན་ང་ཚོས་ཅི་ལྟར་ཞིབ་བཤེར་བྱེད་དགོས་སམ། དྲྭ་ཚིགས་ཤིག་གི་ནང་དོན་བོད་ཡིག་རྐྱང་རྐྱང་གིས་བྲིས་མི་ཆོག་པས་ཁྱེད་ཀྱི་དྲྭ་ཚིགས་ཀྱི་ནང་དོན་ཡོད་ཚད་རྒྱ་ཡིག་ཏུ་བསྒྱུར་ནས་མྱུར་དུ་རྒྱ་བོད་ཤན་སྦྱར་གྱི་པར་གཞི་ཅིག་བཟོས་ནས་ང་ཚོའི་ཆོག་མཆན་ལ་བསྒུགས་དགོས་ཞེས་བརྗོད་ནས་ངར་ངར་གྱིས་ཁ་པར་ཁྲོག་གིས་བཅད་སོང་།  

 

   

 

  

 

ཞོགས་པའི་གློ་བུར་གྱི་ཁ་པར་འདིས་ང་རང་ཡུད་ཙམ་ཞིག་ལ་ཧད་དུ་བཅུག་མོད། འོན་ཀྱང་སེམས་ལྷོད་དུ་བབས་ནས་བསམས་པ་ལ་ཁོ་ཚོར་གནས་ལུགས་ཀྱི་སྟོངས་པར་མཐོང་། མ་གཞི་ཡིན་ན་ངས་དྲ་ཚིགས་འདི་བསྒྲུབས་ནས་ཕལ་ཆེར་ཟླ5ཡང་འགོར་ལ་ཉེ། དུས་ཚོད་འདི་དག་གི་རིང་ལ་ངས་དྲྭ་ཚིགས་འདི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་དྲ་ཚིགས་འཇོག་སའི་ཀུང་ཟིའི་རེ་བ་དང་གོང་རིམ་གྱི་རེ་བ་ལྟར་དུ་དྲ་ཚིགས་འདི་ལ་ཞིང་ཆེན་རིམ་པའི་བརྡ་དོན་ཅུའུ་ཡི་ཆོག་མཆན་ཡི་གེ་འཐོབ་པར་རེ་འདུན་ཞུ་མྱོང་། འོན་ཀྱང་ཡིད་ཕངས་པ་ཞིག་ནི་བརྡ་དོན་ཅུའུ་ལ་རེ་འདུན་ཐེངས་མང་པོར་བཏོན་མྱོང་མོད་ཕྱིར་ལན་དུ་མོས་མཐུན་མེད་པའམ་ལེགས་འགྲུབ་མ་བྱུང་བའི་ལན་སློག་ཡོང་།  སྤྱིར་བཤད་ན་དྲ་ཚིགས་ཀྱི་ངོ་བོ་འབྲེལ་ཡོད་ཁྲིམས་དང་མཐུན་པ་ཡིན་ཚེ་ཆོག་མཆན་ཡི་གེ་ནི་འཐོབ་སླ་བ་ཞིག་ཡིན། རང་གིས་མཚམས་ལ་རེར་གཞན་ལ་དྲྭ་ཚིགས་བཟོ་མྱོང་པས་དོན་འདི་རིགས་བསྒྲུབས་ན་ཉུང་ན་ཉིན་གཉིས་དང་མང་ན་ཟླ་ཕྱེད་ལས་འགོར་མི་སྲིད་པ་ཤེས་ཡོད། འོན་ཀྱང་ཏན་ཏན་རང་གིས་གཉེར་བའི་དྲྭ་ཚིགས་འདི་ལ་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་བྱུང་བ་ལ་ཐེ་ཚོམ་ཟོས་བྱུང་། དེ་བས་ཡང་དང་བསྐྱར་དུ་དྲྭ་ཚིགས་ཀྱི་བར་སྟོང་འཇོག་སའི་ཀུང་ཟིའི་མི་སྣ་དང་འབྲེལ་བ་བྱས་ནས་རེ་ཞུ་རེའུ་མིག་གི་ནང་དོན་ལ་ཡང་ཞིབ་བསྐྱར་བཤེར་བྱས་ནས་ཡོད་ཚད་འཐུས་ཚང་དང་དྲང་པོ་དྲང་བཞག་གི་སྒོ་ནས་ལེགས་པར་ཁ་བསྐོངས་ནས་ཡར་སྤྲད་མོད་འོན་ཀྱང་ཡིག་སྒམ་དུ་སྔ་ཕྱི་ཐེངས་4 ཙམ་ལ་དྲ་ཚིགས་ལ་བརྡ་དོན་དོ་དམ་ཅུའུ་ཡི་ཟིན་ཐོ་རུ་ཚུད་མ་ཐུབ་པའི་ལན་ཐོན་འདུག

