Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
འདོད་པའི་བསྟན་བཅོས། དགེ་འདུན་ཆོས་འཕེལ།
འགྲུལ་པའི་གདེངས་འཇོག་སྐར།: / 786
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2008-09-04
འཕྲལ་བསྒྱུར།
འདོད་པའི་བསྟན་བཅོས། དགེ་འདུན་ཆོས་འཕེལ།
ཤོག་ངོས། 2
ཤོག་ངོས། 3
ཤོག་ངོས། 4
ཤོག་ངོས། 5
ཤོག་ངོས། 6
ཤོག་ངོས། 7

བུད་མེད་གང་གི་གཡོན་གྱི་འགྲམ་རྩ་རུ། །སྨེ་བ་དམར་པོའི་མདོག་ཅན་ཆགས་གྱུར་པ། །གཞོན་ནུའི་དུས་སུ་དཀའ་སྡུག་མྱང་མོད་ཀྱི། །སུམ་ཅུ་ལོན་ནས་བདེ་སྐྱིད་དཔལ་ཐོབ་འགྱུར། །གལ་ཏེ་སྨེ་བ་ནག་པོ་ཆགས་ན་ནི། །རང་ལོ་བཞི་བཅུའི་འོག་ཏུ་བདེ་ལྡན་འགྱུར། །གང་གི་དཔྲལ་བའི་དབུས་ཀྱི་སྐྲ་མཚམས་སུ་། །ཁ་དོག་ནག་པོའི་སྨེ་བ་ཆགས་གྱུར་པ། །རང་བཞིན་ངན་ཅིང་གྲོགས་དང་མཐུན་མི་འགྱུར། །གལ་ཏེ་དམར་པོ་ཆགས་ན་ཁྱོ་ཡིས་བྱམས། །དཔྲལ་བའི་གཡོན་དུ་སྨེ་བ་ཆགས་པ་ནི། །ཀུན་གྱིས་བྱམས་ཤིང་ནོར་དང་བཀུར་བསྟི་རྙེད། །གལ་ཏེ་དཔྲལ་བའི་གཡས་སུ་ཆགས་ན་ནི། །གང་བརྩམ་ལས་རྣམས་མཐའ་རུ་ཕྱིན་མི་འགྱུར། །གང་གི་གཡོན་གྱི་སྨིན་མའི་འོག་དག་ཏུ། །སྨེ་བ་ལྗང་ཁུའི་ཕྲེང་བ་ཆགས་གྱུར་པ། །རྒྱ་ཆེན་ལོངས་སྤྱོད་དག་དང་འཕྲད་འགྱུར་ཞིང་། །ཚུལ་ཁྲིམས་གཙང་ཞིང་བདག་པོས་བྱམས་པར་འགྱུར། །སྨེ་བ་དམར་པོ་མིག་གི་གྲྭར་ཆགས་པ། །མྱ་ངན་མི་འབྲལ་མཚོན་གྱི་འོག་ཏུ་འཆི། །མཁུར་ཚོས་དག་ལ་སྨེ་བ་ཆགས་པ་ནི། །ཤིན་ཏུ་འབྱོར་མིན་ཤིན་ཏུ་དངུལ་མི་འགྱུར། །གང་གི་སྣ་ལ་སྨེ་བ་ཆགས་པ་ནི། །ཐག་རིང་ཡུལ་བགྲོད་གང་བརྩམ་བྱ་བ་འགྲུབ། །འགྲམ་ལྟག་གཡས་སུ་སྨེ་བ་ཆགས་པ་ནི་། །རྟག་ཏུ་དྲག་པོའི་སྡུག་བསྔལ་མྱོང་བར་བཤད། །ཁ་ཡི་ཉེ་འཁོར་དག་ལ་སྨེ་བ་ཡོད། །ཀུན་གྱིས་བྱམས་ཤིང་ཟས་ནོར་ལོངས་སྤྱོད་རྙེད། །གང་གི་འོལ་ཀོར་སྨེ་བ་ཆགས་པ་ནི། །ཐེ་ཚོམ་མེད་པར་ནོར་གྱི་བདག་པོར་འགྱུར། །དེ་བཞིན་རྣ་བའི་གོང་དུ་སྨེ་བ་ཆགས། །འཁྲུགས༼་ཡང་སྐྱེ་བོ་ཀུན་གྱིས་བཀུར་བར་བཤད། མགྲིན་པའི་སྟེང་དུ་སྨེ་བ་ཆགས་པ་ནི། །རེ་བ་མེད་པའི་ཕྱོགས་ནས་ལོངས་སྤྱོད་ཐོབ། །གཡོན་གྱི་ནུ་མར་སྨེ་བ་ཆགས་གྱུར་ན། །བུ་མོ་མང་དུ་སྐྱེ་ཞིང་སྡུག་བསྔལ་འགྱུར། །བུད་མེད་གང་གི་གཡས་པའི་ནུ་མ་ལ། །སྨེ་བ་ཆགས་པས་བུམ་ལ་བཙའ་བར་བཤར། །གཡས་གཡོན་ཕྲག་པར་སྨེ་བ་ཆགས་པ་ནི། །ཀུན་གྱིས་ནོན་པར་དཀའ་བའི་སྟོབས་ལྡན་འགྱུར། །བྲང་ལ་སྨེ་བ་ཆགས་ན་བསམ་པ་ངན། །ལྟོ་བར་སྨེ་བ་ཆགས་ན་ལྟོ་འདོད་ཆེ། །དེ་ལྟར་བུད་མེད་ལུས་ཀྱི་གཡོན་ཕྱོགས་ལ། །སྦྱར་ཏེ་དགེ་སྡིག་མཚན་མ་གང་བཤད་པ། །སྐྱེས་པ་རྣམས་ལ་གཡས་སུ་ལྡོག་སྟེ་སྦྱར། 

 

 

 

 

