Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
བློ་འབྱེད་ཀློག་དེབ་དཔེ་ཚོགས།
འགྲུལ་པའི་གདེངས་འཇོག་སྐར།: / 17
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2010-04-29

Image

ISBN 978-7-5421-1399-3

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

 

 

 

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བཏིངས་པའི་དཔེ་སྐྲུན་གྱི་འཆར་གཞི་ལྟར་དུ། སྐུ་ཞབས་མེ་ལྕེ་ལགས་ཀྱིས་ཇུས་འགོད་བྱས་པའི་བློ་འབྱེད་ཀློག་དེབ་དཔེ་ཚོགས་ད་ལྟ་ཡོངས་སུ་གྲུབ་ནས་ཀུན་གྱི་སྤྱན་སྔར་བཀྲམ་ཡོད། དཔེ་ཚོགས་འདི་ལ་ཁྱོན་བསྡོམས་དེབ་ཕྲེང་གསུམ་ཡོད་པ་ནི《བྱིས་པའི་རབ་བྱེད》《གཞོན་ནུའི་རབ་བྱེད》《ན་གཞོན་རབ་བྱེད》བཅས་ཡིན། གཤམ་དུ་དེབ་ཕྲེང་རེ་རེའི་དེབ་གཟུགས་དང་སྒྲིག་པ་པོ་དག་གི་གཏམ་དག་བཀོད་ཡོད། ཆེད་དུ་གསལ་བཤད་ཞུ་དགོས་པ་ཞིག་ནི། དཔེ་ཚོགས་འདིའི་པར་སྐྲུན་འགྲོ་གྲོན་གྱི་མཐུན་རྐྱེན་ཆ་ཚང་སྐུ་ཞབས་བ་མོང་ཉི་སྡིད་ལགས་ཀྱིས་སྦྱར་བ་ཡིན། ང་ཚོས་འདིར་ཁོང་གི་བོད་རང་གི་རིག་གནས་ལས་དོན་ལ་བཅིངས་པའི་ལྷག་བསམ་དཀར་པོར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་བ་ཡིན། མཇུག་མཐར་ཀློག་པ་པོ་རྣམས་ཀྱིས་དཔེ་ཚོགས་འདི་ཉམས་སུ་བཞེས་སྐབས་དཔེ་ཀློག་གི་མྱོང་ཚོར་སྤྲོ་མོ་ཞིག་ཡོང་བར་སྨོན་ལམ་འདེབས།

《བློ་འབྱེད་ཀློག་དེབ་དཔེ་ཚོགས》ཀྱི་རྩོམ་སྒྲིག་ཨུ་ཡོན་ཚོགས་པ།
སྤྱི་ཁྱབ་གཙོ་སྒྲིག་པ།
འབྲུག་རྒྱལ་མཁར།

གཙོ་སྒྲིག་གཞོན་པ།
བ་མོང་ཉི་སྡིད། གཡོན་རུ་རིན་ཆེན་དོན་གྲུབ།

ལག་བསྟར་གཙོ་སྒྲིག་པ།
བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ། འབྲུག་མོ་བྱམས།
གཞོན་ནུའི་རབ་བྱེད། ཉི་གཞོན།
ན་གཞོན་རབ་བྱེད། བདུད་ལྷ་རྒྱལ། མེ་ལྕེ།

སྤྱི་ཁྱབ་ཇུས་འགོད་པ།
མེ་ལྕེ།

རྩོམ་སྒྲིག་ཨུ་ཡོན། (ཀ་ཕྲེང་ལྟར་བསྒྲིགས)
འགྱན་སངས་རྒྱས་དོན་གྲུབ། ཉི་གཞོན། བདུད་ལྷ་རྒྱལ། བ་མོང་ཉི་སྡིད།
བྱང་སྐར། འབྲུག་རྒྱལ་མཁར། འབྲུག་མོ་བྱམས། མེ་ལྕེ། ཞོགས་དུང༌། གཡོན་རུ་རིན་ཆེན་དོན་གྲུབ། ར་རྫ་འཇམ་དབྱངས་སྐྱིད།

བློ་འབྱེད་ཀློག་དེབ་དཔེ་ཚོགས། བྱིས་པའི་རབ་བྱེད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས།

