Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
ཞང་བོད་བུ་ཡི་བགྲོ་གླེང་།
འགྲུལ་པའི་གདེངས་འཇོག་སྐར།: / 31
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2013-07-15

Image

 ༄༅།།    སྔོན་གཏམ་དབུ་ཁྱུད་རྩེན་སའི་ལྡིང་ཁང་།
ཡ་རབས་དད་གུས་འཕེལ་བའི་རྒྱུ།།
མ་རབས་ཕྲག་དོག་སྐྱེ་བའི་རྐྱེན།།
རྣམ་དཔྱོད་ཡངས་པའི་རྩོམ་པ་པོར།།
ལུས་མིན་ཡིད་ནས་ཕྱག་བགྱི་འོ།།
ལྷག་བསམ་དཀར་པོའི་རང་མདངས་ཀྱིས་ཕྱུག་པའི་འཚམས་འདྲིའི་དབུ་ཁྱུད་ཀྱི་དར་དཀར་རིང་མོ་འདི་གངས་དཀར་ཁྲོད་དུ་གནས་བཅའ་ཞིང་།    སྦྲང་དཀར་རྩམ་པ་དང་སྣུམ་དཀར་མར་ལོའི་ཟས་སུ་རོལ་ཞིང་འཚེ་བ་མེད་པའི་རིག་གནས་དཀར་པོས་སེམས་རྒྱུད་ཡོངས་སུ་བལྟམས་པའི་རིགས་རུས་དང་ཁྲག་རྒྱུད་གཅིག་པའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱི་མགུལ་དུ་བསྒྲོན་ནས།    བཀྲ་ཤིས་པའི་རྟགས་བརྒྱད་དང་དོན་འགྲུབ་པའི་གཡང་དགུ་གཏན་དུ་འབྲལ་མེད་དུ་འཛོམས་པའི་ཤིས་ཚིག་དྲོན་མོས་མདུན་བསུས་ཏེ།    སྔ་གཏམ་མ་ཉུང་།    ཕྱི་གཏམ་མ་མང་།    ཟེར་བའི་དཔེ་རྗེས་འབྲངས་ནས་དེབ་འདིའི་སྔོན་འགྲོར་གཏམ་ཚིག་རེ་ཟུང་གླེང་ན།    དེ་ཡང་།    སྤྱིར་སྔོན་འགྲོའི་གཏམ་དེ་ནི་མཁས་གྲགས་ཅན་ལ་འབྲི་རོགས་ཞུ་སྲོལ་འདུག་ཀྱང་།    གུས་པའི་གྲོགས་ཀྱི་ཁྲོད་ཤེས་ལྡན་པ་མང་བས་ཚང་མར་སྔོན་འགྲོ་རེ་འབྲི་རོགས་ཞུས་ན་དེ་དག་ཁོ་ནས་ཀྱང་དེབ་ཁ་ཤས་ཡོང་བའི་ཚོད་དུ་སྣང་བས།    གཞན་ལ་ཐུགས་སུན་མ་ཞུས་པར་ཐད་ཀར།    བོན་གཤེན་རང་ལྟོ་རང་གིས་གཡོག།    ཟེར་བའི་དཔེ་བཞིན་སྔོན་འགྲོའི་གཏམ་ཐུང་འདི་ཕྲན་རང་ཉིད་ཀྱིས་ཞུ་རྒྱུ་ཡིན།    དེ་ཡང་རྩོམ་ཡིག་ཅེས་པ་ནི་མིའི་རིགས་ཀྱིས་སྤྱི་ཚོགས་སམ་འཚོ་བའི་ལག་ལེན་ཁྲོད་ནས་བྱུང་བའི་ཚོར་བའི་ལན་ཆར་དབྱེ་ཞིབ་གང་འཚམས་ཤིག་བྱས་ནས་ཡིག་ཐོག་ཏུ་བཀོད་པར་གོ་བཞིན་ཡོད།    