Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
རྩོད་བཟློག་ཐེམ་སྤུངས་མ།
འགྲུལ་པའི་གདེངས་འཇོག་སྐར།: / 0
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2008-09-17

    སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་ནི་ཁོ་བོས་ཤེར་རྟོགས་རིག་པར་ཞིབ་འཇུག་བྱས་པའི་འབྲས་བུ་ལས་དཔེ་དེབ་དང་པོ་ཡིན་པ་དེ་བཞིན། ཐེངས་འདིར་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་འདི་ཡང་ཁོ་བོས་སྲོལ་རྒྱུན་རིག་གནས་ལས་ཆོས་འབྱུང་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ཐོག་མ་དེ་ཡིན། དེ་ལ་འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི།

        ཆོས་འབྱུང་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད་དུ་ཁོ་བོར་སྤྲོ་བ་འཕེར་བའམ་དོ་སྣང་གི་ཡུལ་དུ་གྱུར་པའི་གནད་དོན་ནི། བསྟན་པ་བར་དར་གྱི་གནད་དོན་ཏེ་དུས་རབས་བཅུ་པ་དང་བཅུ་གཅིག་པའི་ནང་གངས་ལྗོངས་སུ་ནང་ཆོས་ཇི་ལྟར་དར་ཚུལ་དེ་རེད། རྒྱུ་མཚན་ནི་བཙན་པོའི་མི་རྒྱུད་ཀྱིས་ནང་ཆོས་ཀྱི་འཕེལ་རྒྱས་ཐད་རམ་འདེགས་བྱེད་པའི་བྱ་བཞག་དེ་བཙན་པོ་འུ་དུམ་བརྟན་གྱི་དད་མོས་ལ་གཡོ་འགུལ་བྱུང་བ་དང་ལྷན་དུ་མཇུག་སྒྲིལ་བ་དང་། ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ཏེ་བསྟན་པ་ཕྱི་དར་གྱི་འགོ་མ་ཚུགས་པའི་ལོ་ངོ་བརྒྱ་དང་སུམ་ཅུ་ཡས་མས་རིང་ནང་ཆོས་དེ་དམངས་ཁྲོད་ནས་དར་བའི་རྣམ་པ་ཞིག་བརྒྱུད་དེ་མུ་མཐུད་དར་འཕེལ་བྱུང་ཡོད་ནའང་། ཆོས་འབྱུང་ལོ་རྒྱུས་ཐོག་བཙན་པོའི་དུས་སུ་དར་བའི་ནང་ཆོས་སྐབས་རིམ་དེར་བསྟན་པ་སྔ་དར་དང་། ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ཏེ་མཁས་པའི་ལུགས་ཀྱི་ནང་ཆོས་འཕེལ་རྒྱས་བྱུང་བའི་ཚུལ་དེར་བསྟན་པ་ཕྱི་དར་ཞེས་འབོད་པ་དང་། བསྟན་པ་སྔ་དར་དང་ཕྱི་དར་གཉིས་བར་གྱི་ལོ་ངོ་བརྒྱ་དང་སུམ་ཅུ་ཡས་མས་རིང་ནང་ཆོས་བོད་དུ་དར་བའི་ཚུལ་གྱི་མིང་འདོགས་ཏེ་བསྟན་པ་བར་དར་ཞེས་པའི་ཐ་སྙད་དེར་དགག་བཞག་བྱས་ཏེ་ཞིབ་འཇུག་གཏིང་ཟབ་བྱེད་ཐུབ་མེད། དེ་བས་འདིར་བཅོམ་ལྡན་རིག་པའི་རལ་གྲིས་བསྟན་པ་བར་དར་ཞེས་པའི་མིང་འདོགས་གནང་བ་དེ་གཞིར་བཟུང་བསྟན་པ་བར་དུ་དར་ཡོད་མེད་དང་། ཇི་ལྟར་དར་ཚུལ། དེའི་ཁྱད་ཆོས་དང་ངོ་བོ། དགོན་སྡེ་དང་སེར་མོ་བའི་སྒྲིག་གཞིའམ་གྲུབ་ཆའི་སྐོར་གྱི་ཞིབ་འཇུག་ནི་དཔྱད་རྩོམ་ཕྱོགས་བསྒྲིགས་འདིའི་བརྗོད་གཞི་གཙོ་བོ་ཡིན། འོན་ཏེ་བསྟན་པ་བར་དར་གྱི་གནད་དོན་དེ་ཉིད་གསལ་པོར་འོང་བའི་ཆེད་སངས་རྒྱས་ཆོས་ལུགས་མ་དར་གོང་བོད་དུ་ཆོས་ལུགས་ཀྱི་གྲུབ་མཐའ་གཞན་ཡོད་མེད་དང་། སངས་རྒྱས་ཆོས་ལུགས་ཉིད་བོད་ཡུལ་དུ་དུས་ནམ་ཞིག་ཏུ་དར་མིན། རྒྱལ་རྒྱུད་མི་ཚང་གིས་ཁས་ལེན་བྱས་འོག་བོད་དུ་ནང་འདྲེན་བྱས་པའི་སངས་རྒྱས་ཆོས་ལུགས་དང་། ཆོས་ལུགས་སྒྲོག་སྤེལ་མཁན་གྱིས་སྒྲོག་སྤེལ་བྱས་པའི་སངས་རྒྱས་ཆོས་ལུགས་གཉིས་དབར་གྱི་གོ་དོན་གྱི་ཁྱད་པར་དང་། དེ་བཞིན་ལོ་ཆེན་བཻ་རོ་ཙྰ་ན་དང་དབའ་གསལ་སྣང་། བཙན་པོ་འུ་དུམ་བརྟན་དང་ལྷ་ལུང་དཔལ་རྡོར་དབར་འབྲེལ་བ་གང་ཡོད་སོགས་ལ་ཞིབ་འཇུག་བྱེད་པ་ནི་བསྟན་པ་བར་དར་གྱི་རྨང་གཞི་ལྟ་བུ་ཡིན་པས་དེའི་སྐོར་ལ་ཞིབ་འཇུག་བྱས་པ་དང་གཅིག གཉིས་སུ་ཟངས་དཀར་འཕགས་པའི་ཤེས་རབ་དང་རྒྱ་སྟོན་བརྩོན་འགྲུས་སེང་གེ ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། ནག་ཚོ་ལོ་ཙྰ་བ་སོགས་ཀྱི་མཛད་རྗེས་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ནི་དམར་གཡོ་གཙང་གསུམ་དང་། དབུས་གཙང་གི་མི་བཅུ། ལོ་ཆེན་རིན་ཆེན་བཟང་པོ་སོགས་བརྒྱུད་མཁས་པ་དེ་དག་གིས་བསྟན་པ་ཕྱི་དར་འབྱུང་བ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་འདྲ་ཞིག་བསྐྲུན་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་གསལ་པོར་འོང་བའི་ཆེད་ཞིབ་འཇུག་བྱས་པ་ཡིན་ན། ཀློག་པ་པོ་ཚོས་བསམ་གཞིགས་ཀྱི་ཐབས་ལམ་འདི་བརྒྱུ་དཔྱད་རྩོམ་འདིའི་སྲོག་གི་དབང་པོ་དཀྱུས་གཅིག་ཏུ་སྡེབ་སྟེ་གཟིགས་པར་འཚལ་ཞེས་རྩོམ་པ་པོས་ལྷ་ལྡན་གྲོང་ནས་ཞུའོ། །