སྒྲིག་པ་པོའི་གཏམ།
བྱིས་པ་ནི་མི་རིགས་ཤིག་ལ་མཚོན་ན་རེ་ལྟོས་དང་ཕ་མ་རྣམས་ལ་མཚོན་ན་འཁར་རྟེན་ལྟ་བུ་ཡིན་སྲིད། ལྷད་མེད་དྭངས་གཙང་གི་བྱིས་པ་རྣམས་ལ་སློབ་གསོ་ལེགས་པོ་ཞིག་འཐོབ་རྒྱུ་དེ་མི་རིགས་དང་ཕ་མ་དང་སྤྱི་ཚོགས་སོགས་གང་ལ་མཚོན་ནས་བཤད་ནའང་ཤིན་ཏུ་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པ་སྨོས་མ་དགོས། མི་བུ་ཞིག་གི་མི་ཚེའི་གོ་རིམ་ཁྲོད་སློབ་གསོ་མྱོང་སྟངས་ལ་ཕ་མའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་སྣ་མང་མཆིས་ནའང་། ཐོག་མའི་སློབ་གསོ་སྟེ་ཕ་མའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ་ནི་ཧ་ཅང་གཙོ་བོ་ཞིག་ཡིན་པ་རེད།
རང་རེའི་ན་ཆུང་བྱིས་པ་རྣམས་ཀྱིས་རང་དབང་གི་རྩེད་འཇོའི་འཇིག་རྟེན་ལ་ཅི་དགར་རོལ་བའི་དུས་མཚུངས་སུ་བོད་རང་གི་ལོ་རྒྱུས་བྱུང་བ་དང་གནའ་ཤུལ་གནའ་མི། ཡུལ་སྲོལ་གོམས་གཤིས། འཚོ་བའི་ཡོ་བྱད་སོགས་ལ་ངེས་ཤེས་གསལ་པོ་ཞིག་སྐྱེ་རྒྱུ་དང་། མ་ཟད། ཕ་མེས་ཡང་མེས་ཀྱི་བློ་གྲོས་ཀྱི་རྩལ་དང་ཤེས་རབ་ཀྱི་བཅུད་ལས་ཐོན་ཅིང་བོད་མིའི་ཁ་རླངས་མ་ཡལ་བའི་རིག་གནས་ཉིང་བཅུད་དེ་སྒྲུང་གཏམ་དཔེ་དང་ཤགས་དམངས་གླུ། ཁེད་ལེགས་བཤད། མགུར་བཤད་པ་སོགས་མྱོང་རོལ་དང་བློ་སྐྱོར་བྱེད་རྒྱུ་དེ་ནི་ཐོག་མའི་སློབ་གསོའི་ཁྲོད་ཀྱི་བློ་འབྱེད་སློབ་གསོ་རྨ་མེད་ཅིག་ཡིན་པར་བསམས་ཏེ། 《བྱིས་པའི་རབ་བྱེད》ཅེས་པའི་ཀློག་དེབ་འདི་བསྒྲིགས་པ་ཡིན། ཀློག་དེབ་འདི་སྒྲིག་པར་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གང་མང་ཞིག་བེད་སྤྱོད་དང་འདེམ་སྒྲིག་བྱས་ཡོད་པ་དང་ནང་དོན་གྱི་ཆ་ནས་དོན་ཚན་སོ་གཅིག་གིས་གྲུབ་པར་བྱས་ཡོད། འདིར་ཆེད་དུ་ཞུ་རྒྱུ་ཞིག་ལ་དཔྱད་གཞིའི་ཡིག་ཆ་དེ་དག་གི་རྩོམ་པ་པོ་དང་སྒྲིག་པ་པོ། དཔེ་སྐྲུན་ཁང་སོགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་སྒྲིག་པ་པོའི་མཐོང་ཐོས་མྱོང་གསུམ་གྱི་ཚད་ནི་ཤིན་ཏུ་དམའ་བའི་དབང་གིས་དེབ་ཆུང་འདིར་ནོར་བ་དང་མི་འདང་བའི་ཆ་མང་དུ་ཡོད་སྲིད་པ་ལ་ཀུན་གྱིས་དགོངས་འཆར་ལྷུགས་སྩོལ་གནང་བའི་རེ་བ་ཞུ།

