Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
བོད་ཀྱི་སློབ་གྲྭ་ཆེན་མོའི་རྩོམ་རིག་དུས་དེབ་ཏེ་འདབ་ལྡན་རྩོམ་རིག་དུས་དེབ་དངོས་སུ་འགྲེམས་སྤེལ་བྱས།
འགྲུལ་པའི་གདེངས་འཇོག་སྐར།: / 18
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2010-07-06

བོད་ཀྱི་སློབ་གྲྭ་ཆེན་མོའི་རྩོམ་རིག་དུས་དེབ་ཏེ་འདབ་ལྡན་རྩོམ་རིག་དུས་དེབ་ད་ལོ་རྣམ་པ་གསར་བའི་ངང་ནས་ཐོན་ཡོད།

 Image

 

 Image

Image

 ཀན་སུའུ་མི་རིགས་དགེ་འོས་སློབ་གྲ་ཆེན་མོའི་བོད་ཡིག་སྡེ་ཁག་གིས་གཙོ་གཉེར་མཛད་ཅིང་

 འདབ་ལྡན་རྩོམ་རིག་ཚོ་ཆུང་གིས་རྩོམ་སྒྲིག་མཛད་པའི་འདབ་ལྡན་དུས་དེབ་འདོན་ཐེངས་ཉེར་གཉིས་པ་འགྲེམས་སྤེལ་བྱུང་བ། 

 

ཐེངས་འདིའི་རྩོམ་བསྡུའི་ཁྱབས་ཁོངས་བོད་ཀྱི་སློབ་ཆེན་པ་ཡོངས་ལ་ཕྱོགས་ཡོད་ཅིང་།ལེ་ཚན་སྒྲུབ་སྟངས་ཐད་ལ་སྔ་ན་མེད་པའི་ལེགས་སྒྲིག་ཅི་ཐུབ་བྱས་ཡོད། བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་ལ་སྐུལ་འདེད་དང་མ་སྐད་རྩོམ་རིག་གི་ལས་དབང་ལ་དོ་ཁུར་བགྱི་བའི་ལས་དོན་ཉིད་བོད་ཀྱི་སློབ་ཆེན་པ་ཡོངས་ཀྱི་འགན་འཁྲི་དང་འོས་འགན་དུ་སེམས་ནས་དུས་དེབ་ཀྱི་སྙིང་དོན་སློབ་ཆེན་པའི་གསར་རྩོམ་གྱི་སྟེང་ལ་བཅོལ་ཡོད།

 

རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་མི་འདོར་བའི་རྩ་དོན་ལ་ངོ་བོ་བསྙེས་ནས་དུས་མཐུན་བབ་བསྟུན་གྱི་འབོལ་རྩོམ་དང་།བདེན་དངོས་མྱོང་ཐུབ་ཀྱི་རྩོམ་དཔྱད་སོགས་ཀྱང་བཀོད་པར་བྱས་ཡོད་པས།གཟུར་གནས་གསར་སློབ་པ་དག་ནས་དཔེ་ཀློག་གི་གྲོགས་སུ་རྨད་སྙམ།

 

དཀར་ཆག་ངོ་སྤྲོད་རགས་བསྡུས།

 

འཚོ་བའི་དམྱུགས་སར་འཛུལ་བ།  ཟུར་ངོས་མཉམ་རོལ།

 

སློབ་གླིང་གསར་རྩོམ་ཆེད་བསྒྲིགས།  ཞོགས་ཀའི་ཉི་ཟེར།

 

ནུབ་བྱང་མི་རིགས་སློབ་ཆེན།   སི་ཁྲོན་མི་རིགས་སློབ་གླིང་།  

མཚོ་སྔོན་མི་རིགས་སློབ་ཆེན།   བོད་ལྗོངས་སློབ་ཆེན།

 

གླེང་བརྗོད་དམ་འབོལ་རྩོམ་བསྡུས་མ།  སེམས་ངལ་ལྷུག་བརྗོད། 

 

༤  འཚོ་བའི་བདེན་ཁར་འགྲེང་བ།  བརྩེ་བའི་དུང་ཤ 

 

རང་སློབ་གླིང་གི་གསར་རྩོམ་སྙན་ངག་བདམས་བཀོད།  རེ་བའི་དྲོད་ཁོལ།

 

 ཁ་བྱང་གཅིག་པའི་ལྷུག་རྩོམ་གཞོགས་བཀོད།  ན་མཉམ་འགྲོས་གཤིབ།

 414/ས་ཡོམ་ལ་དུས་དྲན་དང་གདུང་སེམས་ལྷོད་པ། བརྩེ་བའི་གདུང་འབོད།

 

 

གསར་རྩོམ་དང་དཔྱད་བརྗོད།  གསེར་དངུལ་གསར་སྔོག

 བོད་རྩོམ་གསར་བའི་རྩོམ་སྟེགས་སུ་བལྟས་པ།  ཕྱི་མིག་རབ་རིབ།

 

 

                                   འདབ་ལྡན་རྩོམ་རིག་ཚོ་ཆུང་ནས།

                                              2010-7-6

 

དེབ་རིན། དམངས་སྒོར10.00

 