 

 

 

 

 


 

 

འདི་ལྟར་ཡང་དང་བསྐྱར་གྱི་ངལ་བའི་ལས་ལ་ཞུགས་ནས་བརྡ་དོན་ཅུའུ་ནས་དྲ་ཚིགས་ཀྱི་ཆོག་མཆན་འཐོབ་པར་རེ་བ་ནི་འབྲས་མེད་ཡིན་པ་ཤེས་སོང་། བསམ་བློ་རྣལ་དུ་ཕབས་ནས་དབྱེ་ཞིབ་ག་འདྲ་བྱས་ཀྱང་དྲ་ཚིགས་འདི་འདྲ་བསྒྲུབ་མི་ཆོག་པའི་ཐེ་ཚོམ་འཛིན་ས་དང་རྒྱུ་རྐྱེན་ནི་ཅི་ལྟར་བཙལ་ཡང་རྙེད་མ་སོང་། གཅིག་ཡིན་ན་ངའི་དྲྭ་ཚིགས་ཀྱི་ནང་དུ་ཆགས་སྲེད་ཀྱི་འདྲ་རིས་དང་བརྗོད་བྱ་མེད་ལ། གཉིས་བྱས་ན་ངའི་དྲྭ་ཚིགས་ཀྱི་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མགོ་རྟིང་སློག་པར་སྐུལ་པའི་ཚིག་སྣེ་ཙམ་ཡང་མེད་ལ།  མི་ག་གེ་མོ་ཞིག་ལ་འཁྱོགས་གཏམ་དང་ཟུར་ཟའི་སྐད་ཆ་ནི་དེ་བས་ཀྱང་མེད། འདི་ནི་ཆེས་དཀྱུས་མའི་བོད་ཡིག་གི་དྲྭ་ཚིགས་ཅིག་ཡིན་ལ། དྲ་ཚིགས་འདིའི་ནང་དོན་ཡོད་ཚད་རྒྱལ་ཁབ་ཀྱི་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དཔེ་ཆ་དག་གི་གནས་ཚུལ་མདོར་བསྡུས་ཕྲན་བུ་རེ་ཡིན། རྒྱ་ཡིག་ལ་དྲ་ཚིགས་འདིའི་རིགས་ཧ་ཅང་མོད། དེ་བས་བརྡ་དོན་ཅུའུ་འདི་ལྟ་བུ་དྲྭ་ཚིགས་ལ་མོས་མཐུན་མེད་པའི་རྒྱུ་མཚན་ནི་ངོ་མ་རྙེད་ཁག་སོང་།

 


  


 

 