ཞེས་སྒྲིག་པ་པོས2010ལོའི་ཟླ1པའི་ཚེས3ཉིན་ལན་གྲུ་རུ་བྲིས་པའོ།།

Image

བློ་འབྱེད་ཀློག་དེབ་དཔེ་ཚོགས། གཞོན་ནུའི་རབ་བྱེད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཉི་གཞོན་གྱིས་གཙོ་སྒྲིག་བྱས།

ISBN 978-7-5421-1513-3

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

སྒྲིག་པ་པོའི་གཏམ།
དེང་སང་མི་ཚེ་ཧྲིལ་པོའི་སྟོད་ཀྱི་ཆ་དེ་བྱིས་པ་དང་། གཞོན་ནུ་དང་། ན་གཞོན་གསུམ་དུ་དབྱེ་སྲོལ་འདུག་པ་དེའི་དབང་དུ་བྱས་ན། གཞོན་ནུའི་དུས་ཞེས་པ་ནི་བྱིས་བློ་མཚར་འཛིན་དང་འཚོ་བ་གཞན་བརྟེན་གྱི་གནས་སྐབས་ལས་བརྒལ་ཏེ། འཚོ་བ་རང་སྐྱོང་དང་བསམ་གཞིགས་རང་ཚུགས་ཐུབ་པའི་ཕྱོགས་སུ་གོམ་པ་དང་པོ་སྤོ་འགོ་ཚུགས་པའི་དུས་ཡིན་པ་རེད།
སྤྱིར་ན། ང་རང་ཚོ་གཞོན་ནུའི་གནས་སྐབས་དེ་ལ་ཁྱིམ་ཚང་དང་སྤྱི་ཚོགས་སོགས་ཀྱི་གནོན་ཤུགས་ལྕི་འདེགས་ཀྱི་འགན་དར་མ་དང་རྒན་པ་རྣམས་ཀྱིས་འཁུར་བཞིན་ཡོད་པས། དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་ལས་ལ་བསམ་གཞིགས་ཟབ་མོ་གཏོང་བའི་འགན་བབ་དེ་འདྲ་མེད་པ་དང་སྦྱོར་བའང་དེ་འདྲ་རྩོམ་དགོས་ཀྱི་མི་འདུག དེ་བས་ང་རང་ཚོར་རང་བཞིན་གྱིས་སྤྲོ་སྣང་དང་སྐྱིད་སྣང་གིས་ཁེངས་པའི་གནས་སྐབས་ཐུང་ངུ་ཞིག་ཡོད་པ་རེད་ལ། གནས་སྐབས་དེ་ལ་ང་རང་ཚོའི་སེམས་ཁམས་ནི་ལྷད་མེད་ཅིག་དང་ཕྱི་གསལ་ནང་གསལ་ཞིག་ཡིན་པ་རེད། ཡང་གནས་སྐབས་དེ་ལ་ང་རང་ཚོས་སློབ་སྦྱོང་ནི་རང་ཉིད་ཀྱི་འཚོ་བ་རོལ་སྟངས་ཤིག་ཏུ་བརྩིས་ཏེ་དཔེ་ཀློག་གི་རྒྱ་ཡང་རིམ་བཞིན་ཇེ་ཆེར་ཕྱིན་པ་དང་། དོན་བྱ་ལ་ལར་བསམ་བློ་གཏོང་བར་ཡང་ཅུང་ཟད་ཅུང་ཟད་རང་ལྕོགས་ཐུབ་པའི་འགོ་ཚུགས་བྱུང་བས།  