འོན་ཀྱང་འདི་ལ་ཡིད་བརྟན་ཆེར་མ་མཆིས། །བཅུ་གཉིས་ལོ་ཡི་འོག་ཏུ་གནས་པ་ཡི། །བུད་མེད་རྣམས་ནི་གཞོན་ནུ་མ་རུ་བརྗོད། །སོ་རྩི་ལ་དུ་ལ་སོགས་སྦྱིན་བྱ་ཞིང་། །འོ་བྱ་དགའ་བའི་གཏམ་ཡང་བརྗོད་པར་བྱ། །བཅུ་གསུམ་ནས་བཟུང་ཉེར་ལྔ་ལོན་གྱི་བར། །བུད་མེད་དར་མ་ཉིད་དུ་བརྗོད་པ་སྟེ། །འོ་དང་སེན་མོ་ལ་སོགས་གདབ་བྱ་ཞིང་། །ལྷན་ཅིག་འགྲོག་སྟེ་དགའ་བ་མྱང་བར་བྱ། །ཉེར་དྲུག་ནས་ནི་ལྔ་བཅུ་ལོན་གྱི་བར། །སྨིན་པའི་བུད་མེད་ཉིད་དུ་བརྗོད་བྱ་སྟེ། །ཆགས་པའི་གཏམ་དང་སོ་དང་སེན་མོ་སྦྱིན། །དེ་བཞིན་འདོད་པའི་ལོངས་སྤྱོད་སྦྱིན་པར་བྱ། །ལྔ་བཅུ་བརྒལ་བར་གྱུར་བུད་མེད་རྣམས། །རྒན་མོ་ཉིད་དུ་བརྗོད་པར་བྱ་བ་སྟེ། །སྙན་དང་ཞེ་སའི་ཚིག་གིས་བཀུར་བྱ་ཞིང་། །འཕྲལ་ཕུག་ལེགས་བའི་གྲོས་ཀྱང་འདྲི་བར་བྱ། །འདོད་ཁམས་ས་ཡི་སྟེང་དུ་སྐྱེས་པའི་མི། །མི་མཐུན་རིགས་ཅན་ཕོ་མོ་གཉིས་ཀས་འདོད། །འདོད་པའི་བདེ་བ་བདེ་བའི་ནང་ན་མཆོག །མཆོག་དམན་ཀུན་གྱིས་རྙེད་པར་སླ་བའང་ཡིན། །གལ་ཏེ་འཁྲིག་པའི་འབྲེལ་བས་མ་བསྡུས་ན། །ཕོ་མོའི་རིགས་ནི་འདི་ལྟར་ཐ་དད་པས། །འཇིག་རྟེན་ཁམས་སུ་སྡེ་གཉིས་ཆད་གྱུར་ཏེ། །རྟག་དུ་གཡུལ་དང་རྒོད་ཀྱིས་གནས་པར་ངེས། །དགོན་པའི་ནགས་སུ་བཞུགས་པའི་དགེ་སློང་རྣམས། །འདི་ཡི་རིན་ཐང་ཆེ་ཆུང་མི་མཁྱེན་མོད། །དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་ཀྱང་། །ཐོག་པའི་རྟེན་འབྲེལ་དང་པོ་དེ་ནས་འགྲིག །འཁྲིག་པ་སྤངས་ན་མི་ཡི་འཇིག་རྟེན་ཁམས་། །སྐད་ཅིག་ཙམ་ལ་ངེས་པར་སྟོང་འགྱུར་ཞིང་། །མི་ཡི་སེམས་ཅན་མེད་ན་དགེ་སློང་དང་། །སངས་རྒྱས་བསྟན་པ་དེ་ལས་ག་ལ་འོང་། །རྒྱན་དྲུག་མཆོག་གཉིས་རྒྱ་གར་ཡུལ་དུ་བྱོན། །སྟོན་པ་གཤེན་རབ་འོལ་མོ་ལུང་དུ་འཁྲུངས། །ཏྰ་མིང་རྒྱལ་བོ་རྒྱ་ནག་མཁར་དུ་སྐྱེས། །དངོས་པོའི་འབྱུང་ས་གང་ཡིན་བཤད་མི་དགོས། །ཚངས་པའི་ཁ་ལས་བྲམ་ཟེའི་རིགས་བྱུང་ཞེས། །མུ་སྟེགས་གཞུང་ལས་བཤད་པ་བདེན་དཀའ་ཡང་། །བུད་མེད་འདོམས་ནས་རིགས་བཞི་ཀུན་སྐྱེས་པ། །མཁས་བླུན་སྐྱེ་བོ་སུས་ཀྱང་བསྙོན་དུ་མེད། །ནོར་དང་དབང་ཐང་བྲལ་བའི་ཕོ་མོ་ཡང་། །མལ་གྱི་ནང་ན་མཐོ་རིས་བདེ་བ་རྫོགས། །མགོ་བོ་དུང་ལས་དཀར་བའི་རྒད་པོ་ཡང་། །རྒན་མོའི་རུམ་ན་བརྗོད་མེད་དགའ་བ་མྱོང་། །བསམ་པ་ངན་པས་བསྡམ་ཞིང་བརྡེག་པ་མིན། །གནོད་པའི་སེམས་ཀྱིས་མདུང་གིས་ཕུག་པ་མིན། །འདོད་པའི་མི་ལ་འདོད་པ་སྦྱིན་པ་ལ། །དགེ་བ་མེད་ཀྱང་སྡིག་པ་ག་ལ་ཡོང་། །འདོད་པ་ཅན་ལ་བུད་མེད་སྤྲོད་པ་ནི། །སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ཡིན་ཞེས། །དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུར་གསུངས།

 

དཔྱད་བརྗོད། (66)Add Comment
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། དོན་གྲུབ་བཀྲ་ཤིས།, September 17, 2017
འདོད་པའི་བསྟན་བཅོས་ཟེར་བའི་དཔེ་དེབ་འདི་དངོས་གནས་ཡག་པོ་འདུག རྗེས་སུ་ཡི་རིང་ཡོད། བཀའ་དྲིན་ཆེ།
...