ཞིབ་ཏུ་བསམས་ན་ད་ནངས་ཞོགས་པའི་ཁ་པར་དེས་ང་ལ་སྤྲད་པའི་བརྡ་ནི་ཧ་ཅང་གསལ་པོ་རེད། རྡོ་འབུམ་དྲྭ་ཚིགས་ལ་ཁོ་ཚོ་མོས་པ་མེད་དོན་ཡང་མ་གཞི་ཁོ་ཚོ་བོད་ཡིག་ལ་མོས་པ་མེད་པ་རྨང་གཞི་བྱས་ནས་སྨིན་པ་ཞིག་རེད། དྲྭ་ཚིགས་འདི་བོད་ཡིག་རྐྱང་རྐྱང་གི་བསྒྲུབས་པའི་བོད་ཡིག་དྲ་ཚིགས་གསར་པ་ཞིག་རེད། གནས་ལུགས་དེའི་དོན་བསྲིངས་ནས་སེད་དུ་གྲོལ་ན་འགབས་སུ་མངོན་པའི་དོན་དངོས་མ་ནི་བོད་ཡིག་ནི་བརྡ་དོན་དོ་དམ་ཅུའུ་ཡི་ལས་སྒྲུབ་མི་སྣས་རྟོགས་ཐབས་བྲལ་བའི་ཉེན་ཁ་ཆེ་བའི་ཡིག་རིགས་ཤིག་ཞིག་ཏུ་གྱུར་ཡོད་ལ། གལ་ཏེ་དེ་ལ་རྒྱ་ཡིག་གིས་ཤན་སྦྱར་བྱས་མེད་ཚེ་ཁོ་ཚོ་དངངས་སྐྲག་སྐྱེས་ན་བོད་ཡིག་གི་བརྡ་སྤྲོད་བཞིན་པའི་དོན་ཡོད་ཚད་ལ་ཡིད་རྟོན་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད་པ་དེ་རེད།

 

 

 

 

 

   

 


 

 

སྤྱིར་ཡིན་ན་འདི་ལྟར་མངོན་གསལ་གྱི་སྒོ་ནས་བོད་ཡིག་གི་ཐོབ་ཐང་ལ་བརྡབ་གསིག་གི་བྱ་སྤྱོད་ཞིག་རྒྱ་མི་རིགས་དང་མི་རིགས་གང་ཞིག་གི་རང་ག་བ་ཞིག་གིས་བགྱིས་ཚེ་ངས་མི་ཆེ་གེ་མོའི་དེའི་ཤེས་རིག་ཚུལ་ལྡན་གྱི་ཚད་ཞན་པ་རྒྱུ་མཚན་བྱས་ནས་དཀྱེལ་ཡངས་བགྱིས་ཏེ་བཟོད་སྒམ་རིངས་པར་བྱེད་སྲིད་མོད། འོན་ཀྱང་འདི་ནི་རྒྱབ་ཁབ་ཀྱི་འདོད་མོས་དང་ཁྲིམས་ལུགས་མཚོན་བཞིན་པའི་ཞིང་ཆེན་རིམ་པའི་སྨྱན་ལམ་ལྟ་རྟོག་བྱེད་མཁན་གྱི་ལས་ཁུངས་མཐོ་གྲས་ཤིག་གི་བྱ་སྤྱོད་ཡིན་ཚེ་ངོ་མ་ཡིད་སེམས་འཁྲུགས་པ་ཞིག་རེད། མ་གཞི་ང་ཚོས་རྒྱུན་དུ་ཐོས་བཞིན་པ་ནི་སྲིད་གཞུང་གི་བརྒྱུད་ལམ་ཡོད་ཚད་ཀྱི་སྨྲ་སྒོ་གཅིག་མཐུན་བྱས་ན་ཁ་ཡར་གྲགས་ལ་བོད་མི་རིགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱབ་ཁབ་ཀྱི་ཁ་བྲལ་ཐབས་མེད་པའི་མི་རིགས་ཡ་གྱལ་བ་ཞིག་དང་ཁ་མར་གྲགས་ལ་བོད་པའི་ཡིག་རིགས་དང་ཁྱད་འཕགས་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་ཤུགས་ཆེན་གྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད་ཞེས་མ་རེད་དམ།

 


 


 

 