གཞོན་ནུའི་གནས་སྐབས་ནི་ཕུགས་འདུན་གྱིས་བརྟས་ཤིང“རྨི་ལམ”མང་བའི་དུས་སྐབས་ཤིག་ཡིན་པ་རེད། དེ་ནི་འོས་ཤིང་རུང་ལ་འགྲིག་ཅིང་འཚམས་པའི་མིའི་རང་བཞིན་དང་མཐུན་པའི་སྐྱེ་འཕེལ་ཆོས་ཉིད་ཅིག་ཡིན་པར་བཤད།
ཡིན་ནའང་། ཕྱི་ནང་ཆོས་ཉིད་ཐམས་ཅད་བཟློག་པར་རྩོམ་པའི་དེང་གི་དུས་འདིར། གཞོན་ནུའི་གནས་སྐབས་ཀྱི་དགའ་སྣང་དང་སྤྲོ་སྣང་ཐམས་ཅད་སྒོར་མོའི་གྲངས་ཀ་རྐྱང་རྐྱང་གིས་སྐྱེད་པར་བྱེད། ཕུགས་འདུན་དང“རྨི་ལམ”མཐའ་དག་རྒྱུགས་ཚད་སྐར་གྲངས་རྐྱང་རྐྱང་ལ་བཅོལ། སློབ་སྦྱོང་ནི་འཚོ་བའི་གྲུབ་ཆ་ལས་ཕྲལ་ཏེ་འགན་ཁུར་ལྗིད་པོ་ཞིག་གི་ཚད་དུ་འཇོག མཚམས་ལན་རེར་རྡོ་འོག་གི་ལྗང་མྱུག་ཇི་བཞིན་གཟུགས་འགྱུར་བར་བྱེད། མཚམས་ལན་རེར་དྲོད་ཁང་གི་ལྗང་ལོ་བཞིན་དུ་ཕོན་ཆེ་བཅུད་ཆག་ཏུ་བྱེད། དེ་ལས་ཀྱང“སྤྱང་ཀིའི་འོ་མ”བར་མེད་དུ་བསྣུན་པས་བསམ་གཞིགས་རེངས་པར་གྱུར་ཅིང་རིན་ཐང་སྣ་གཅིག་ཅན་དུ་བྱས། ད་ནི་གཞོན་ནུའི་གནས་སྐབས་དེ་ལ་ལྷན་སྐྱེས་སུ་དབང་ཞིང་བདག་པའི་འཇིག་རྟེན་དེ་རིམ་གྱིས་བཅད་ཅིང་ཕྲོགས་ཏེ་མིང་གི་ལྷག་མ་ཙམ་དུ་བྱས་འདུག་པར་བསམ་ན་ཇི་འདྲའི་ཡིད་སྐྱོ་བ་ལ་ཨང་།
དེ་ལྟ་ནའང་གཞོན་ནུའི་གནས་སྐབས་སུ་ལྷན་སྐྱེས་སུ་མངའ་ཞིང་བདག་པའི་དགའ་སྤྲོ་དང“རྨི་ལམ”དེ་དག་བསྐྱར་དུ་འཚོལ་ཞིང་སྙེག་པའི་གདེང་སྤོབས་ནི་ང་ཚོར་ནམ་ཡང་ཡོད་པ་ཡིན། ཡོད་པས་མི་ཚད་རང་གིས་བརྩད་ཅིང་མ་བསྙེགས་ན་གཞན་གང་ཞིག་གི་གནང་སྦྱིན་དུ་མི་འགྱུར་བའི་གནས་ལུགས་ཀྱང་ང་ཚོས་རྟོགས་པ་ཡིན་པས། ད་ནི་གནས་མ་ཡིན་པ་ལ་ཅིས་ཀྱང་གདོང་གཏད་དགོས་པར་མ་ཟད་ཁུར་ཆེན་འདེགས་པའི་སྔོན་འགྲོའང་རྩོམ་དགོས་འདུག་སྙམ།  
