Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
མཐོ་འབྲིང་ལོ་རྒྱུས་ཉིང་བསྡུས།
འགྲུལ་པའི་གདེངས་འཇོག་སྐར།: / 48
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2013-07-15

 མཐོ་འབྲིང་ལོ་རྒྱུས་ཉིང་བསྡུས། རྡོ་རྗེ་རྒྱ་མཚོས་སྒྲིག་རྩོམ་བྱས།

Image

མགོ་བརྗོད་ལི་ཤི་མེ་ཏོག
མཚར་སྡུག་འོད་སྟོང་འབར་བའི་འགྲོ་བ་མིའི་ལོ་རྒྱུས་ནི་དཔྱོད་ཤེས་ན་བདེ་བ་སྐྱེད་བྱེད་ཀྱི་མ་དང་དགའ་བ་འཕེལ་བྱེད་ཀྱི་རྐྱེན་དུ་འགྱུར་ངེས་པ་ཅན་གྱི་རིག་པ་གལ་ཆེན་ཞིག་ཡིན་ལ།    འདས་མ་འོངས་པའི་དོན་གང་ལ་བསམ་ན་ཡང་རིག་པའི་གསང་སྒོ་ཉུལ་བྱེད་ཀྱི་སྒོ་མོ་དང་སྲིད་འབྱོར་རིག་གསུམ་སྤེལ་བ་ལ་དཔྱད་པའི་སྒོ་མཐའ་ཀླས་པའི་གསང་ཚིག་གི་གན་མཛོད་སྤྱད་པས་མི་འཛད་པའི་རྒྱ་མཚོའི་གཤིས་སུ་གྲུབ་པས་དོན་དེ་ལ་ངེས་པ་རྙེད་པའི་མཐོ་བ་རྒྱལ་ཁབ་ནས་ཆུང་བ་མི་རིགས་གང་ཡིན་ཡང་དེ་མི་ཉམས་རྒྱུན་ཉིན་ལ་འབད་པ་ལས་ཉམས་མྱོང་དང་རིག་པ་སྣེ་མང་སྤེལ་ཏེ་གང་ཡིན་ཡང་མི་ཉམས་པའི་སྲོག་སྲ་ཞིང་འཕེལ་རྒྱས་ཀྱི་ཤུགས་མི་ཉམས་པ་མཐོང་ཆོས་སུ་གྱུར་ཡོད།    རྒྱུ་མཚན་ནི་ལོ་རྒྱུས་བོར་ན་སུ་དང་གང་ཡིན་རུང་འཕེལ་བའི་རྒྱུ་མེད་ལ་རྐྱེན་བོར་ཞིང་འབྲས་བུ་འབྱིན་དགོས་ཀྱང་མེད་པས་ན་ལོ་རྒྱུས་དེ་ལོ་རྒྱུས་ཙམ་དུ་མ་ལུས་པར་ཤེས་རབ་ཀྱི་སྣང་བ་ཐོབ་པ་རྣམས་ཀྱིས་རང་རང་གི་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་རིག་པ་རེ་ཡང་ཟུར་སྣོན་གྱི་བཏོད་དེ་འཇིག་རྟེན་ན་ཆེ་བར་རློམ་པ་དག་ལ་ཆགས་གནས་འཕེལ་འགྲིབ་ཀྱི་ལོ་རྒྱུས་དང་དེའི་རིག་པ་གསར་བ་ངོ་མཚར་བ་རེ་གྲུབ་ཡོད་ལ།    འཕེལ་རྒྱས་ཀྱི་སྟོབས་ཆག་ཅིང་སྐད་དང་ཡི་གེས་མཚོན་པའི་ལོ་རྒྱུས་ངོ་མཚར་བ་དག་མག་མོག་གི་དབྱིངས་སུ་ཡལ་ནས་རྟ་རྐྱང་གི་ཁྱད་མ་ཕྱེས་པའི་རིག་པ་བན་བུན་ལོ་རྒྱུས་རྩང་རྩིང་བདེན་བདེན་འདྲ་བའི་སྔོན་བྱུང་བྱབ་ཆུང་གི་དོན་འགའ་རེ་མཚར་མཚར་དུ་ཕྲེང་བར་བསྡེབས་པ་ལ་འབྲས་བུ་ཆུང་བར་མཐོང་དགོས་ཏེ།    