དེ་བས། རང་ས་ནས་ཁོང་ཁྲོ་ཁོག་ལ་བསྐྱིལ་བ་ལས་གནས་ཚུལ་གསལ་བོར་དྲིས་ན་དགའ་སྙམ་ནས་དྲྭ་བ་ལས་མཚོ་སྔོན་ཞིང་ཆེན་བརྡ་དོན་ཅུའུ་ཡི་ཁ་པར་ཨང་གྲངས་བཙལ་ནས་ཕར་ལ་ཁ་པར་བཏང་ནས་རྒྱུ་མཚན་དྲིས་པ་ལ།  སྟབས་ལེགས་པ་ཞིག་ལ་ཁ་པར་ལེན་མཁན་ཡང་ད་ནངས་ཞོགས་པར་ཚུར་ལ་ཁ་པར་འོང་བའི་བུད་མེད་དེ་རེད། ངས་མོ་ལ་ངའི་དྲ་ཚིགས་ལ་མི་འདང་བའི་ཆ་གང་འདུག་ན་ཁ་གསལ་པོར་སྟོན་རོགས་ཞེས་བརྗོད་པ་ལ། མོས་ང་ལ་ཚིག་ཐག་ཆོད་པའི་ངང་ནས་དྲ་ངོས་ཀྱི་བོད་ཡིག་ལེ་ཚན་རེ་རེའི་མཇུག་དུ་རྒྱ་ཡིག་གི་ཁ་བྱང་གདགས་དགོས་ལ་དང་ནང་དོན་གཞན་དག་ལའང་རྒྱ་ཡིག་གི་འགྲེལ་མ་བགྱིས་ཚེ་ཁོ་ཚོས་ངའི་དྲྭ་ཚིགས་ལ་མོས་མཐུན་བྱེད་མི་ཐུབ་ཟེར། ངས་ཁྱེད་ཀྱི་བརྗོད་པ་ནི་ངོ་མ་ཧ་ལས་པ་ཞིག་རེད། ངའི་དྲ་ཚིགས་འདི་ལྟ་རྟོག་པའི་ཆེད་དུ་བཟོས་པ་མ་རེད། དེ་ནི་བོད་ཡིག་ཀློག་པ་པོ་དག་ལ་བཟོས་པ་ཞིག་རེད། འདི་ཡོད་ཚད་རྒྱ་ཡིག་ལ་བསྒྱུར་དགོས་ཟེར་བ་ནི་དཔེ་མི་སྲིད་པའི་དོན་ཞིག་རེད་ལ། ཡང་གཞན་ངོས་ནས་བརྗོད་ན་བོད་སྐད་ཡིག་ལ་བརྙས་བཅོས་བྱས་པ་མ་ཡིན་ནམ་ཞེས་བརྗོད་པ་ན་མོ་རྟབ་རྟོབ་པོར་གྱུར་ནས་དེ་མ་རེད་ཟེར་ཞོར་ཁ་པར་ལས་སྒྲུབ་མི་སྣ་སྐྱེས་པ་ཞིག་གི་ལག་ཏུ་བཞག

 


  


