Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
མཛེས་རིས།
འགྲུལ་པའི་གདེངས་འཇོག་སྐར།: / 1
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2008-10-21

སློབ་གཞི་སྒྱུར་སྒྲིག་པར་སྐྲུན་གྱི་གསལ་བཤད།

 

     འབྲིང་རིམ་དགེ་འོས་སློབ་གྲའི་རིག་གཞུང་ཚན་ཁག་སོ་སོའི་སློབ་གཞི་དག་བོད་སྐད་ཡིག་ཏུ་སྒྱུར་སྒྲིག་པར་སྐྲུན་བྱེད་ཐུབ་པ་འདི་ནི། སྤྱིར་འཛམ་གླིང་ཡོངས་ཀྱི་ཚན་རིག་སློབ་གསོ་འཕེལ་རྒྱས་འབྱུང་བཞིན་པ་དང་རང་རྒྱལ་གྱིས་ཀྱང་ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་ཐབས་ཇུས་ཀྱི་བྱེད་ཕྱོགས་བཀོད་པའི་གནས་ཚུལ་དང་། སྒོས་སུ་རྒྱུ་སྤུས་སློབ་གསོ་ཁྱོན་ཡོངས་ནས་ལག་ལེན་བྱེད་པའི་དགོས་མཁོར་མཐུན་པ་ཞིག་སྟེ། ཙུང་ལི་ཀྲུའུ་རུང་ཅིས་སྐབས་དགུ་བའི་རྒྱལ་ཡོངས་དམངས་ཆེན་ཐེངས་གཉིས་པའི་གྲོས་ཚོགས་སུ་གནང་བའིསྲིད་གཞུང་བྱ་བའི་སྙན་ཞུཞེས་པ་ལས། རྒྱུ་སྤུས་སློབ་གསོ་ཤུགས་ཆེན་གྱིས་སྐུལ་སྤེལ་དང་། གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་གཙོར་བཟུང་ནས། སློབ་མའི་ཀུན་སྤྱོད་དང་། བློ་རིག ལུས་ཕུང་། མཛེས་དཔྱོད་སོགས་ཕྱོགས་ཐམས་ཅད་ནས་གོང་དུ་སྤེལ་དགོས་ཞེས་དང་། མུ་མཐུད་དུ་ཧུར་བརྩོན་གྱིས་སློབ་གསོའི་བསམ་བློ་དང་སྒྲིག་གཞི། ནང་དོན། ཐབས་ཇུསསོགས་བསྒྱུར་བཅོས་བྱ་སགོས་ཞེས་དང་། སྔར་ལས་ལྷག་པར་སྤུས་ཚད་ལ་དོ་སྣང་བྱ་དགོས་པ་སྟེ། རིགས་དང་རིམ་པ་མི་འདྲ་བའི་སློབ་གྲ་སོ་སོའི་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱ་དགོས་ཞེས་ནན་དུ་བསྟན་པ་ལྟར། རྒྱལ་ཡོངས་སུ་རྒྱུ་སྤུས་སློབ་གསོ་དར་སྤེལ་བྱེད་པ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་མུས་ཀྱི་གནས་ཚུལ་གསར་བ་བཅས་ཀྱི་འོག་ཏུ། བོད་རིགས་ས་ཁུལ་དུ་རྒྱུ་སྤུས་སློབ་གསོའི་དགོངས་པ་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་ལག་ལེན་དངོས་སུ་ཇི་ལྟར་དོན་འཁྱོལ་བྱ་རྒྱུ་ནི། དེང་གི་བོད་ཁུལ་གྱི་སློབ་གསོའི་བྱ་བའི་གནད་གཙོ་བོར་གྱུར་པ་དང་། བོད་ཁུལ་གྱི་དེང་གི་འབྲིང་རིམ་ཆེད་ལས་སློབ་གྲྭའི་མིག་སྔར་བོད་ཀྱི་སྐད་ཡིག་ཁོ་ན་