དཔྱད་བརྗོད་པ། འདོད་ལྡན།, February 07, 2016
རྒྱོ་ཡག་པོ་དགོས་ན་ང་རང་བོས་ཤོག།
...
དཔྱད་བརྗོད་པ། ཆར་འདོད་བྱེའུ།, January 16, 2016
གལ་ཏེ་གློག་རྡུལ་པར་མ་ཡོད་ན་ཕྲན་ལ་གཅིག་བསྐུར་རོགས་ཞུ་གི་ཡིན་ །བཀའ་དྲིན་ཆེ།།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
...
དཔྱད་བརྗོད་པ། བཙན་པོ་ཚང་།, January 12, 2016
འཕྲུལ་དེབ་ཡོད་ན་གཅིག་སྐུར་རོགས་ཞུ།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
ལུག་རུ་ནས།
དཔྱད་བརྗོད་པ། ལུག་རུ་, January 03, 2016
དེང་སང་བུད་མེད་ཁ་ཤས་ལོ་ཡར་ཙམ་ལོན་དུས་འདོད་པ་སྤྱོད་འདོད་མེད་གྱུར་ནས་རང་གི་ཁྱོ་ལ་ཁ་ཡ་མི་བྱེད་ནས་གཟའ་ཚང་བར་འགལ་ཟླ་འགྲོ་བཞིན་འདུག་ བུད་མེད་འདྲ་ཆག་དུས་འདོད་པ་འཕེལ་བའི་ཐབས་གང་འདྲ་ཡོད་རེད། ཐབས་འདིའི་རིགས་དགེ་ཆོས་ཀྱི་བསྟན་བཅོས་ཡོད་རེད་དམ།
སེང་ལྕམ་འབྲུག་མོ།
དཔྱད་བརྗོད་པ། མོ་སྟོན་ཕག་མགོ།, November 20, 2015
གངས་ཅན་ཕོ་གཞོན་མོ་གཞོན་རྣམས་ལ་གདམས་པ།
འདོད་པའི་བསྟན་བཅོས་ནི་བསྟན་བཅོས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། འདོད་པའི་ལོངས་སྤྱོད་ནི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། ནམ་རྒྱུན་འདོད་སྤྱོད་ནི་ཁས་བརྗོད་མི་ཕོད་ལ་ཀུན་གྱི་ཡིད་ལ་འཐད་པའི་བྱ་བ་འགངས་ཆེན་ཞིག་ཡིན། ང་ཚོ་བོད་མིའི་འདོད་རྩེད་ཀྱི་བྱ་གཞག་སྐོར་ལ་ཤིན་ཏུ་མི་འཐད་དེ། གང་ཡིན་ཞེ་ན། ཕྲད་མ་ཐག་ཏུ་ཕྱུགས་ཀྱི་སྤྱོད་པ་ལྟར་འདོད་པ་སློང་བའི་སྔོན་འགྲོ་གང་ཡང་མི་ཤེས་པ་དང་། སྐད་གོ་དོགས་དང་། ཁུ་བ་མགྱོགས་པོར་ཕྱུང་བ་སོགས་ཤིན་ཏུ་ཐ་ཆད་ཅིག་ཡིན་ནོ།། ཕྱི་གླིང་པ་སོགས་ཡིན་ན་དང་པོ་འོ་བྱེད་པ་དང་། ནུ་མ་འཕུར་བ་དང་། མཚན་མ་མཉེད་པ། གཡའ་སར་ཟ་འཕྲུག་སློང་བ། ཕན་ཚུན་མཚན་མ་ལྡག་གཞིན་མྱོང་བ། ལུས་ཀུན་སོ་སེན་གྱིས་འདྲད་སྦར་བྱེད་པ་དང་། མདོར་ན་གཡའ་ཆུ་མ་འབྱིན་གྱི་བར་དུ་རྩེད་སྦྱོར་རོལ་བ་ནི་འདོད་པའི་སྟ་གོན་མཆོག་ཏུ་གྱུར་པ་ཡིན་ནོ།། མི་རིགས་གཞན་པའི་ལུགས་ལྟར་འཕྲུལ་ཆས་ཀྱིས་འདོད་སློང་བྱེད་པ་ནི་ཤིན་ཏུ་མི་རུང་པའམ་མི་རིགས་པར་སྙམ། དངོས་སུ་འདོད་སྤྱོད་ལ་རོལ་སྐབས་རྒྱབ་ནས་ཞོན་པ་དང་། སྟེང་དུ་ཁྱེར་བ་སོགས་མདོར་ན་རིག་པས་གང་དཔོགས་དཔྱད་ནས་རྒྱོ་བར་བྱའོ།། སྐད་འབྱིན་པའི་སྐོར་ལ་ཡང་། ངུ་བ་དང་། འཁུན་པ། འབོད་པ་སོགས་གང་ལྟར་དོགས་ཟོན་མེད་པའི་ངང་ནས་ཅི་བདེར་བརྗོད་པར་བྱའོ།། དེའང་གནས་དབེན་པ་ལྟ་བུའི་ཆ་རྐྱེན་ཨེ་འཛོམས་བལྟ་དགོས། འདོད་བསྟན་འདིའང་ཕྱི་གླིང་སོགས་ཀྱིས་འདོད་སྤྱོད་དང་ཀུན་ནས་མཚུངས་པས། དེ་དག་ལ་ལེགས་པར་དཔྱད་ནས་ལག་ལེན་བྱེད་པར་འཚལ།
སྟུ།
དཔྱད་བརྗོད་པ། , July 11, 2015
བུད་མེད་དཔྱད་ན་བདེ་བ་ཆེན་པོ་ཡོད་མེད་དེ་རང་རང་གི་ཉམས་མྱོང་ལ་བསྟེན་དགོས་པ་རེད།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། ཨ་ཁུ་སྟོན་པ།, July 01, 2015
འདོད་པའི་བསྟན་བཅོས་འདི་འཕུལ་དེབ་ནང་ཕབ་ཐུབ་བམ།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། ཨ་ཁུ་སྟོན་པ།, July 01, 2015
འདོད་པའི་བསྟན་བཅོས་འཕྲུལ་དེབ་ཕབ་ཐུབ་ཀྱིས་ཡོད་དམ།
good
དཔྱད་བརྗོད་པ། renqingtibet, September 15, 2014
ཡག་པོ་འདུག ངེད་ཅག་ལ་ཕྱོགས་གང་ཐད་ནས་ཀྱང་འཕེལ་རྒྱས་སུ་འགྲོ་དགོས་པས་མུ་མཐུད་སྤེལ་རོགས། སྐུ་དྲིན་ཆེལགས།
རྒྱ་གར།
དཔྱད་བརྗོད་པ། འབྱེ་ཆེ།, September 09, 2014
གྲོགས་པོ་ལགས། བུ་མོ་ལ་འཕུར་འཕུར་བཏང་བ་ལ་ཡི་གེ་ཞིག་དགོས་ཀྱི་མ་རེད། གང་ཡིན་ཞེ་ཁྱེད་ཀྱི་རླུག་པ་དང་བུ་མོའི་སྟུ་དེ་ནི་གལ་ཆེ་བས་ལག་ཆ་་ཡིན།

རེ་བ་ཞུ་རྒྱུར།
དཔྱད་བརྗོད་པ། དབང་རྒྱལ།, August 25, 2014
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། དབང་རྒྱལ།, August 25, 2014
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
...
དཔྱད་བརྗོད་པ། རྔོ་རྡོ།, May 09, 2014
བསྟན་བཅོས་འདི་ངའི་གོ་མྱོང ཡིན་ཡང་རྒལ་པོ་ང་ལོ་ན་ཆེ་བའི་རྐྱེན་ནམ
མཐུན་རྐྱེན་མ་འཛོམས་པའི་ད་བར་ཆ་ཚང་བ་ཞིག་ལྟ་མ་མྱོང་ལ ང་ད་ལོ་ལོ་དྲུག་བཅུ་རེ་བདུན་ཡིན གལ་ཏེ་གློག་རྡུལ་འཕྲུལ་དེབ་བམ་པར་རིས་ཆ་ཚང་བ་ཞིག་ཡོད་ཚེ་ངའི་ངེས་པར་དུ་ལྟ་ན་འདོད།།
...
དཔྱད་བརྗོད་པ། མིག་དམར།, April 29, 2014
ཡག་པོ་འདུག འོན་ཀྱང་ཆ་ཚང་མིན་འདུག
ཟཀས
དཔྱད་བརྗོད་པ། འདཤསའབད, April 25, 2014
ང་ཡང་ཧ་ཅང་བལྟ་འདོད་དེ། ཡིནའང་། དེ་ཙམ་གྱི་གློག་རྡུལ་པར་མ་ཡག་པོ་དེ་འདྲ་མ་བྱུང་། སླད་མར་ཁྱེད་རྣམས་པས་དེ་འདྲ་ཞིག་བསྒྲིགས་བཟོ་ཡོད་པ་མཁྱེན། མཁྱེན།
...