ད་རེབ་དཔེ་སྐྲུན་ཁང་གིས་སློབ་འབྲིང་སློབ་མར་དམིགས་གཏད་པའི་ཀློག་དེབ་ཅིག་རྩོམ་སྒྲིག་བྱེད་རྒྱུའི་སྐུལ་མ་བཏང་བ་ལྟར《གཞོན་ནུའི་རབ་བྱེད》ཅེས་པའི་དེབ་ཆུང་འདི་འགྲུབ་པར་བྱས། དེ་ལ་འདི་ལྟར་དུ་སེམས། དེང་སང་སློབ་འབྲིང་སློབ་མའི་སློབ་སྦྱོང་གི་འགན་ཁུར་དང་གནོན་ཤུགས་ནི་གོང་སྨོས་ལྟར་ཕྱི་ནང་གང་ཆ་ནས་ཧ་ལས་པའི་ཚོད་དུ་འདུག་ན། འདི་འདྲའི་ཀློག་དེབ་ཅིག་བསྒྲིགས་ཤིང་སྤེལ་བས་ཁོ་ཚོའི་གནོན་ཤུགས་དང་འགན་འཁུར་ཇེ་ལྕིར་མི་འགྲོ་བའི་རེ་བ་དང་གཅིག ཡང་སློབ་གསེང་སྐབས་སམ་ཁོམ་སྐབས་རེ་ཡོད་དུས་ཀློག་བདེ་འཁྱེར་བདེའི་དེབ་ཆུང་འདི་བཀླག་རྒྱུ་བྱུང་ན་ཤེས་བྱ་དང་བསམ་གཞིགས་ཀྱི་ལམ་བུ་ཇེ་མང་ཇེ་ཡངས་སུ་འགྲོ་བར་ཕན་འདྲོང་རེ་ཨེ་ཆེ་སྙམ་པ་དང་གཉིས། ཡང་དེང་སང་རྩོམ་རིག་སྒྱུ་རྩལ་གྱི་ཕྱོགས་ནས་ཀློག་དེབ་མང་པོ་ཡོད་པས་འདི་རུ་མ་བཀོད་པ་དང་། དེ་མིན་གཞན་རྒྱུན་ཤེས་དང་། རིན་ཐང་འདོར་ལེན། སྲོལ་རྒྱུན་རིག་གནས། མི་གཞི་བཞེངས་སྐྲུན་སོགས་ཀྱི་སྐོར་མང་དུ་བདམས་ཤིང་བཀོད་པའང་སོ་སོར་ཚུགས་ཐུབ་ཀྱི་བསམ་གཞིགས་གཏོང་སྟངས་ཤིག་ཆགས་པར་ཕྱོགས་དང་ཟུར་རེ་རེ་ནས་བློ་འབྱེད་ཀྱི་ཕན་པ་རེ་ཨེ་འབྱུང་ལ་དམིགས་པ་དང་གསུམ།  དེ་ནས་སྒྲིག་པ་པོའི་མཐོང་ཐོས་རྟོགས་པའི་ཚད་ནི་ཧ་ཅང་ཞན་པའི་དབང་གིས་མ་འདངས་མི་ལེགས་པའི་ཆ་ནི་མང་དུ་ཡོད་སྲིད་པས། ཀུན་གྱིས་ཁ་གསབ་དག་བཅོས་རྣལ་སྨིན་མཛད་རྒྱུ་བྱུང་ན་རང་ཉིད་ལའང་བློ་འབྱེད་ཀྱི་ནུས་པ་ཆེན་པོ་འཐོབ་པར་རེ་བ་དང་བཞི་ཡིས་ཀུན་ནས་བསླངས་ཏེ་ཀློག་དེབ་འདི་སྒྲིག་པའི་ལས་སུ་ཞུགས་པའོ། །