ལར་མིའི་རིགས་ཀྱི་ལོ་རྒྱུས་ཡིན་ན་ཤ་ཁྲག་གདོས་བཅས་ཀྱི་བྱ་བྱེད་མཚོན་པ་ཞིག་ལོས་ཡིན་ཀྱང་ལོ་རྒྱུས་ཀྱི་རྐང་འཛུགས་ས་ངོ་མ་ནི་མི་རིགས་གང་དང་གང་གི་རིག་པ་ཁྱད་པར་ཅན་ཁུངས་དང་བཅས་ནས་འཕེལ་རིམ་མ་འཁྲུགས་པར་གོ་རིམ་དུ་བསྡེབས་པ་ཞིག་ལ་མི་རིགས་ཀྱི་ལོ་རྒྱུས་སུ་གོ་ན་འགྲིག་པ་ལས་ཆགས་སྡང་རྨོངས་གསུམ་ས་རྡོ་གསེར་གསུམ་འདྲེས་མར་བསྡེབས་པ་ལེགས་པར་བཤད་པའི་ལོ་རྒྱུས་སུ་འཇོག་དཀའ་བར་སེམས།
མི་རིགས་ཀྱི་ལོ་རྒྱུས་གལ་ཆེ་བའི་དོན་དང་དོ་སྣང་བྱེད་རིགས་པའི་རྒྱུ་མཚན་ཕྱོགས་ཙམ་དེ་ལྟར་ལ།    དེ་བཞིན་རིག་པ་ཐམས་ཅད་ཀྱི་གཞི་མ་རང་གི་སྐད་དང་ཡི་གེ་དེ་ནི་འཕེལ་རྒྱས་ཀྱི་རྩ་བར་མཐོང་སྟེ་ཐབས་གང་དྲག་གིས་མི་ཉམས་རྒྱུན་འཛིན་དར་སྤེལ་གཏོང་འོས་པ་ནི་མཁས་བརྒྱ་མགྲིན་མཐུན་གསུང་དབྱངས་གཅིག་གི་རོལ་མོ་སྙན་པར་སྒྲོག་པའི་བདེན་གཏམ་བསྒྱུར་དུ་མེད་པ་ཞིག་ཡིན་པ་ནི་མང་པོ་ལྟ་ཅི་སྨྲོས།    འདས་པའི་ལོ་མང་པོའི་རིང་ལ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་འཁྲིད་རྒྱུན་བསྟར་ཆགས་སུ་མ་ཉམས་པར་བསྐྱངས་ན་ཡང་སྦྱངས་འབྲས་གཟེངས་སུ་མ་ཐོན་པའི་རྩ་བ་ནི་རང་སྐད་ལ་མ་བརྟེན་པས་ཡིན་ལ།    སྐད་གཉིས་སློབ་གསོ་ཁྱབ་གདལ་གང་འཚམ་བཏང་ཡང་བོད་ཀྱི་རོང་འབྲོག་པའི་སློབ་མའི་བློ་ཁར་འཚམ་པའི་སློབ་དེབ་དང་སྐད་གཉིས་བྱང་བའི་དགེ་རྒན།    སྐད་གཉིས་བར་ནས་བརྡ་ཆད་མང་པོར་གཅིག་མཐུན་གྱི་བཀས་བཅད་གནང་མེད་ལ།    ལྷན་ཐབས་ཀྱི་ལྟ་ཀློག་དཔྱད་ཡིག་རྒྱུ་ཆ་གང་ཡང་མེད་པ་སོགས་ཀྱིས་དང་པོ་འཆད་པས་བརྡ་མ་འཕྲོད།    བར་དུ་དཔྱད་པའི་མཐའ་མ་ལོན།    མཐའ་མར་དོན་རྩ་ལ་སྡོམ་མ་རྙེད་པར་རིག་པ་བན་བུན་གྱིས་ཚད་རྒྱུགས་གང་ལ་ཞུགས་ན་ཡང་འབྲས་བུ་ཡག་པོ་མི་ལོན་པར་ཡི་མུག་གི་ངང་དུ་ལོ་ག་འདྲ་སོང་ཡང་འཕེལ་མེད་རང་སར་ལུས་པ་སོགས་མཐོང་ཆོས་ཀྱི་དོན་མཐའ་ཀླས་པའི་རྒྱུ་མཚན་ཡང་དག་ལ་བརྟེན་ནས་རང་སྐད་རྣལ་མ་དང་སྐད་གཉིས་སློབ་གསོ་ཚད་ལྡན་གྱི་གལ་ཆེའི་དོན་སྙིང་གསལ་བར་ཧ་གོ་ཐུབ་པ་འདི་ག་ལགས་པས་དོན་འདི་ལ་ཅི་ནས་ཀྱང་ནན་ཏན་བྱ་བ་ནི་གནད་ཀྱི་དོན་པོར་མཐོང་ངོ་།    །