དཔྱད་བརྗོད་པ། དོན་གྲུབ།, April 07, 2014
བསྟན་བཅོས་དེ་བདག་གི་ངག་ཐོག་ན་ཡོད་མོད། འོན་ཀྱང་ཁོམ་པ་མིན་འདུག
འདོད་པའི་བསྟན་བཅོས།
དཔྱད་བརྗོད་པ། ཡེ་རྡོར12540, April 06, 2014
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན། ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག

བབ
དཔྱད་བརྗོད་པ། ཚེ་རིང་། , March 13, 2014
བལྟ་རྒྱུ་ཡོད་ཀི
...
དཔྱད་བརྗོད་པ། དགེ་འདུན་བསྟན་པ, March 09, 2014
ང་ལྟ་འདོད་ཧ་ཅང་ཆེ
འདོད་པའི་བསྟན་བཅོས
དཔྱད་བརྗོད་པ། དགེ་འདུན་བསྟན་པ, March 09, 2014
ང་འདོད་བསྟན་ལ་ཧ་ཅང་སྤྲོ་བ་ཆེ་བའི་་་ཆ་ཚང་ཞིག་ཡོད་ན་ཅི་མ་རོང
...
དཔྱད་བརྗོད་པ། ཟླ་བ་ཚེ་རིང་།, November 26, 2013

འདོད་པའི་བསྟན་བཅོས་འདི་ཆ་ཚང་བ་ཞིག་དྲྭ་ཐོགཏུ་འགོད་ཐུབ་ན་ལེགས།
གསར་བུ་གསར་མོ་རྣམས་ལ་རེ་བའི་སྙན་དབྱངས།
དཔྱད་བརྗོད་པ། སྙིང་ཉེ་བའི་བོད་ཕྲུག་ཆུང་ཆུང་།, September 22, 2013
དྲ་ཐོག་ཏུ་ཕེབས་པའི་རིས་མེད་ཀྱི་བུ་དང་བུ་མོ་ཚོ། ཁྱོད་ཚོས་འདོད་པའི་བསྟན་བཅོས་ལས་བསྟན་པ་ནང་བཞིན་དངོས་སུ་འདོད་སྤྱོད་བྱས་ཨེ་མྱོང་། ངས་བལྟས་ན་ཕལ་ཆེར་བྱེད་ཐུབ་ཡོད་ཀྱི་མ་རེད། གང་རེད་ཟེར་ན། དགེ་ཆོས་ཁོང་ལྟ་བུའི་ཤེས་རབ་ཀྱི་རྣམ་དཔྱོད་དྭངས་མས་མགོ་འཇུག་ལྡོག་པ་དང་། འདུག་མ་ལངས། ལངས་མ་གོག འཕྲད་ཟུར་གང་བདེ་ གཡས་བསྐྱང་གཡོན་བསྐུམ ད་དུང་གདངས་དམའ་ལ་ཆ་མི་སྙོམ་པའི་འཁུན་སྒྲའི་དབྱངས་རྟ སིལ་སྒྲའི་འཇམ་སྙན་གྱི་འགྱུར་ཁུགས ངུ་མ་དགོད་ དགོད་མ་བཤད ཞིམ་མངར་ལྡན་པའི་འོ་ དགའ་བའི་སོ་འདེབས་པ་ སྐྱིད་པའི་སྦར་ཤད་ ཉམས་འགྱུར་གྱི་སྟངས་སྟབས་ཁྲོད་དུ་བྷ་གྷའི་བསིལ་ཆུ མདོར་ན་དེང་སང་ལོ་ལོན་རྒན་པོ་རྣམས་ཕར་ཞོག གཞོན་ནུ་ཚོས་ཀྱང་གནས་སྐབས་ཀྱི་འདོད་བདེ་ཙམ་ལས་འདི་འདྲའི་འཐུས་ཚང་བ་ཞིག་རོལ་མྱོང་ཐུབ་ཚོད་མ་རེད དེའི་ཕྱིར་དགེ་ཆོས་ཁོང་ལྟ་བུའི་ཤེས་རབ་ཀྱི་རྣམ་དཔྱོད་ཀྱི་ཆ་ཤས་ལས་གཙོ་བོ་འདོད་མྱོང་འདི་ཉིད་ཁ་ཚ་དགོས་གཏུགས་དང་ངེས་པར་རྒྱུན་ལྡན་དུ་མཁོ་བས་བོད་ཀྱི་གསར་བུ་དང་གསར་མོ་ཚོས་དོ་ནན་ཆེ་ཙམ་བྱས་ཏེ་སློབ་སྦྱོང་ཧུར་ཐག་བྱས་ན་ཧ་ཅང་བཟང་།
...
དཔྱད་བརྗོད་པ། སྨྱོན་གངས་ཕྲུག་, September 22, 2013
གལ་ཏེ་དགེ་འདུན་ཆོས་འཕེལ་གྱི་《འདོད་པའི་བསྟན་བཅོས་》ཆ་ཚང་ཞིག་དང་དོན་གྲུབ་རྒྱལ་གྱི་གསུངས་འབུམ་ཡོད་ན་དེར་ ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག བསྐུར་རོགས་གནང་ཐུགས་རྗེ་ཆེ།
cc
དཔྱད་བརྗོད་པ། zz, September 15, 2013
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན། ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
བོད་ལྗོངས་འཇོ་མདའ་རྫོང་།
དཔྱད་བརྗོད་པ། ཧི་མ་ལ་ཡ།, April 03, 2013
འདོད་པའི་བསྟན་བཅོས་འདི་ཆ་ཚང་བ་ཞིག་དྲྭ་ཐོགཏུ་འགོད་ཐུབ་ན་ལེགས།
...