ཡང་གཅིག་བཤད་ན།    དེ་ནི་མིའི་བསམ་བློས་འཚོ་བའི་ལམ་དུ་འགྲུལ་བཞུད་བྱེད་སྐབས་བཞག་པའི་རྐང་རྗེས་དག་ཤོག་ཐོག་ཏུ་ཕབ་པ་དེ་ལ་རྩོམ་ཡིག་ཟེར།    སྔ་རབས་ཀྱི་མཁས་པ་ཚོས།    གང་ཕྱིར་མཁས་པའི་ལས་གསུམ་ལས།།    འཆད་རྩོད་གཉིས་ལ་མ་ངེས་ཕྱིར།།    མི་འཁྲུལ་རྩོམ་པ་མཆོག་ཡིན་ནོ།།    ཞེས་པའི་སྡོམ་ཚིག་བཞག་པ་ལྟར།    རྩོམ་ནི་མཁས་པའི་བྱ་བ་རྣམ་གསུམ་དུ་བགྲངས་པའི་འཆད་རྩོད་རྩོམ་གསུམ་གྱི་ནང་ལས་མཆོག་གམ་གཙོ་བོར་འཇོག་སྲོལ་འདུག    འོན་ཀྱང་།    རྩོམ་འབྲི་མཁན་ཚང་མ་མཁས་པ་ཡིན་པས་མ་ཁྱབ་ལ།    ཐ་ན་ཚང་མར་རྩོམ་པ་པོ་ཞེས་པའི་མིང་དེ་ཐོབ་མིན་ཡང་བཤད་དཀའ།    གང་ལགས་ཤེ་ན།    རྩོམ་པ་པོ་ཞེས་པ་དེ་ནི་རྩོམ་རིག་དང་གཉེན་སྒྲིག་བྱས་བའི་གང་ཟག་ལ་མ་གཏོགས།    རྩོམ་རིག་དང་དགའ་རོགས་བསྒྲིགས་པ་ཙམ་ལས་གཉེན་སྒྲིག་བྱས་མེད་པའི་གང་ཟག་ལ་མིང་དེ་འཚམས་པོ་མེད་པས་ཡིན་ལ།    དེ་བཞིན་དུ་རྩོམ་འབྲི་བའི་སྒུལ་ཤུགས་སམ་དམིགས་ཡུལ་ལའང་རིགས་སྣ་ཚོགས་ཡོད་དེ།    དཔེར་ན་སྤྱིའི་ཆ་ནས་བཤད་ན།    སློབ་གྲྭ་བ་ཚོས་སྐར་གྲངས་ཀྱི་ཆེད་དུ་རྩོམ་འབྲི་བ་དང་།    གཞུང་ཞབས་བ་ཚོས་ལས་ཐོབ་ཀྱི་ཆེད་དུ་རྩོམ་འབྲི་བ།    ཡང་ལས་རིགས་མ་ངེས་པས་དགའ་ཞེན་དབང་གིས་རྩོམ་འབྲི་བ་སོགས་ལྟ་བུ་ཡོད་པ་ལས།    ཤེས་རིག་དང་རྣམ་དཔྱོད་སོགས་ཀྱི་ཚད་གཞི་མི་འདྲ་བར་བརྟེན་དེ་ཚོའི་བརྩམས་ཆོས་ལ་ལེགས་ཉེས་སྣ་ཚོགས་ཡོད་མོད།    སྤྱིའི་ཆ་ནས་སྨྲས་ན་སྐར་གྲངས་དང་ལས་ཐོབ་ཀྱི་ཆེད་དུ་བྲིས་པའི་རྩོམ་མང་ཆེ་བ་ལ་ཁྲལ་གྱི་རང་བཞིན་དང་།    བཙན་བསྒྲིགས་ཀྱི་རང་བཞིན།    བརྐུ་བཤུ་ཡི་རང་བཞིན་སོགས་ཤུགས་ཆེན་ལྡན་ལ།    