ཐེངས་འདིར་སློབ་བུ་རྡོ་རྗེ་རྒྱ་མཚོ་ལགས་ནས་ལོ་མང་སློབ་ཁྲིད་བྱས་པའི་སློབ་འབྲིང་གི་བསླབ་ཚན་ལོ་རྒྱུས་ཀྱི་ནང་དོན་རྣམས་བོད་རང་སྐད་རྣལ་མའི་ལམ་ནས་གནད་འདུས་ཁ་གསལ་གོ་བདེའི་ཚིག་གི་ཕྲེང་བར་བསྡེབས་འདུག་པ་ནི་རོང་འབྲོག་ཕྱོགས་ཀྱི་སློབ་མའི་བློ་ཁ་དང་འཚམ་ཞིང་སྦྱངས་པ་རྩལ་དུ་འདོན་པ་ལ་ཕྱོགས་དུ་མ་ནས་དགེ་མཚན་འདུག་པས་རྗེས་སུ་ཡི་རང་གི་མེ་ཏོག་འཐོར་ཞིང་།    རེ་བ་ནི་བོད་ཀྱི་གནའ་རབས་དང་ཉེ་རབས་ལོ་རྒྱུས་དེབ་ཐེར་ཡིག་ཚགས་ལ་ཡང་ལྟ་ཀློག་གིས་དེར་གསལ་བའི་བོད་རང་ལུགས་ཀྱི་ལོ་རྒྱུས་བརྡ་ཆད་རྣམས་བེད་སྤྱོད་ཐུབ་ན་ཁ་གསལ་ཞིང་ཚིག་ཉོག་མང་པོ་བསྐྱུངས་ཐུབ་པ་སོགས་ཕན་རླབས་ཆེ།    སྒྲ་སྒྱུར་ཐད་བོད་ཁམས་གཅིག་མཐུན་ཡོང་ཐབས་ལ་འབད་པ་དང་།    ཐད་སྒྱུར་ཤས་ཆེ་བ་དོན་སྒྱུར་ལ་གཞོལ་གལ་ཆེ་སྙམ་པ་དཔྱད་གཞིར་འབུལ་བ་ལགས།    རྗེས་སོར་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་རིག་པ་ལ་འདྲིས་ཆ་གང་ཟབ་ཀྱིས་བོད་ཀྱི་རྗེས་རབས་པ་ལ་ལོ་རྒྱུས་རིག་པའི་སྣང་བ་རྒྱས་པར་ཕན་ཐོགས་ཡོང་བའི་དགེ་རྒན་ཡག་པོ་ཞིག་ཏུ་འགྱུར་བའི་དད་བརྩོན་མ་ལྷོད་ཅིག་ཅེས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་མིང་ཙམ་འཛིན་པ་བིས་མདོ་རྡོ་རྗེ་རིན་ཆེན་ནས་བྲིས་པའོ།    །
ཕྱི་ལོ༢༠༡༢ལོའི་ཟླ་༡༠པའི་ཚེས་༡༨ལ་མདོ་སྨད་མགོ་ལོག་དགའ་བདེ་ནས།   

དཔྱད་བརྗོད། (1)Add Comment
...
དཔྱད་བརྗོད་པ། ཉིད་ཀྱི་སློབ་མ་ཤེར་ལྡན, November 22, 2013
དགེན་ལགས་ཀྱི་དཔེ་ཆ་ལེགས་འགྲུབ་བྱུང་བར་སྙིང་ཁོང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག མུ་ནས་མུ་རུ་ང་དང་ང་ལྟ་བུའི་སློབ་བུ་ཚོ་ལ་རྒྱགས་ཕྱེ་ནོམ་པོ་རེ་བསྩལ་བར་རེ་ནས་ཡོད།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2015-03-05 )
 
རྩོམ་ཡིག་རྗེས་མ། >