Image

རྩོད་བཟློག་ཐེམ་སྤུངས་མ།

བསྟན་པ་བར་དར་དང་དེའི་སྔ་ཕྱིའི་གནད་དོན་སྐོར་གླེང་བ།

རྩོམ་པ་པོ། འབྲོང་བུ་ཚེ་རིང་རྡོ་རྗེ།

དཔེ་སྐྲུན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

དེབ་ཚད། 850*1168 1/32

དཔར་གྲངས། 1-2000

དཔེ་རྟགས། ISBN 978-7-5421-1242-2

རིན་གོང་། སྒོར20.00

དཔྱད་བརྗོད། (4)Add Comment
ངས་འདི་ལྟར་བསམ།
དཔྱད་བརྗོད་པ། འུག་པ།, April 29, 2011
smilies/sad.gifཤེས་རིག་རྣམ་དཔྱོད་རྩལ་གྱིས་ཕྱུག་ན་ཡང་། །
ལ་རྒྱ་མེད་ན་རང་གི་གཤེད་དུ་འགྲོ །
ཁྱོད་ལ་མི་དགའ།
དཔྱད་བརྗོད་པ། འབྲོང་དགྲ། , January 29, 2010
འབྲོང་བུའམ་བོང་བུ་ཟེར་བ་འདིས་ན་ནིང་༠༨ལོར་བོད་གངས་ཅན་གྱི་བླ་བཙོང་སོང་། མིག་རྫོད་རེད་ལ།
ཚག་དུང་ཟེར་བ་ག་འདྲ་ཞིག་ལ་གོ་དགོས་སམ།
དཔྱད་བརྗོད་པ། ལམ་འགྲོ་བ།, October 10, 2008
གྲོགས་པ་ངེད་རང་གི་རོགས་བྱ་འདོད་ཡོད་མོད། ཚག་དུང་ཟེར་བ་ག་འདྲ་ཞིག་ལ་གོ་དགོས་སམ། རི་མོའི་ཚུལ་དུ་ཡར་ཕུལ་ན་ཁ་གསལ་བ་ཞིག་ཡོང་བས་ལྷན་རྒྱས་རྣམས་ཀྱིས་ཀྱང་ཁྱེད་ལ་རོགས་རམ་བྱེད་ངེས།
གྲོགས་པོ་རྣམས་པ་ཁམས་བཟང་།
དཔྱད་བརྗོད་པ། གྲོགས་པོ་རྣམས་པ་ཁམས་བཟང་། , October 04, 2008
གྲོགས་པོ་རྣམས་པ་ཁམས་བཟང་།
སྨོན་ལམ་བོད་ཡིག་གཉིས་པ་དང་ཧི་མ་ལ་ཡ་གཉིས་གཉམ་དུ་ xpནང་དུ་ནང་འཇུག་བྱས་རྗེས་ཚག་དུང་ནོར་འགྲོ་བའི་སྐྱོན་ཞིག་འདུག་།
vistaནང་དུ་སྨོན་ལམ་བོད་ཡིག་གཉིས་པ་ནང་འཇུག་བྱས་རྗེས་ཡང་སྐྱོན་དེ་རང་འདུག་༲(ཚག་དུང་ནོར་འགྲོ་བའི་སྐྱོན) དེ་གང་འདྲ་བྱས་ནས་སྐྱོན་བསེལ་བྱེད་དགོས་ཤེས་མཁན་ཡོད་ན་ འབྲེལ་བ་གནང་རོགས་ ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག

བཀའ་དྲིན་ཆེ་།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2009-02-08 )
 
< རྩོམ་ཡིག་གོང་མ།