ཞེས་སྒང་ཚང་ཕག་མོ་བཀྲ་ཤིས་སམ་ཉི་གཞོན་དུ་འབོད་པས2010ལོའི་ཟླ2ཚེས10ལ།

 

Image

 

ISBN 978-7-5421-1478-5

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

བློ་འབྱེད་ཀློག་དེབ་དཔེ་ཚོགས། ན་གཞོན་རབ་བྱེད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། བདུད་ལྷ་རྒྱལ་དང་མེ་ལྕེ་གཉིས་ཀྱིས་གཙོ་སྒྲིག་བྱས།

 

 

སྒྲིག་པ་པོའི་གཏམ།
སྤྱི་ལོ1904ཡིས་མཚོན་པའི་དུས་རབས་ཉི་ཤུ་པའི་འགོ་ནས་བཟུང་བོད་ཀྱི་འཚོ་སྡོད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང༌། སྔར་གྱི་ལྷིང་བོར་གནས་པའི་རྣམ་པར་འགྱུར་ལྡོག་བྱུང་སྟེ། སྤྱི་ཚོགས་ཁྲོད་དུ་སྐྱོམ་འགུལ་གྱི་རླབས་གཉེར་བྱུང་ལ། སྒོ་རྒྱག་རང་སྲུང་གི་རྣམ་པར་འགྱུར་ལྡོག་བྱུང་སྟེ། སྤྱི་ཚོགས་ཀྱི་སྒོ་མོ་བཙན་གྱིས་དབྱེ་བར་གྱུར། སྐབས་དེ་ནས་བཟུང་བོད་སྤྱི་ཚོགས་ཀྱིས་ཞི་བ་དང་ཕྱི་མ་དོན་གཉེར་གྱི་ཆོས་ལུགས་ཀྱི་བགྱི་བར་མ་ཟད། རང་གི་སྐབས་བབ་ཀྱི་དོན་གནད་མང་པོ་ཞིག་ལ་མིག་གིས་ལྟ་དགོས་པ་བྱུང་ལ། འཇིག་རྟེན་འདི་དང་ཚེ་འདིའི་བྱ་བ་མང་པོ་ཞིག་ལ་གདོང་གཏོད་དགོས་པར་གྱུར། 1913ལོར་བོད་ཕྲུག་བཞི་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་དབྱིན་ཇིའི་ལོན་ཏོན་དུ་སློབ་གཉེར་དུ་མངགས་པ་ལོ་རྒྱུས་ཀྱི་གནས་བབས་འདིའི་གསལ་བྱེད་རེད། ཕྱི་ཕྱིར་སྒྱུར་བཅོས་ལ་བཀག་འགོག་ཆེ་སྟེ། དངོས་ཡོད་སྤྱི་ཚོགས་འཚོ་བའི་བགྱི་བ་ཡར་རྒྱས་སུ་གཏོང་མ་ཐུབ་ཀྱང༌། དུས་རབས་ཉི་ཤུ་པའི་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཀྱིས་བོད་མི་རིགས་ཀྱི་འཚོ་སྡོད་ཀྱི་ཁོར་ཡུག་ལ་འཕོ་འགྱུར་བྱུང་བའི་གོམ་འགྲོས་ལ་མཚམས་འཇོག་པ་མེད། དུས་མཚུངས་སུ་དངོས་ཡོད་ལ་གདོང་གཏོད་ཅིང༌། དངོས་ཡོད་ཀྱི་སྤྱི་ཚོགས་གནད་དོན་མང་པོར་ཤེས་རྟོགས་ཡོད་པའི་སྒོ་ནས་ཐག་གཅོད་ཐོབ་དགོས་པར་དུས་ཀྱིས་རེ་བ་བཏོན་པ་ཡིན་ཡང༌། ང་ཚོར་དེའི་ཐད་ཀྱི་ཤེས་བྱའི་འཇོན་ཐང་མེད་པ་མ་ཟད། ཐ་ན་ང་ཚོར་དངོས་ཡོད་ལ་ཁ་ཕྱོགས་པའི་འཇིག་རྟེན་ལྟ་ཚུལ་ཀྱང་མེད་པས། ལོ་རྒྱུས་འཕེལ་རྒྱས་ཀྱི་གོམ་སྟབས་མདུན་དུ་སྤོ་མ་ཐུབ་པར་རྗེས་ལུས་ཀྱི་རྣམ་པ་ཞིག་གྲུབ།