 ལས་སྒྲུབ་མི་སྣ་སྐྱེས་པ་དེས་བཤད་རྒྱུར་དྲ་ཚིགས་ལ་ཞིབ་བཤེར་བྱ་རྒྱུ་དེ་ང་ཚོའི་བྱ་བའི་འགན་འཁུར་རེད་ཟེར། འོན་ཀྱང་ཁྱེད་ཀྱི་དྲ་ཚིགས་དེ་ཡོད་ཚད་བོད་ཡིག་ཡིན་རྐྱེན་ང་ཚོས་དེའི་ནང་དོན་ཅི་ཡིན་རྟོགས་ཐབས་བྲལ་ཟེར། ངས་ཡང་བྱ་བ་དེའི་རིགས་ཁྱེད་ཅག་གི་འགན་འཁུར་ཡིན་པ་ངོས་ཟིན་ནས་ཁྱེད་དག་ལ་བསྟུད་མར་རེ་ཞུ་ཡི་གེ་ཐེངས་མང་པོ་ལ་བཏང་བ་ཡིན། གལ་ཏེ་ཁྱེད་ཚོས་ཞིབ་བཤེར་དོན་ཐོག་དུ་འཁྱོལ་འདོད་པ་ཞིག་བྱེད་འདོད་ན་ཁྱེད་ཚོའི་ལས་ཁུངས་སུ་བོད་ཡིག་མཁྱེན་པའི་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ནས་བོད་ཡིག་གི་དྲ་ཚིགས་དག་ལ་ཞིབ་བཤེར་བགྱིས་ན་ལེགས་པ་ལས་མཐའ་གཅིག་ཏུ་དྲ་བའི་བོད་ཡིག་གི་ནང་དོན་ཡོད་ཚད་རྒྱ་ཡིག་དུ་བསྒྱུར་དགོས་ཞེས་བོད་ཡིག་ཐ་ན་དྲ་བའི་ཐོག་ཏུ་འགྲོ་རྒྱུགས་བྱེད་མི་ཆོག་པ་ལྟར་བྱས་ནས་གནས་ལུགས་དང་མཐུན་ནམ། ཁོས་ཀྲུང་གོ་ནི་རྒྱ་ཡིག་གི་རྒྱལ་ཁབ་ཡིན་པས་རྒྱ་ཡིག་མ་ཡིན་པའི་དྲྭ་ཚིགས་གཞན་དག་ལ་རྒྱ་ཡིག་གི་ཤན་སྦྱར་བྱེད་དགོས་ཚུལ་གྱི་ཉོག་གཏམ་སྨྲས་ཡོང་བ་ངས་བོད་ཡིག་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཡིག་རིགས་ཅིག་མ་རེད་དམ། ཞེས་དགག་འདྲི་བྱས་པ་ལ་ཁོས་རེད། རེད། བོད་ཡིག་ནི་ཀྲུང་གོའི་ཡི་གེའི་རིགས་གཅིག་རེད་ཟེར། དེ་འདྲ་ཡིན་ན་བོད་ཡིག་དྲ་ངོས་ནས་གནས་མི་ཆོག་པ་དེ་ཅི་ཡིན་ཞེས་པ་ལ་ཁོས་བོད་ཡིག་མི་ཤེས་ཟེར།  ཁྱེད་ཀྱིས་བོད་ཡིག་མི་ཤེས་ན་བོད་ཡིག་གི་དྲ་ཚིགས་དག་ཞིབ་བཤེར་གྱི་ཆེད་དུ་བོད་རིགས་ཀྱི་ལས་བྱེད་པའི་ལས་གནས་ཆེད་དུ་བཀོད་སྒྲིག་བྱེད་པའམ་གདན་ཞུ་བྱས་ནས་བྱ་བ་བསྒྲུབས་དགོས་པ་ལས་མཐའ་གཅིག་ཏུ་བོད་ཡིག་གི་དྲ་ཚིགས་བཀག་འགོག་བྱས་ཚེ་ང་ཚོས་བྱ་སྤྱོད་འདི་རིགས་བོད་ཀྱི་རིག་གནས་ལ་དམའ་འབེབས་དང་འདྲ་མཉམ་མིན་པའི་ལྟ་སྟངས་འཛིན་བཞིན་པ་ལ་ངོས་འཛིན་བྱེད་ངེས། གལ་ཏེ་ཁྱེད་ཀྱིས་འདི་ལྟར་བོད་ཡིག་ལ་འདྲ་མཉམ་མིན་པའི་ལྟ་སྟངས་དང་བརྙས་བཅོས་བྱས་ཚེ་ངས་རྒྱལ་ཁབ་རིམ་པའི་ལས་ཁུངས་དང་ཞིང་ཆེན་རིམ་པའི་མི་རིགས་ལས་ཁུངས་ལ་ཁ་པར་བཏང་ནས་ཁྱེད་ཅག་གི་མི་རིགས་ལས་དོན་ཐད་ཀྱི་ལྟ་སྟངས་འདི་དག་གོང་རིམ་ལ་ཡར་ཞུ་བྱེད་ངེས་ཡིན་ཞེས་ཐ་ཚིག་ནན་པར་སྒྲོགས་པ་ན་ཁོ་ཅུང་ཙམ་བློ་བློངས་པོར་གྱུར་ནས་ཐབས་ཟད་པའི་ཚུལ་གྱིས་བོད་ཡིག་གི་དྲྭ་ཚིགས་ལ་གནས་པའི་དོན་འདི་ནི་གནས་ཚུལ་གསར་བ་ཡིན་སྟབས་དེ་དོན་གོང་རིམ་ལ་ཡར་ཞུ་བྱས་ནས་གང་འཚམས་ཀྱི་སྲིད་ཇུས་ཞུ་འོང་ཟེར་ནས་ང་ཚོའི་ཁ་བརྡ་མཚམས་བཞག