ལས་ཁྲིད་ཚན་གཞན་ཚང་མར་རྒྱ་ཡིག་གི་སློབ་དེབ་འབའ་ཞིག་ལས་མེད་པ་དང་། སློབ་གྲྭ་འདི་དག་ཏུ་བསྡུས་པའི་སློབ་མ་ནི་འབྲོག་ཁུལ་དང་རོང་ས། ཡང་ན་རོང་མ་འབྲོག་གི་ས་ཁུལ་གྱི་བོད་རིགས་སློབ་མ་ཁོ་ན་ཡིན་ལ། དེ་དག་གི་སྐད་གཞི་བོད་སྐད་ཡིན་པ་མ་ཟད། ད་དུང་སློབ་ཆུང་ནས་དམའ་འབྲིང་བར་དུ་རྒྱའི་སྐད་ཡིག་ཁོ་ན་མ་གཏོགས། ཁྲིད་ཚན་གཞན་ཀུན་བོད་ཡིག་བོད་སྐད་ཀྱིས་ཁྲིད་པ་ཡིན་པས། ཡིག་རིགས་ཀྱི་རྨང་གཞི་ཡང་བོད་ཡིག་ཡིན་ལ། སློབ་གྲྭར་སླེབས་མ་ཐག་སློབ་མ་ཀུན་དང་འཁྲིད་མཁན་དགེ་རྒན་དག་གིས་དཀའ་ཁག་མི་ཉུང་བ་ཞིག་འཕྲལ་དུ་མྱངས་དང་མྱོང་བཞིན་པ་དང་། སྤྱིར་ཁྲིད་ཚན་གང་དང་གང་ཡིན་རུང་ཁྲིད་ཡུལ་སློབ་མ་ལ་རང་སྐད་ཀྱིས་ཁྲིད་ན་ཤེས་སླ་ཞིང་སྦྱངས་འབྲས་ལྡབ་འགྱུར་གྱིས་བཟང་བ་སློབ་གསོའི་ལག་ལེན་དངོས་ལས་ར་འཕྲོད་པ་བཅས་ལ་ཆེད་དུ་དམིགས་ཏེ། སློབ་གསོ་དང་སློབ་ཁྲིད་ཀྱི་ཆོས་ཉིད་དངོས་གཞིར་བྱས་ནས་དགེ་འོས་སློབ་གྲྭའི་རིག་གཞུང་ཚན་ཁག་སོ་སོའི་སློབ་གཞི་དག་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་དགོས་བྱུང་། དེ་ལ་གོང་རིམ་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། སློབ་གྲྭ་ཉིད་ཀྱི་འགོ་ཁྲིད། ཁྱད་པར་དུ་མེས་རྒྱལ་དང་རང་རིགས་ལ་བརྩེ་བའི་ཨ་དཀོན་རིན་པོ་ཆེ་ཆོས་ཀྱི་ཉི་མ་མཆོག་གིས་དབུ་མཛད་ཨ་སྤྲུལ་འཛམ་གླིང་རོགས་པ་ཚོགས་པས་དཔལ་འབྱོར་ཕྱོགས་ཀྱི་རོགས་རམ་གནང་བར་བརྟེན། ཁྲིད་ཚན་འདི་དང་བཅས་བའི་སློབ་དེབ30བོད་ཀྱི་སྐད་ཡིག་ཏུ་སྒྱུར་སྒྲིག་བྱེད་རྒྱུའི་སྐལ་བ་ལྡན་པར་གྱུར། ད་སྔ་རྩོམ་སྒྱུར་བྱས་ཟིན་པའི་དགེ་འོས་སློབ་གྲྭའི་སློབ་གཞི་འདི་དག་གིས་བཅིངས་འགྲོལ་ཚུན་ཀྱི་མི་ལོ་ལྔ་བཅུ་ལྷག་གི་རིང་དུ། སློབ་ཆུང་དགེ་རྒན་སྐྱེད་སྲིང་བྱེད་སའི་དགེ་འོས་སློབ་གྲྭའི་དགེ་སློབ་ཀུན་ལ་བོད་ཡིག་གི་སློབ་དེབ་མེད་པའི་སྟོང་ཆ་བསྐངས་ཏེ།  ལྟོགས་པར་ཟས་དང་སྐོམ་པར་ཆུ་ལྟ་བུའི་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཐོན་དང་འདོན་བཞིན་ཡོད། 《མཛེས་རིས》 དེབ་གཉིས་པཞེས་པའི་སློབ་གཞི་འདི་ནི། ང་ཚོས་རྒྱལ་ཁབ་སློབ་གསོ་པུའུས་གསར་དུ་བཟོ་བཅོས་གཏན་འབེབས་བྱས་པའི

《ལོ་གསུམ་ལུགས་ཀྱི་དགེ་འོས་སློབ་གྲྭའི་སློབ་ཁྲིད་རྩ་འཛིན》 གྱི་གཏན་འཁེལ་ལྟར། གངས་ལྗོངས་མཁས་པའི་ཁྱུ་མཆོག་འཇུ་མི་ཕམ་རིན་པོ་ཆེའི 《སྐུ་གཟུགས་དང་ཐིག་རྩ་རབ་གསལ་ཉི་མ》ཞེས་པ་སོགས་མཁས་དབང་སྔ་མ་རྣམས་ཀྱིས་མཛད་པའི་སྐུ་གཟུགས་དང་དཀྱིལ་འཁོར་གྱི་ཐིག་རྩ་གཞི་གཟུང་ནས་རྩོམ་སྒྲིག་བྱས་པ་ཡིན།

 

 

        དགེ་འོས་སློབ་གྲྭའི་སློབ་གཞི་འདི་དག་བོད་ཡིག་ཏུ་སྒྱུར་སྒྲིག་པར་སྐྲུན་བྱས་ཏེ་བཀྲམས་ཐུབ་པ་འདི་ནི། ཏང་གི་ཡང་དག་པའི་དབུ་ཁྲིད་འོག་གཞན་གྱི་རོགས་སྐྱོར་ལ་བརྟེན་པ་ཡིན་པས། གཏམ་གྱི་གླེང་བ་འདི་སྤྱད་དེ་ང་ཚོའི་སློབ་གྲྭ་དང་དགེ་སློབ་ཀུན་གྱིས་ཨ་དཀོན་རིན་པོ་ཆེ་ཆོས་ཀྱི་ཉི་མ་མཆོག་གིས་དབུ་མཛད་ཨ་སྤྲུལ་འཛམ་གླིང་རོགས་པ་ཚོགས་པ་དང་འགྱུར་ཞུ་གཏན་འབེབས་བྱེད་པོ་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། སྒྱུར་སྒྲིག་པར་སྐྲུན་བྱ་བར་རྒྱབ་སྐྱོར་གནང་མཁན་གོང་རིམ་ཞིང་ཆེན་དང་ཁུལ་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་འགོ་ཁྲིད་རྣམ་པར་བཀའ་དྲིན་ཆེ་ཞུ་བ་ཡིན།

 

 

ཀན་སུའུ་ཞིང་ཆེན་དགེ་འབྲིང་བོད་ཡིག་ལྟེ་གནས་སློབ་དཔྱོད་ཚན་ཁག་གིས་སྤྱི་ལོ༢༠༠༧ལོའི་ཟླ༧པའི་ཚེས༢༠ལ།

 

 

ཀན་སུའུ་ཞིང་ཆེན་དགེ་འོས་སློབ་གྲྭའི་སློབ་དེབ།

སློབ་ཆུང་སྐད་ཡིག་སློབ་ཁྲིད་ཐབས་ཇུས།

གཙོ་སྒྲིག་པ། དཀོན་ལོ།

རྩོམ་སྒྲིག་འགན་འཁུར་བ། མཁའ་འགྲོ་སྐྱབས།

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམས།

2006ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས་ཤིང་དཔར།

དཔེ་རིན། སྒོར10

ཁྱོན་བསྡོམས་ཤོག་གྲངས379ཡོད།

དཔེ་རྟགས།ISBN               7-5421-0952-9       

 

 

དཔྱད་བརྗོད། (0)Add Comment

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2008-10-25 )
 
< རྩོམ་ཡིག་གོང་མ།