དཔྱད་བརྗོད་པ། པད་མ་ཐར།, February 18, 2013
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆ་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་ཡང་བསྐུར་གནང་ཡོད་པ། མཁྱེན་༧༢༩༩༤༥༩༩༤@qq.com
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། བསམ་གཏན་ཨཅཱརྱ།, January 26, 2013
ཁྱིམ་པ་ཞིག་ཡིན་ན་ལྟ་བསྟན་བཅོས་འདི་ཀློག་ན་ཡག་པོ་ཡོད། ཡིན་ན་ཡང་གྲྭ་པ་ཞིག་ཡིན་ན་དེབ་འདི་མ་གཟིགས་ན་ཡག་གི་རེད། ང་ལ་ཡང་། སྡོམ་པའི་མགོ་བོ་སྔོན་ནས་མེད་མོད་ཀྱང་། །རྫུ་བའི་ལྷག་མ་བསྟན་བཅོས་འདི་ཡིས་བཅད།། ཧ་ཧ། དེབ་འདི་དགོས་ན་ ང་ལ་ PDFཐོག་ཏུ་ཡོད། ངའི་ཁ་བྱང་ཐོག་འབྲེལ་བ་མཛད་གནང་། རྡོ་འབུམ་རིག་མཛོད་ཁང་གིས་ཁྱེད་རྣམས་ལ་དེབ་འདི་གནང་མདོག་ཁག་པོ་མ་རེད།
...
དཔྱད་བརྗོད་པ། ཨཤོཀ, January 10, 2013
བོད་ཀྱི་ཡུལ་ནས་བོད་མོ་ཐབས་ཀྱི་གཡེམ།།
རྒྱ་ནག་ཡུལ་ནས་རྒྱ་མོ་སྒོར་གྱི་གཡེམ།།
ཁ་ཆེའི་ཡུལ་གྱི་བུ་མོ་བཙན་གྱི་གཡེམ།།
མདོར་ན་འདོད་པའི་དོན་དུ་རྔམ་ཞིང་རྒྱུག།
...
དཔྱད་བརྗོད་པ། གཡང་རྒོད།, December 05, 2012
ཡིག་ནོར་དང་ཆད་ལྷག་མང་པོ་འདུག་པས། ཐུགས་གཟབ་གནང་བར་མཁྱེན།
...
དཔྱད་བརྗོད་པ། སེང་སྲས, October 01, 2012
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
...
དཔྱད་བརྗོད་པ། སེང་སྲས, October 01, 2012
གལ་ཏེ་དེབ་དེ་ཆ་ཚང་བའི་གློག་རྡུལ་པར་མ་ཡོད་ན་བདག་ལ་ཅིག་བསྐུར་རོགས་ཞུ།
འདོད་པའི་ལོངས་སྤྱོད།
དཔྱད་བརྗོད་པ། ཁམས་འཛུམ་གྲོལ།, June 26, 2012
སྐྱེས་པའི་ལིང་ག་རྩད་ནས་མ་ཆད་ཅིང་།།
བུད་མེད་བྷ་གའི་ཁ་སྒོ་མ་ཟུམ་པའི།།
སུས་ཀྱང་འཁྲིགས་པའི་བདེ་བ་མི་རྟེན་པ།།
འཇིག་རྟེན་འདི་རུ་སྐྱེས་པའི་དོན་གོ་ཆུང་།།
ཁམས་འཛུམ་གྲོལ་གྱིས།
4
དཔྱད་བརྗོད་པ། 5, June 23, 2012
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན། ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
...
དཔྱད་བརྗོད་པ། 惩半︽兵邦︽, June 06, 2012
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
རེ་བ་ཞུ་རྒྱུ།
དཔྱད་བརྗོད་པ། ཚེ་རིང་, March 14, 2012
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
རང་གི་བསམ་བློའི་སྣང་ཚུལ
དཔྱད་བརྗོད་པ། སྒང་གཤེན་སྨྱུག་གིས, March 13, 2012
གྲོགས་པོ་རྣམས་པ་ལགས། འདོད་པའི་བསྟན་བཅོས་འདི་ལ་བལྟས་ནས་མཇུག་ལེགས་པོ་ཞིག་རྫོགས་མེད་
པས་མི་མང་པོ་ཞིག་ལ་མགྲིན་ཆུ་སྡང་བ་དང་འདོད་པ་ཇེ་ཆེ་རུ་གཏོང་ཡོད་པ་ཁོ་ཐག་ཡིན་རྒྱུ་རེད།
ང་ལ་ཡང་དེ་འདྲིའི་སྣང་བ་ཞིག་སྐྱེས་བྱུང་། གང་ལྟར་ང་ཚོ་ལ་དཔེ་ཆ་བལྟ་རྒྱུའི་སྤྲོ་བ་ཞིག་གཏེར་བ་ཡིན་པ་
ཁོ་ཐག་རེད། འདི་ནས་མི་མང་པོ་ཞིག་སྤྲོ་བ་གཏེར་ཐུབ་ལ། འདི་ནས་མི་མང་པོ་ཞིག་ལ་མྱོང་ཚོར་གྱི་
བདེ་བ་ཞིག་ཕྱིར་དྲན་བྱེད་ཐུབ།ང་ཚོ་ཚང་མའི་ཡིག་ནོར་ལ་གཟབ་དགོས།
...