 

 

 


འོན་ཀྱང་དོན་འདིའི་མཇུག་འབྲས་ནི་དགའ་བ་ཞིག་རེད། ཕལ་ཆེར་ཉིན་དེའི་ཕྱི་དྲོ་དུས་ཚོད5

ཡས་མས་ཀྱི་སྐབས་ལ་བརྡ་དོན་ཅུའུ་ནས་སྤྲིངས་པའི་འཕྲིན་ཞིག་ཡིག་སྒམ་དུ་ཐོན་འདུག ནང་དོན་ནི་དྲ་ཚིགས་ལ་ཆོག་མཆན་འཐོབ་པར་རྟེན་འབྲེལ་དང་དེའི་འབྲེལ་གྱི་ཨང་ཀིའི་ཕྲེང་བསྟར་རེད།

 

 

 

 

 


 


   

རྒྱབ་ཁབ་འདིས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་ཁ་གཡང་ཕྱོགས་ཀུན་ནས་སྒྲོག་བཞིན་ཡོད་ནའང་མི་ཁ་ཤས་ཀྱིས་མི་རིགས་ཆེན་པོའི་རིང་ལུགས་ཅན་ཀྱི་ལྟ་ཚུལ་ངན་པ་མཁྲེགས་འཛིན་བྱས་ནས་བོད་ཡིག་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ལ་ལྟ་སྟངས་མཚར་པོ་བཟུང་ནས་གྲངས་ཉུང་མི་རིགས་དང་ཁོ་ཚོའི་རིག་གཞུང་ལ་འཕུད་འདེད་བྱེད་འདོད་པ་དེ་རྦད་དེ་འཆམ་མཐུན་གྱི་དགོངས་པ་ལས་འགལ་ཏེ་མི་རིགས་དབར་ལ་དཀྲུག་ཤིང་བཟོ་བཞིན་པ་ནི་ཧ་ཅང་མངོན་གསལ་རེད།
 

 

 


  

དེ་བས་བོད་ཡིག་དྲྭ་ཚིགས་དག་གི་དྲྭ་བདག་རྣམས་དང་བོད་རིགས་དྲྭ་དམངས་ཡོངས་ཀྱི་དོན་འདིའི་རིགས་སེམས་ལ་བཅགས་པར་བྱས་ནས་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བསྟུད་མར་བྱས་ནས་བོད་སྐད་ཡིག་ལ་ལས་ཁུངས་དང་ཚོགས་པ། མི་སྒེར་གྱི་འོས་མིན་བརྙས་བཅོས་མི་ཐེབས་བ་བྱེད་རྒྱུ་དང་ཀྲུང་ཀོ་རྒྱལ་ཁབ་འདིའི་ནང་དུ་རྒྱུགས་བཞིན་པའི་ཡིག་རིགས་གཞན་དང་མཚུངས་བའི་འདྲ་མཉམ་གྱི་འཚོ་སྡོད་ཁེ་དབང་ལ་བརྩོན་ལེན་བྱ་དགོས་པའི་འབོད་སྐུལ་བཏང་བ་ཡིན།
 


 