དེ་ཚོ་དང་བསྡུར་ན་དགའ་ཞེན་དབང་གིས་བྲིས་པའི་རྩོམ་དེ་ཚོ་ལ་ཆེས་མ་མཐར་ཡང་གོང་གི་སྐྱོན་དག་མ་མཆིས་པའམ་ཉུང་ངུ་ཙམ་ལས་མེད་པར་སྣང་།    ཁོ་བོ་ནི་སྐྱེས་སྦྱངས་ཀྱི་ཤེས་ཡོན་ཉག་ཕྲ་ཡང་རྩོམ་རིག་ལ་དགའ་ཞེན་ཆེ་བའི་གངས་ཕྲུག་ཅིག་ཡིན་པས་གངས་ལྗོངས་འདིར་རྐང་རྗེས་ཆུང་ཆུང་ཞིག་བཞག་འདུན་ཅི་ལ་མེད།    སྤྱིར་ཚད་གཞི་དང་ཆེ་ཆུང་མི་འདྲ་བའི་རྐང་རྗེས་ནི་མི་ཚང་མར་ཡོད་ནའང་།    རྐང་རྗེས་དེ་ཤོག་ཐོག་ཏུ་ཕབ་རྒྱུའི་ཆ་རྐྱེན་ཚང་བའམ་ཐུབ་མཁན་ཉུང་ཤས་ཙམ་ལས་མེད་ནའང་།    ཁོ་བོར་ཆུང་ནས་ཕ་སྐད་གཙང་མའི་རོལ་དབྱངས་དང་མ་ཡིག་དྭངས་མའི་རྩེད་འཇོར་རོལ་རྒྱུར་དགའ་བའི་རྒྱུ་རྐྱེན་གྱིས་སྤྱི་ལོ་ཉིས་སྟོང་དྲུག་ལོའི་ཡར་སྔོན་དུ་བདག་གིས་བྲིས་པ་སྒྲུང་རིང་ཞིག་གིས་གཙོས་པའི་བརྩམས་ཆོས་མི་ཉུང་བ་ཞིག་ཡོད་ཀྱང་།    རྩོམ་ཡིག་ལ་གཅེས་སྤྲས་སམ་དང་དོད་ཆེ་དྲགས་པའི་རྐྱེན་གྱིས་དེ་དག་བཅུག་པའི་ཀོ་ཁུག་རྫིག་པོ་ཞིག་ཡོད་པ་དེ་བྱང་ནག་ཆུ་ས་ཁུལ་ནས་རྐུན་པོས་དངུལ་ཁུག་ཏུ་འཁྲུལ་ནས་ཤོར་མྱོང་ཡོད།    དེ་ནི་ངའི་མི་ཚེ་འདིར་ཆེས་ཕངས་ཤོས་ཤིག་ཀྱང་ཡིན།    དེའི་རྗེས་སུའང་ཡི་ཐང་མ་ཆད་པའམ་རང་ཉིད་ཀྱི་བསམ་བློ་རང་ཉིད་ཀྱིས་བཙོན་དུ་མ་བཅུག་པར་ལྷུག་བརྗོད་ཀྱི་ལམ་ནས་མུ་མཐུད་རྩོམ་ལུས་མི་འདྲ་བའི་ཐོག་ནས་སྤྱི་ལོ་༢༠༠༦—༢༠༡༠བར་གཞུང་ལས་ཀྱི་ཞོར་དུ་བྲིས་པའི་རྩོམ་ཡིག་སྣ་ཚོགས་ཤིག་གནས་དང་ཡུལ་མི་གཅིག་ཅིང་།    གཞུང་དང་སྒེར་མི་འདྲ་བའི་དུས་དེབ་དང་ཚགས་པར།    བརྙན་འཕྲིན་དང་།    རླུང་འཕྲིན།    དྲ་ཚིགས་སོགས་ཀྱི་སྟེང་དུ་སྤེལ་བ་ཡིན་ལ།    དེ་དག་གྲས་ཀྱི་རྩོམ་ཐུང་ཁག་ཅིག་དང་ཉེ་ཆར་གསར་དུ་བྲིས་པ་ཁ་ཤས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་དེབ་འདི་བྱུང་སོང་།    