 

དཔྱད་བརྗོད། (6)Add Comment
རེ་བ།
དཔྱད་བརྗོད་པ། ཚེ་རིག་འཛིན་པ།, November 17, 2012
བོད་ལུགས་གསོ་རིག་སློབ་གཉེར་བ་དག་ལ་འདིའི་ཕྱོགས་ན་ལམ་སྣེ་འཇུ་ས་རེ་ཡོད་དམ།
རྟེན་འབྲེལ་དང་བསམ་འཆར།
དཔྱད་བརྗོད་པ། གངས་དཀར།, December 12, 2010
ཐོག་མར་འདབ་ལྡན་རྩོམ་རིག་དུས་དེབ་ཀྱི་མྱུ་གུ་གསར་དུ་འབུས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། མ་འོངས་པར་བོད་ཀྱི་རྩོམ་རིག་གི་འབྲས་བུས་འཁུར་གྱིས་དུད་པར་སྨོན། འདིར་བསམ་འཆར་ཞིག་ཡོད་པ་ནི། རྩོམ་སྒྲིག་པ་ཞིག་ལ་མཚོན་ན་བོད་སྐད་དག་མོ་ཞིག་བཤད་རྒྱུ་ནི་ཐོག་མའི་ཆ་རྐྱེན་ཡིན། གོང་དུ་ཁྱོད་ཚོས་མ་སྐད་ཅེས་བྲིས་པ་ནི་བོད་རང་གི་སྤྱི་ཚོགས་རིག་གནས་ཀྱི་རྒྱབ་ལྗོངས་མ་རྟོགས་པ་ལོས་ཡིན་འདོད། དེ་ནི་ར་མགོ་ལུག་སྦྱར་གྱི་ཚུལ་དུ་རྒྱ་སྐད་ཀྱི母语ཞེས་པ་འདི་ཐད་བསྒྱུར་བྱས་པ་ཙམ་མོ། །དེ་ལ་བོད་སྐད་དུ་ཕ་སྐད་ཅེས་ཟེར། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་
འཕེལ་བའི་ལོ་རྒྱུས་ཀྱི་ཁྲོད་དུ་རྒྱ་མི་རིགས་ལ་མ་རྒྱུད་རུས་རྒྱུད་ཀྱིས་ཤུགས་རྐྱེན་ཐེབས་ཆེ་བས་母亲河、母校、母语、祖国母亲སོགས་མ་དང་འབྲེལ་བའི་ཐ་སྙད་ཧ་ཅང་མང་བོ་ཡོད་ཅིང་། བོད་མི་རིགས་ལ་ཕ་རྒྱུད་རུས་རྒྱུད་ཀྱིས་ཤུགས་རྐྱེན་ཐེབས་ཆེ་བས་ཕ་ས་ཕ་ཡུལ།
ཕ་སྐད་སོགས་ཕ་དང་འབྲེལ་བའི་ཐ་སྙད་ཧ་ཅང་མང་བོ་ཡོད་པ་མཁྱེན་པར་གྱིས་ཤིག
རྒྱ་གར་ནོར་གླིང་སྐྱེད་ཚལ།
དཔྱད་བརྗོད་པ། གསར་འགོད་པ་བུ་མོ་བསྟན་འཛིན་ཆོས་དབྱིངས།, October 22, 2010
ཁྱེད་ཅག་གིས་བོད་མི་རིགས་ཀྱི་རིག་གཞུང་ལ་འགན་འཁུར་བ་དེར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད།ད་དུང་།མུ་མཐུད་དུ་དུས་དེབ་སྤེལ་ཐུབ་པར་བསམ་བློའི་རེ་སྐུལ་དང་རྒྱབ་སྐྱོར་ཡོད།
སྙིང་དོན
དཔྱད་བརྗོད་པ། སྒོ་མེས་ཚེ་རིང་།, September 15, 2010
སློབ་གྲྭ་ཆེན་མོའི་སློབ་གླིང་དུས་དེབ་འདི་ལས་ང་ཚོའི་ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་སྒྲུབ་ཁ་ཕྱོགས་དང་འཕེལ་རྒྱས། མ་འོངས་མདུན་ལྗོངས་མཐོང་།
སྙིང་རྗེ།
དཔྱད་བརྗོད་པ། སྙིང་རྗེ།, September 04, 2010
སྙིང་རྗེ།
བོད་སྐད་མ་རེད།
དཔྱད་བརྗོད་པ། དོན་གྲུབ་ཚེ་རིང་།, August 02, 2010
མི་རབས་གསར་བའི་སྐད་འདི་དག་ལ་སུན་ནི་ཞིག་རེད། བོད་ཀྱི་བརྗོད་སྟངས་ཙམ་ཡང་མི་ཤེས་པ་འདི་ཚོ་དངོས་ནས་སྙིགས་མ་དང་མཚུངས་ཀི་ཡ མ་སྐད་ཅེས་པ་འདིས་ཅི་ཞིག་བརྗོད་ན་འདོད་ཀི་ཡོད་དམ།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2010-07-06 )
 
< རྩོམ་ཡིག་གོང་མ།   རྩོམ་ཡིག་རྗེས་མ། >