|
འདོད་པའི་བསྟན་བཅོས། དགེ་འདུན་ཆོས་འཕེལ། |
|
རྩོམ་པ་པོ། Administrator
|
|
2008-09-04 |
|
ཤོག་ངོས། 1 ཁྱོན་བསྡོམས 7 འདོད་པའི་བསྟན་བཅོས།
དགེ་འདུན་ཆོས་འཕེལ།
སྔོན་བརྗོད།
མི་ལོ་བརྒྱད་བརྒྱའི་ཡུལ་ལ་རྒྱ་གར་དུ། །མ་སླེབས་ཕྱིས་ལ་ཅན་གྱི་ལོ་ཙྰ་པ། །ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློགས་པ་ཞིག །ད་ལྟ་མ་ག་རྡ་ན་མཆིས་བོ་སྐད། །ཅེས་མི་འཇིགས་སེང་གེའི་སྒྲ་བསྒྲགས་པ་བཞིན། །དུས་རབས་ཉི་ཤུ་པ་འདིར་བྱོན་པའི་བོད་ཀྱི་ལོ་ཙྰ་བ་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་པ། དགེ་བའི་བཤེས་གཉེན་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་གི་མཛད་པའི་འདོད་པའི་བསྟན་བཅོས་ཞེས་རིག་གནས་བཅོ་བརྒྱད་ཀྱི་ཡ་གྱལ་འདི་ཉིད་ད་ལམ་ལོ་ཙྰ་བ་ཉིད་ཀྱི་ཕྱག་དཔེ་ངོ་མ་ལས་བཤུས་པའི་དཔེ་ཆ་མ་དཔེར་བྱས་ཏེ་པར་ཐེངས་གཉིས་པ་འདི་བཞིན་ཏྲེ་ཧོར་པ་དེང་ཐོག་སྤྲུལ་མིང་བསྟན་པའི་རྒྱལ་མཚན་གྱིས་རབ་རྒྱ། ས་བྱ། ཟླ 10 བའི་ཚེས 21 ལ་གྲོང་ཁྱེར་ཆེན་པོ་ལྡིང་ལིར་ཡར་དུ་བསྐྲུན་པའི་དགེ་བས་འགྲོ་ཀུན་འཕོང་མེད་བདེ་བ་ཆེན་པོའི་དཔལ་ལ་རོལ་བའི་གྱུར་ཅིག །
སྐྱེ་དང་འཕགས་པའི་ཡུལ་དུ་གང་སྣང་བའི། །སྲིད་དང་ཞི་བའི་ཆོས་ཚུལ་བགྲང་ཡས་འདི། །ཐབས་དང་ཤེས་རབ་འབྲེལ་བའི་འཕྲུལ་འཁོར་ལས། །བྱུང་བ་འདི་ནི་ཀུན་གྱི་བྱེད་པོར་ངེས། །མཆོག་ཏུ་གྱུར་ཀྱང་མཆོག་དམན་ཡོངས་ལ་ཡོད། །ཀུན་གྱིས་སྦས་ཀྱང་ཀུན་ལ་མཐུན་ལོང་གྱུར། །སྨད་བྱར་འཛིན་ཀྱང་སྨད་མཐར་བསྟེན་དགོས་པ། །ཕོ་མོ་འདུས་པའི་དགའ་སྟོན་ཨེ་མ་ཧོ། །སྡུག་བསྔལ་བྱེ་བའི་ཚ་དུལ་འཁྲིགས་པ་ཡི། །འཇིག་རྟེན་མི་ཚེའི་ཐང་ཆེན་བགྲོད་པ་ནས། །ཞི་བསིལ་ཐར་བའི་གྲོང་དུ་མ་སླེབས་བར། །ཐབས་ཤེས་མཉམ་སྦྱོར་གྲོགས་འདི་མེད་མི་རུང་། །རྡོ་རྗེ་འཆང་ཞེས་བླ་ན་མེད་པ་ཡང་། །ཐབས་ཤེས་མཉམ་ལེན་རྟེན་དགའ་བ་བཞིའི། །ཡེ་ཤེས་མངོན་དུ་བྱེད་པ་ཉིད་ཡིན་ཕྱིར། །ཐེག་པ་མཆོག་གི་མྱུར་ལམ་འདི་ལགས་སོ། །
དཀར་ཆག
ཡུལ་སོ་སོའི་བུད་མེད་ཀྱི་སྤྱོད་པ་བཤད་པ། 1
འཁྱུད་བའི་རྣམ་གྲངས། 35
འོའོ་བྱ་བ། 37
སོ་འདེབས་པའི་རྣམ་གྲངས། 39
དགའ་བའི་ཚུལ་བརྗོད་བ། 43
དབང་པོའི་རྩེད་མོ། 47
བསྐྱོད་ཅིང་བསྣུན་པའི་བྱ་བ། 49
སིད་སྒྲ་སྒྲོགས་པ། 60
སྐྱེས་པའི་བྱ་བ། 61
སྣ་ཚོགས་པའི་འཁྲིག་ཐབས། 65
མ་ངེས་པའི་སྤྱོད་པ། 69
ཕན་ཐབས་སྣ་ཚོགས། 72
|
|
ཉེ་བའི་བཟོ་བཅོས། ( 2008-09-17 )
|