དེབ་འདིའི་སྤྱིའི་ཁ་བྱང་ལ་《ཞང་བོད་བུ་ཡི་བགྲོ་གླེང་།》ཞེས་པའི་སྒྲོ་སྐུར་གྱི་སྐྱོན་དང་བྲལ་བའི་ཇི་བཞིན་བརྗོད་པའི་མིང་དེ་འདོགས་དོན་ནི་ཕྲན་ནི་ཞང་བོད་ཁ་བ་རི་པའི་བུ་རྒྱུད་ངོ་མ་ཞིག་ཡིན་ལ།    དེབ་འདིའི་བརྩམ་བྱ་དག་གི་བརྗོད་གཞི་ཡི་བསྡུས་དོན།    རྟོག་གཞིག་གི་ཡོ་ལང་།    སེམས་འགྱུ་ཡི་འཁྲེན་ཡུལ་སོགས་སྤྱི་ཡོངས་ཀྱི་ཁ་ཕྱོགས་ནི་ཞང་ཞུང་ངམ་བོད་ཅེས་པའི་མི་རིགས་འདིའི་འཚོ་གནས་དང་མདུན་ལམ་ལ་མ་འབྲེལ་བ་མེད་པས་ན་མིང་འདི་འོས་ཤིང་འཚམས་པར་སྙམ་ཡང་གང་ཟག་སུ་ཞིག་གི་སྣང་ངོར་དེབ་འདིའི་ཕྱི་མིང་དང་ནང་དོན་ཕྱིན་ཅི་ལོག་པར་མཐོང་ཚེ་ཀུན་སློང་གི་མིག་ཤེལ་གཙང་མར་ཕྱིས་ནས་བསྐྱར་གཟིགས་གནང་རོགས།    གཞན་ཡང་།    ཕྱི་རུ་གཤིས་རྒྱུད་བཟང་བའི་མི་རིགས་ཤིག་གི་མཚན་སྙན་ཡོད་ཀྱང་ནང་དུ་ཕྲག་དོག་གམ་ཆགས་སྡང་གི་བུ་ཡུག་འཚུབ་སའི་གངས་རིའི་ལྗོངས་འདིར་ངས་རྐང་རྗེས་ཆུང་ཆུང་འདི་བཞག་པའི་དམིགས་ཡུལ་ནི།    ང་དབུས་ཁྱོད་ཁམས་ཀྱི་ཆོལ་ཁའི་ཕྱོགས་ཞེན་དང་།    ང་བན་ཁྱོད་བོན་གྱི་གྲུབ་མཐའི་ཆགས་སྡང་སོགས་མདོར་ན་རི་བོ་གངས་ཅན་པའི་མདུན་སྐྱོད་ཀྱི་ལམ་བུའི་གེགས་སུ་གྱུར་པ་དག་ལ་ཉེན་རྟགས་དམར་པོ་རེ་བྲིས་པར་སྙམ་པའི་ཀུན་སློང་ཞིག་གིས་ཀ་ཁའི་གྲོགས་མཆོག་ཡོངས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ནོ།།

 དཀར་ཆག
སྔོན་གཏམ་དབུ་ཁྱུད་བསུ་བའི་ལྡིང་ཁང་། 1
རབ་བྱེད་དང་པོ།
འབྱུང་བ་རླུང་གི་སྡེ་ཚན་དམར་ཡག་སྟག་གི་མཆེ་སྡེར།
དྭ་ཕྲུག་གི་ཁྱིམ་རྒྱུད།     7
ཁམས་པའི་ཕོ་གསར། 39
སྣོད་བཅུད་གྲོས་ཚོགས་ཐོག་གི་བགྲོ་གླེང་།     69
དགེ་འཕེལ་དབུ་རྩེར་འཛེགས་པའི་འཆར་སྣང་། 77
བོད་ཁ་བ་ཅན་གྱི་ཞིང་མཆོག 80
མཚན་མོ་གཅིག་གི་གཏམ་རྒྱུད། 84
མཛེས་མ་ཞིག་ལ་ཕུལ་བའི་བཟོད་གསོལ། 86
འབྲོང་གཡག་དར་མའི་ངུར་སྒྲ།     88