དཔྱད་བརྗོད་པ། ཟླ་སྲས་, March 07, 2012
ཡག་པོ་འདུག་
...
དཔྱད་བརྗོད་པ། བཀྲ་ཤིས།, February 01, 2012
འདོད་པའི་བསྟན་བཅོས་ཆ་ཚང་ཞིག་འདིའི་ནང་ ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག བསྐུར་རོགས་ཞུ།།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། ཐོ་ཚ་ཐུབ་པད།, January 12, 2012
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན། ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
...
དཔྱད་བརྗོད་པ། ཀུན, December 07, 2011
[/img[b][/b]] smilies/wink.gif
谢谢
དཔྱད་བརྗོད་པ། xyhh, June 24, 2011
uyjnbvjbmd,xzv,bv决定,密保卡了名字 发动机萨克的手机费尼可拉斯 的就是可能刚开始的回归理论框架
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། མ་ཚ྄ང་།, June 17, 2011
དགེ་ཆོས་མཆོག་གིས་བརྩམས་ཆོས་་་ རྒྱལ་ཁམས་འགྲིམ་པའི་གཏམ་རྒྱུད་་་་ སུ་ལ་ཡོད་ན་གོང་གི་གློག་རྡུལ་ཁ་བྱང་སྟེང་བསྐུར་རོགས་ཞུ།
ང་ལ་རེ་བ་ཞིག་ཡོད་གི་
དཔྱད་བརྗོད་པ། ཁམས་རྡོ་རྗེ་, April 23, 2011
ང་ཡི་གློག་རྡུལ་ནང་དུ་《འདོད་པའི་བསྟན་བཅོས། 》ཞེས་པ་མཁས་དབང་དམ་པ་དགེ་འདུན་ཆོས་འཕེལ་ལགས་ཀྱིསརྩོ་དེབགཅིག་བསྐུར་རོགས་ཞུ། ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
...
དཔྱད་བརྗོད་པ། གདུགས་པ, April 04, 2011
smilies/smiley.gif smilies/smiley.gif smilies/smiley.gif
ཆད་འདུག
དཔྱད་བརྗོད་པ། གསར་མོ, March 08, 2011
ཡི་གེ་ཆད་ལྷག་ཡོད་པ་འདྲ། ཡིད་གཟབ་བྱེད་རོགས།
རྡོ་འབུམ་ཟིན་བྲིས་ཁ་ཕྱེ་མི་ཐུབ་ཅི་རེད།
དཔྱད་བརྗོད་པ། བི་བི་ལང་ལང་།, February 06, 2011
རྡོ་འབུམ་ཚང་གི་དོ་དམ་པ་རྣམ་པར་འདོད་པའི་བསྟན་བཅོས་མཇུག་ནས་འཚམ་འདྲི་ཞུ།
ལོ་སར་བཟང་།
ཉེ་ལམ་ཟིན་བྲིས་ཀྱི་སྒོ་འབྱེད་མི་ཐུབ་པ་ཅི་རེད་ཞིབ་འཇུག་གནང་རོགས།
http://www.dawakarpo.com/
དཔྱད་བརྗོད་པ། བདེ་གྲུབ། , December 31, 2010
ཡག་པོ་འདུག
...
དཔྱད་བརྗོད་པ། བདེ་གྲུབ། , December 31, 2010
ཡག་པོ་འདུག།
dhondup09gmail.com
དཔྱད་བརྗོད་པ། དོན་གྲུབ།, September 23, 2010
འདོད་པའི་བསྟན་བཅོས་ཀྱི་འཕྲོ་གཤམ་གྱི་ཁ་བྱས་ཐོག་ཏུ་གཅིག་བསྐུར་རོགས་ཞུ།
dhondup09gmail.com
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། བཀྲ་ཤིས།, June 07, 2010
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་གནང་ཡོད་པ་མཁྱེན།།
ཐུགས་བརྗེ་ཆེ།
...
དཔྱད་བརྗོད་པ། སྤེན་པ།, June 07, 2010
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
རིན་ཐང་འདུག
དཔྱད་བརྗོད་པ། ཨ་སྐྱོ།, May 18, 2010
འདི་འདྲའི་རིན་ཐང་ཆེ་བའི་རྩོམ་ཡིག་རེ་དྲ་ཐོག་ཏུ་གཏོང་ཐུབ་པ་ནི་ང་ཚོ་བོད་རིགས་གཞོན་ནུ་རྣམས་ལ་མཚོན་ན། དགའ་འོས་པའི་དོན་ཞིག་མ་ཡིན་ནམ།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། pasang, May 09, 2010
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
དྲ་ཚིགས་འདི་ཡིས་བྲིན་ཆེ་ཤོས་འདོད་པའི་བསྟན་བཅོས་རེད་འདུག
དཔྱད་བརྗོད་པ། chudron, April 27, 2010
དཔེ་ཀློག་ཁང་ཞིག་གམ་དཔེ་མཛོད་ནང་དུ་སོང་ན་འདོད་བསྟན་ཀློག་མཁན་ཕལ་ཆེར་མཐོང་མྱོང་མེད། དེ་རིང་འདི་ན་སླེབས་དུས་ཀློག་ཐེངས་མང་བའི་རྩོམ་ཡིག་གི་ནང་ཨང་དང་པོའི་གཟེངས་རྟགས་དེ་འདོད་བསྟན་ལ་ཐོབ་ཡོད་པར་མཐོང་རྗེས་ཚོར་སྣང་ཁེ་མཚར་ཞིག་བྱུང་།
...