དཔྱད་བརྗོད། (11)Add Comment
...
དཔྱད་བརྗོད་པ། རིག་བཟང་།, July 17, 2011
ཁྱེད་བླ་མེད་ཀྱི་སྤོབས་ཆེན་པོས་བོད་ཡིག་གི་ཐོབ་ཐང་རྩོད་པ་ལ་རྒྱབ་སྐྱོར་དང་། དོན་དམ་པའི་ཉིད་ཀྱི་བྱས་རྗེ་ལ་བསྔགས་བརྗོད་ཡོད།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། འོད་དཀར།, December 14, 2009
གྲོགས་པོ་ལགས་ཁྱེད་ཀྱི་རྩོམ་ཡིག་འདི་ངེད་དྲ་ཚིགས་ལ་བཀོད་ཆོག་གམ། ད་དུང་དབྱིན་བསྒྱུར་བྱེད་ཆོག་གམ། ལན་ཞིག་གནང་རོགས་།
ཁ་བྱང་མེད།
དཔྱད་བརྗོད་པ། ཟི་ར་ནག་པོ། , January 06, 2009
བཀླགས་ཟིན།
ངེས་དོན་གྱི་བྱས་རྗེས་པ
དཔྱད་བརྗོད་པ། བཙན་དུག་མདའ།, December 20, 2008
ངའང་འདི་ལྟ་བུའི་གནས་ཚུལ་ལ་འཕྲད་མྱོང་ཡོད་ཀྱང་། ཁོང་ཁྲོ་ལངས་བ་ཙམ་ལས་བྱ་ཐབས་གཞན་མ་རྙེད། དེ་རིང་འདི་ནས་ཐབས་ལམ་དགའ་བོ་ཞིག་ཐོབ་པ་ནི་དགའ་འོས་པ་ཞིག་རེད། རྗེས་ཕྱོགས་རང་རེའི་སྤུན་ཟླ་ཚོས་རང་གི་སྐད་ཡིག་གི་ཁེ་དབང་རྩོད་ལེན་བྱེད་དགོས་འདུག
http://www.tibettl.com/blog/u/tsensa/index.html
དཔྱད་བརྗོད་པ། བཙན་གཟའི་ཀརྨ།, December 13, 2008
བོད་ལ་ཤ་ཞན་ཅན་ཀྱི་གྲོགས་པོ་ཁྱེད་ཀྱིས་རང་རིགས་ཀྱི་སྐད་ཡིག་དང་རིགས་གཞུང་དོན་དུ་དཀའ་ཚེགས་ལ་མ་ལྟོས་པའི་ཐོག་ནས་རང་རིགས་སྐད་རིག་དང་རིགས་གཞུང་རྩ་མེད་གཏོང་མཁན་གྱི་དགྲ་བོ་ཚར་བཅད་ནས་བོད་ཡིག་གི་དྲ་རྒྱ་སྤེལ་བར་བཀའ་དྲིན་ཆེ།
ཁྱོད་ལ་རྟེན་འབྲེལ་ཞུ།
དཔྱད་བརྗོད་པ། བདག, December 08, 2008
ཁྱེད་ཀྱིས་དེ་འདྲའི་དཀའ་ལས་བརྒྱབས་པར་ངེད་ཀྱིས་སྙིང་ཁོང་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
སེམས་ན་ཡང་འབྲས་བུ་བཟང་།
དཔྱད་བརྗོད་པ། ཧོར་མོ། , December 02, 2008
ང་ཚོའི་སྐད་དང་ཡི་གེ་ལ་ཕྱོགས་ཡོངས་ནས་བཙིར་གནོན་འདི་འདྲ་མང་མོད། ཁྱེད་ནས་འབད་བརྩོན་ཡག་པོ་ཐུབ་འདུག ང་ཚོ ས་ནམ་ཡང་དོན་མེད་ཀྱི་བཙིར་གནོན་དེ་འཁུར་མི་འོས། ཁྱེད་ཀྱི་ལས་དོན་གྲུབ་པར་རྟེན་འབྲེལ་ཞུ།
...
དཔྱད་བརྗོད་པ། བོད་དགོས་ན་བོད་ཡིག་སྐྱོབས།, December 01, 2008