ཀ་ཕྲེང་ཡིད་ཀྱི་དོ་ཤལ། 91
ལོ་སྐོར་བཅུ་གཉི ས་ལ་སྦྱར་བའི་ལེགས་བཤད་ཕལ་པའི་ཐོལ་གཏམ། 94
དགེ་སྐྱོན་གླེང་བའི་ཀ་ཕྲེང་།     97
སྒྲོན་མེའི་འོད་སྣང་ལ་འཁྱུད་པའི་ཚོར་འདུ། 100
ཀ་བཤད་དོན་བརྒྱ་མ། 102
དྲིན་ཆེན་གསུམ་གྱི་ཞལ་གདམས། 112
དད་པའི་གདུང་འབོད།     114
ཐེག་དགུའི་གཏམ་བཟང་གིས་གང་བའི་ཐིག་དགུ་ལོ། 116
འབྲོག་ཁུལ་གྱི་ལོ་ཟླ། 118
གྲོགས་པོ།    ཁྱོད་ད་ལྟ་གང་དུ་ཡོད། 121


རབ་བྱེད་གཉིས་པ།
འབྱུང་བ་ས་ཡི་སྡེ་ཚན་རྩལ་ཆེན་སེང་གེའི་སྡེར་མོ།
ལྷ་རིས་ཀྱི་རྨ་ཁར་བཏབ་པའི་ཕུ། 127
ཁྱུང་གི་འབྲས་དཀར་རྟེན་འབྲེལ་ཀུན་འདུས། 130
བོད་ཀྱི་རལ་པའི་སྒྱུ་རྩལ་གྱི་སྐོར་བགྲོ་ཞིང་གླེང་བ། 137
མཆོད་རྟེན་གྱིས་བྲིས་པའི་མཆོད་རྟེན།     151

རབ་བྱེད་གསུམ་པ།
འབྱུང་བ་མེ་ཡི་སྡེ་ཚན་བྱ་རྒྱལ་ཁྱུང་གི་གཤོག་སྒྲོ།
ཞང་བོད་རིག་གནས་ཀྱི་ལོ་རྒྱུས་དང་འགོ་ཁུངས་འཚོལ་བའི་གཏམ་ཚོགས་གཟི་ཡི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།། 155
ཞང་བོད་རིག་གནས་གླེང་བྱེད་སྔོན་འགྲོའི་གཏམ་གྱི་རྒྱགས་ཕྱེ་གསུམ། 155
དང་པོ།    ཞང་བོད་མཐོ་སྒང་འདིར་བསྐལ་པ་ཡ་ཐོག་གི་དུས་སུ་འགྲོ་བ་མིའི་རིགས་ཀྱིས་ཁྱིམ་གཞིས་བཟུང་ཚུལ་གླེང་བ། 161
གཉིས་པ།    ཞང་བོད་མཐོ་སྒང་འདིར་ཤེས་རིག་གི་མྱུ་གུ་བུད་ཅིང་གདོད་མའི་དུས་རབས་ཀྱི་རླབས་ཕྲེང་འཁྱིལ་ཚུལ་གླེང་བ།། 166
གསུམ་པ།    བོད་ཀྱི་རྒྱལ་རབས་དང་གཉའ་ཁྲི་བཙན་པོའི་བྱུང་བ་བརྗོད་པ་དོགས་གཅོད་སྨྲ་ལྕེའི་རལ་གྲི།     168
བཞི་པ།    ཞང་བོད་རྒྱལ་རབས་གཉིས་ཀྱི་ཆགས་འཇིག་སྐོར་ནས་བགྲོ་ཞིང་གླེང་བ། 172
ལྔ་པ།    ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ཡུལ་གྲུ་སྟོད་སྨད་དབྱེ་ཚུལ་གླེང་བ། 175