དཔྱད་བརྗོད་པ། གང་བུ་ནས, April 25, 2010
གང་ལྟར་གྱང་ང་ཧ་ཅང་མཐུད
ཐུཊ་བསུན་ཞུས་སོ་
དཔྱད་བརྗོད་པ། གདོང་དམར་བ་, April 22, 2010
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
ཐུཊ་བསུན་བཟོས་སོ་་་་་ ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དགེ་འདུན་ཆོས་འཕེལ།
དཔྱད་བརྗོད་པ། དུག་གྲི, March 29, 2010
རྒྱ་གར་ཡུལ་ནས་རྒྱ་མོ་སྤྱོད་པའི་གོ་སྐབས་མ་བྱུང་ཡང་།།
བོད་ཀྱི་ཡུལ་གྱི་མཛེས་མའི་འཇམ་མཉེན་ལུས་དང་ནི་ཟུང་ལས།།
སྤྲོ་བའི་བདེ་བ་དཔག་མེད་མྱོང་བའི་རྣམ་ཤེས་འཁྱམས་པོའི་སེམས།།
དགེ་ཆོས་འདི་ཡིས་གནས་ལུགས་དམར་རྒྱན་བཤད་པ་སེམས་ཀྱིས་མྱང་།།
དེང་དུས་ཀྱི་དྲ་བ།
དཔྱད་བརྗོད་པ། བཀྲ་ཤིས་དེན་གྲུབ།, March 28, 2010
དེང་སང་རང་ཉིད་ཀྱིས་བོད་ཡིག་ཆུ་ཚད་མ་བཐོ་རུང་ཉིན་ལྟར་བོད་ཡིག་དྲ་ཐོག་ལྟ་ཐུབ་པ་ནི་དགའ་པོ་ཞེ་དྲག་འདུག།
...
དཔྱད་བརྗོད་པ། བསམ་གཏན་, November 10, 2009
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆ་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་ཡང་བསྐུར་གནང་ཡོད་པ། མཁྱེན་ ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག འམ་ཡང་ན་ ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག བཀའ་དྲིན་ཆེ་ཞུ་།།།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། གཡག་, September 16, 2009
དེང་སང་མི་ཡི་རྣམ་དཔྱོད་ལ་རྟེན་འཛམ་གླིང་འདི་ཧ་ཅང་གི་ཆུང་ངུ་ཞིག་ཏུ་བསྐྲུན་པར་བྱས་ཡོད།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། gonpo, September 11, 2009
བཀྲ་ཤིས་བདེ་ལེགས་ཞུ།
རེ་བ་ཞུ་
དཔྱད་བརྗོད་པ། རིན་ཆེན་རྡོ་རྗེ་, September 06, 2009
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
འབྲུག་ཡུལ་
དཔྱད་བརྗོད་པ། ཀརྨ་ཚེ་རིང་, March 19, 2009
༄༅།།དེང་སང་འཛམ་གླིང་ཡོངས་ལ་ཡ་མཚན་པའི་འཕྲུལ་རིག་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་དང་འབྱུང་བཞིན་པ་ལྟར་རང་རེ་བོད་ཡིག་གི་དྲྭ་ངོས་སུའང་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་རྣམས་མཇལ་ཐུབ་པའི་ཐབས་ལམ་བྱུང་བར་སྙིང་ནས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
www.dobum.org
དཔྱད་བརྗོད་པ། loga, December 30, 2008
བཀྲ་ཤིས་བདེ་ལེགས།
དེང་འདིར་ཁྱེད་རྣམ་པས་ཐུགས་ཁུར་ཆེ་བཞེས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་བསྟན་བཅོས་དྲ་རྒྱར་སུས་ཀྱང་བལྟ་བདེ་མོར་བཟོས་པར་གུས་པས་བོད་རིགས་ཚང་མའི་ཚབ་ཞུས་ཏེ་བཀྲིན་ཆེ་ཞུ།
ད་དུང་ཡང་བཀའ་དང་བསྟན་བཅོས་སམ་ཡང་ན་ཐུན་མོང་རིག་གནས་སྙན་ངག་སོགས་གང་མང་སྤེལ་བར་ཞུ།
བཀྲིན་ཆེ།
བློ་དགས།
རེ་བ་ཞུ་རྒྱུ།
དཔྱད་བརྗོད་པ། ཡེ་ཤེས་བསྟན་འཛིན།, November 09, 2008
གལ་ཏེ་ཁྱེད་རྣམ་པར་དེབ་དེ་ཆང་ཚང་བའི་གློག་རྡུལ་པར་མ་ཡོད་ན་གུས་པར་གཅིག་བསྐུར་རོགས་ཞུ་གི་ཡིན།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy

ཉེ་བའི་བཟོ་བཅོས། ( 2008-09-17 )
 
< རྩོམ་ཡིག་གོང་མ།