སྐུ་ཉིད་ཀྱིས་བོད་པ་ཚང་གི་ཆེད་དུ་བོད་ཡིག་གི་ཐོབ་ཐང་རྩོད་པར། གདོང་དམར་པ་ཚང་མ་ཁྱེད་ཀྱི་རྒྱབ་ཏུ་ལངས་ཡོད། སུ་ཞིག་གིས་གོང་རིམ་གྱིས་ང་ཚོར་རྩ་ཁྲིམས་ཀྱི་ཐོག་ནས་སྤྲད་པའི་ཐོབ་ཐང་འདི་ཙམ་པ་ཡང་ཁྲིམས་མེད་ལུགས་མེད་ཀྱིས་འཕྲོག་རྒྱུ་ཟེར་ན། ང་ཚོས་དེ་ལ་དེ་མཐུན་ཁ་རྡུང་དྲག་པོ་གཏོང་ངེས། གལ་སྲིད་མུ་མཐུད་དུ་འདི་ལྟ་བུའི་བརྙས་བཅོས་བྱས་ན། ང་ཚོ་བོད་པ་སྨྱུག་ཐོག་པ་ཚང་མས་མིང་རྟགས་བཀོད་པའི་ངོ་རྒོལ་གཏུགས་ཡིག་གོང་རིམ་ལ་སྤྲད་ཀྱང་ཆོག ཁོང་ཚོ་ང་ཚོར་ཤ་མི་ཚ་ཡང་ངོ་ཚ་དགོས་པ་ཞིག་བྱེད་དགོས།
བོད་པས་ནག་ཉེས་ག་ལ་ཡིན།
དཔྱད་བརྗོད་པ། གླིང་། , December 01, 2008
བོད་ཀྱི་བོད་ཡིག་སྤྱོང་བ་ནག་ཉེས་མིན།། བོད་པས་བོད་ཡིག་འབྲི་བ་ནག་ཉེས་མིན།། བོད་པས་བོད་ཡིག་སྤྱོད་པ་ནག་ཉེས་མིན།། བོད་པས་བོད་ཡིག་ཀློག་པ་ནག་ཉེས་མིན།། བོད་པས་བོད་སྐད་བཤད་པ་ནག་ཉེས་མིན།། བོད་པས་བོད་ལ་དགའ་བ་ནག་ཉེས་མིན།། བོད་པས་བོད་སྲོལ་འཛིན་པ་ནག་ཉེས་མིན།། བོད་པ་བོད་ལ་དུངས་པ་ནག་ཉེས་མིན།། བོད་པ་བོད་ལ་གཅེས་པ་ནག་ཉེས་མིན།། བོད་པས་མཐུན་སྒྲིལ་བྱས་པ་ནག་ཉེས་མིན།། བོད་པས་ལ་རྒྱ་གླེང་བ་ནག་ཉེས་མིན།། བོད་པས་ཐོབ་ཐང་རྩོད་པ་ནག་ཉེས་མིན།།
བོད་ལ་ཤ་ཚ་བའི་བོད་མི་ལ་ཕུལ་བ།
དཔྱད་བརྗོད་པ། གླིང་། , December 01, 2008
གང་ལྟར་ཤུ་རེ་བྱོས། བོད་ཀྱི་བུ། རིག་རྒོད་པོ། ལ་རྒྱ་ཅན་གྱི་བུ། མཐུན་སྒྲིལ་གྱི་བུ། ས་སད་དེ་རྡོ་ལ་ཐུག རྡོ་སད་དེ་ཆུ་ལ་ཐུག་རོག་བར་དུ་ཤུ་རེ་བྱོས། ངེད་ཅག་གིས་ཁྱེད་རང་ལྟ་བུ་ཚོ་ལ་ཡི་རུང་དང་རྒྱབ་སྐྱོར་ཡོད།
http://192.168.0.252:8899/play.php?mid=62988&hash=71E19A6F60846C7F233DE7C4A84935B8909F744C&play_type=1
དཔྱད་བརྗོད་པ། 1, November 16, 2008
http://192.168.0.252:8899/play.php?mid=62988&hash=71E19A6F60846C7F233DE7C4A84935B8909F744C&play_type=1

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2009-01-13 )
 
< རྩོམ་ཡིག་གོང་མ།