དྲུག་པ།    ཞང་ཞུང་གི་གྲགས་ཆེ་བའི་རི་ལུང་གཉིས་ཏེ་གངས་ཏི་སེ་དང་འོལ་མོ་ལུང་རིང་གཉིས་ཀྱི་སྐོར་གླེང་བ། 179
བདུན་པ།    ཞང་བོད་ཀྱི་ཡི་གེ་ཐོག་མར་མངལ་དུ་ཇི་ལྟར་སྦྲུམ་ཚུལ་བགྲོ་ཞིང་གླེང་བ། 183
བརྒྱད་པ།    བཟོ་རིག་པ་ལས་ཞང་ཞུང་གི་ལུགས་སམ་ཁྱུང་ལུགས་ཀྱི་ལྷ་རིས་དང་འབྲེལ་བའི་ལོ་རྒྱུས་དཔྱད་གླེང་། 199
དགུ་པ།    ཞང་བོད་ཀྱི་ཚེ་རིག་པའམ་གསོ་བ་རིག་པའི་བྱུང་བརྗོད་ཆུ་ཁོལ་ཚ་པོའི་འབྲུབ་སྒྲ། 210
བཅུ་གཅིག་པ།    ཞང་བོད་ཀྱི་སྙན་ངག་གི་བྱུང་བརྗོད་ལུག་རྫི་བུ་མོའི་གླུ་དབྱངས།     224
བཅུ་གཉིས་པ།    ཞང་བོད་ཀྱི་ལུས་རྩལ་སྐོར་ནས་ཆེས་ཐོག་མའི་བགྲོ་གླེང།     229
བཅུ་གསུམ་པ།    ཞང་བོད་ཀྱི་གནའ་བོའི་ལག་ཤེས་ཐོན་རྫས་གཟི་ཡི་སྐོར་བགྲོ་ཞིང་གླེང་བ།      235
བཅུ་བཞི་པ།    ཁ་འབབ་བཞི་ཡི་བཞུར་རྒྱུན་དང་བསྡོངས་ནས་འཛམ་གླིང་ལ་བརླན་གཤེར་རྒྱས་བཅུག་མྱོང་བའི་ཞང་ཞུང་རིག་གནས། 241
བཅོ་ལྔ་པ།    ལོ་རྒྱུས་ཐོག་ཞང་བོད་མཐོ་སྒང་གི་ཆོས་རིག་གི་དར་ནུབ་ཀྱི་དུས་རིམ་ཆེ་ཁག་གླེང་བ།     246
བཅུ་དྲུག་པ།    ཞང་ཞུང་རིག་གནས་དེ་མཐོང་ལམ་ནས་ཡལ་ལ་ཉེ་བར་གྱུར་པའི་སྐོར་དང་དེའི་རྒྱུ་རྐྱེན་དོགས་གླེང་།     254
བཅུ་བདུན་པ།    བླ་འགུག་ཚེ་འགུག་གམ་མྱུར་སྐྱོབ་ཁྲོད་ཀྱི་ཞང་ཞུང་རིག་གནས། 256
བཅོ་བརྒྱད་པ།    ཟུར་བལྟའི་དཔྱད་གཞི་ལུང་ཁུངས་ཀྱི་དཔེ་ཆ་གཙོ་གྲས་འགའ་དང་དེ་ཚོའི་ཕྲན་དཔྱད།     260
དབྱར་རྩྭ་དགུན་འབུའི་སྤྱི་བཤད། 269
༄༅།།གཅེས་པའི་སློབ་ཕྲུག་ཚོས་བདག་ལ་བཞག་པའི་བག་ཆགས། 282
བོད་ལྗོངས་བརྙན་འཕྲིན་ཁང་བོད་སྐད་འཕྲིན་ལམ་གྱི་མདུན་བསྐྱོད་ཀྱི་གོམ་སྒྲ། 285

རབ་བྱེད་བཞི་པ།
འབྱུང་བ་ཆུ་ཡི་སྡེ་ཚན་གཡུ་འབྲུག་སྔོན་མོའི་ངར་སྐད།
ཕྲག་དོག་གི་རྣམ་བཤད། 290
གློག་ཀླད་དམ་རྩིས་འཕྲུལ་ནང་གི་བོད་ཡིག་དྲྭ་ཚིགས་དང་འབྲེལ་བའི་གཏམ། 298
སྦག་མཱ་ཅང་དང་རྒྱན་འཛུགས་ཀྱི་གནོད་སྐྱོན་སྐོར་ནས་ཅུང་ཙམ་གླེང་བ། 302
བོད་ཀྱི་སྤྱི་སྐད་ཀྱི་རྒྱབ་ལྗོངས་དང་མདུན་ལམ་སྐོར་གླེང་བ།     305
ཡུལ་ཤུལ་དང་འབྲེལ་བའི་འབེལ་གཏམ་རླུང་སྤྲིན་འཚུབ་མའི་སྒྲ་དབྱངས། 319
༡    ཡུལ་ཤུལ་ནི་སྔར་ནས་གྲགས་པ་ཅན་གྱི་གནའ་གྲོང་ཞིག་ཡིན་པའི་སྐོར་གླེང་བ། 319
༢    ཡུལ་ཤུལ་ལ་ཡུས་ཧྲུའུ་ཞེས་འབོད་པ་ནི་ཡང་དག་པ་ཅིག་མིན་ཚུལ་གླེང་བ། 320
༣    སྒ་སྐྱེ་རྒུ་མདོ་ཞེས་འབོད་པ་དེའང་ཡང་དག་པ་ཞིག་མིན་ཚུལ་གླེང་བ། 320
༤    ཡུལ་ཤུལ་ཞེས་པའི་མིང་འདི་ནི་ལོ་རྒྱུས་ཁུངས་བཙན་ཞིག་ཡིན་ཚུལ་གླེང་བ།     321
༥    ས་གཞི་ཆེན་མོ་འགུལ་བ་ཙམ་གྱིས་ཡུལ་ཤུལ་དེ་ཡུལ་གྱི་ཤུལ་ཙམ་དུ་བཏང་ཚུལ་གླེང་བ།  323
༦    སྐྱིད་ཀྱི་རྟ་ཕོ་མཉམ་གཞོན་དང་སྡུག་གི་ཁུར་པོ་མཉམ་འཁུར་བྱས་ཚུལ་གླེང་བ། 324
༧    སྟེང་ཕྱོགས་ལྷ་ཡུལ་ནས་ཕེབས་འདྲའི་ན་བཟའ་དམར་པོ་ཅན་གྱི་དང་བླངས་པ། 326

རབ་བྱེད་ལྔ་པ།
འབྱུང་བ་ནམ་མཁའི་སྡེ་ཚན་འདོ་བ་རྟ་ཡི་རྨིག་རྗེས།
དབུས་གཙང་ཁུལ་གྱི་གྲགས་ཅན་རྩོམ་པ་པོ་ཁ་ཤས་མཇལ་འཕྲད་བྱུང་བའི་སྐབས་ཀྱི་དྲན་འཆར།  331
༡    གླང་མདུན་དཔལ་འབྱོར། 331
༢    བསྟན་པ་ཡར་རྒྱས། 332
༣    བཀྲ་ཤིས་དཔལ་ལྡན། 334
༤    བསོད་ནམས། 335
༥    ཨོ་རྒྱན་རྡོ་རྗེ། 336
༦    མཁས་གྲུབ། 339
༧    ཕུན་ནོར།     341
༨    སོག་རུ་ཀརྨ་ཀུན་ཁྱབ། 343
༩    ཁ་བ་དཀར་པོ།     344
༡༠    རྟོགས་སད་ལྷ་མོ། 345
རང་གིས་རང་ལ་གཤེ་བའི་གཏམ་གནམ་ལྕགས་ཐོག་གི་ཞུན་ཁུ། 349
༡    མནོ་བསམ་ནང་དུ་བསྐོར་བའི་ཁྱེད་རང་ཡིན་དུས། 349
༢    ཨ་མའི་པང་དུ་ཉལ་བའི་གཅེས་ཕྲུག་ཡིན་དུས།     350
༣    དཔེ་ཁུག་རྒྱབ་ཏུ་འཁུར་བའི་སློབ་ཕྲུག་ཅིག་ཡིན་དུས། 352
༤    རྔུལ་ཆུའི་ནང་དུ་ལྷུང་བའི་ཞིང་འབྲོག་པ་ཞིག་ཡིན་དུས།     354
༥    དགོན་གྲོང་གཉིས་ཀར་རྒྱུ་བའི་གྲོང་ཆོག་པ་ཞིག་ཡིན་དུས། 355
༦    མཛུབ་མོའི་སྒྱུ་འཕྲུལ་ལ་རྩེན་པའི་རི་མོ་བ་ཞིག་ཡིན་དུས། 359
༧    ཁྲིད་སྟེགས་ཐོག་ཏུ་འགྱིང་བའི་དགེ་རྒན་ཞིག་ཡིན་དུས།     361
༨    བརྙན་འཕྲིན་པར་ཆས་མདུན་གྱི་གསར་འགོད་པ་ཡིན་དུས། 362
༩    ལས་ཞོར་རིག་རྩལ་ལ་ཞེན་པའི་རྩོམ་པ་པོ་ཞིག་ཡིན་དུས། 364
དུས་དེབ་ལ་བྲིས་པའི་སྔོན་འགྲོའི་གཏམ་ཁག་ཅིག 368
ང་ཚོར་མཁོ་བའི་ཅོང་སྒྲ།     368
ལམ་སྟོན་གསལ་བའི་སྒྲོན་མེའི་སྔོན་གླེང་།     370
བོད་རྒྱལ་གཉིས་པར་ཕུལ་བའི་མཇལ་དར། 373
སྔོན་བསུ་སྤོས་མེ་མདའ་དར། 375
ཕ་ནོར་བུས་འཛིན་གྱི་མཛད་བཟང་ལ་ཕུལ་བའི་སེམས་འགྱུ་དམར་པོ། 377
གླེང་གཞི་ཞོགས་པའི་དུང་བརྡ། 380
འཚོ་བྱེད་དྲུག་ཅུར་བགྱིད་པའི་ལག་གཡོབ། 383
རྩོམ་པ་པོ་དང་།    རྩོམ་སྒྲིག་པ།    ཀློག་པ་པོ་གསུམ་གྱི་སྐོར་ནས་ཆེས་ཐོག་མའི་བགྲོ་གླེང་། 387
དང་པོ།    རྩོམ་པ་པོའི་ཆེས་རྩ་བའི་བླང་དོར་གྱི་གནས་ལ་འཇུག་ཚུལ་སྐོར་ནས་བགྲོ་ཞིང་གླེང་བ།  389
གཉིས་པ།    རྩོམ་སྒྲིག་པས་ཆེས་རྩ་བའི་བླང་དོར་གང་ཞིག་དགོས་མིན་སྐོར་ནས་བགྲོ་ཞིང་གླེང་བ། 395
གསུམ་པ།    ཀློག་པ་པོའི་ཆེས་རྩ་བའི་བླང་དོར་གང་ཞིག་དགོས་མིན་སྐོར་ནས་བགྲོ་ཞིང་གླེང་བ།  399
རྩོམ་པ་པོའི་ཡིག་ཚགས།     404
མཇུག་གཏམ་རྫོགས་ཚིག་སྐྱེལ་བའི་ལག་བརྡ། 408

དཔྱད་བརྗོད། (1)Add Comment
ཞང་བོད་བུ་ཡི་བགྲོ་གླེང་།
དཔྱད་བརྗོད་པ། རེབ་སྐྱིད།, October 19, 2013
དེབ་ཆ་ཚང་ལ་བལྟ་མི་ཐུབ་བམ།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2013-07-15 )
 
རྩོམ་ཡིག་རྗེས་མ། >