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་འགོར་བོད་མི་རིགས་ཀྱི་མི་རིགས་ཀྱི་འདུ་ཤེས་དང༌། དངོས་ཡོད་ཀྱི་འདུ་ཤེས་དང༌། དེང་རབས་ཀྱི་འདུ་ཤེས་ལ་སད་རྟོགས་བྱུང་སྟེ། སྤྱི་ཚོགས་འཚོ་བ་ལ་འཕེལ་རྒྱས་བཟོ་བ་དང༌། འཇིག་རྟེན་འཚོ་བ་ལ་ལེགས་བཅོས་བཟོ་བ་སྟེ་མདོར་ན་ཚེ་འདིའི་བྱ་བར་ཡར་ཐོན་ཡོང་བ་མི་རིགས་ཀྱི་བགྱི་བའི་སྙིང་བོ་རུ་འཛིན་པའི་བསམ་བློ་གསར་པ་དང༌། དུས་རབས་ཀྱི་དགོངས་པ་གསར་པ་ཞིག་བྱུང༌། འཚོ་སྡོད་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་དུས་རབས་ཀྱི་དགོངས་པ་གསར་པ་འདིས། སྔར་ཡོད་རིག་གནས་ཀྱི་སྟེང་དུ་རིག་གནས་ཀྱི་གྲུབ་རྫས་གསར་པ་སྣོན་དགོས་པར་རེ་བ་བཏོན་ཡོད། འདིའི་རྩ་བའི་རྩ་དོན་ནི་དངོས་ཡོད་འཚོ་བ་ལ་ཁ་ཕྱོགས་པ་དང༌། དངོས་ཡོད་སྤྱི་ཚོགས་ལ་ཤེས་བྱའི་འཇོན་ཐང་གི་སྒོ་ནས་སྒྱུར་བཅོས་བཟོ་དགོས་པ་དེ་ཡིན་པར། རེབ་འདིར་རེ་བ་འདིའི་ཡ་ལན་དུ་ངེད་སྒྲིག་པ་པོས་མི་བུ་གསར་པ་ཞིག་གམ་མི་གཞི་གསར་པ་ཞིག་ཆགས་པ་དམིགས་ཡུལ་དུ་བཟུང་ནས་རིག་གནས་ལས་བརྩམས་ཏེ་དཔེ་དེབ་འདི་བསྒྱུར་བསྒྲིགས་བྱས་པ་ཡིན།
དེ་ཡང་དེང་སྐབས་ང་ཚོས་བཤད་བཞིན་པའི་སློབ་གྲྭ་ཆེན་མོ་པ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་ནང་སྐྱེས་པའི་མི་རབས་དམིགས་བསལ་བ་ཞིག་རེད། ཁོ་ཚོ་ནི་འབྱུང་འགྱུར་བོད་ཀྱི་རྐང་འཛིན་པ་ཡིན་པས། མི་གཞི་དང་ཡིད་སེམས་བདེ་ཐང་ཞིག་ཆགས་པ་གནད་དུ་ཆེ་ཡང༌། དེང་གི་འཛམ་གླིང་ཧྲིལ་བོའི་ཕུགས་བསམ་འདོར་ཞིང་བླ་མེད་ཀྱི་མཛེས་པ་ཉམས་དམས་སུ་འགྲོ་བའི་ཁོར་ཡུག་གི་ཁྲོད་ན་ཁོ་ཚོ་འཚོ་བཞིན་པས། ཕྱོགས་གཅིག་ནས་སྲོལ་རྒྱུན་རིག་གནས་ཀྱི་ལྟ་གྲུབ་བམ་གཞུང་ལུགས་ཀྱི་གསོ་སྦྱོང་ཉམས་ཞན་དུ་ཡོད་ལ། ཕྱོགས་གཅིག་ནས་འཚོ་སྡོད་ཀྱི་ཁོར་ཡུག་དེ་ལྟའི་སྲབ་ལ་ཕྱ་ལེ་བ་ཞིག་གི་ཁྲོད་དུ་འཚོ་བ་འདི་ཅིས་ཀྱང་འགལ་ཟླ་རུ་མཆིས། དེའི་སྟེང་དེང་འདིར་བོད་ན་ལོ་རབས་བརྒྱད་ཅུ་པའི་ཚུན་གྱི་མིའི་བསམ་ཚོད་འཚོ་སྟངས་དང་མཐུན་པའི་བསམ་བློ་དང་སྙིང་སྟོབས་ཐད་ཀྱི་གསོ་སྦྱོང་དང་བློ་སྦྱོང་གི་གཏམ་སྦྱོར་ཤིན་ཏུ་ཉུང་བ་བཅས་ཀྱིས་ངེད་རྩོམ་སྒྲིག་པས་མི་རབས་འདིར་གཙོ་བོར་དམིགས་ཤིང༌། དེ་ལས་གཞན་རིག་གནས་གསར་པ་དང༌། བསམ་བློ་གསར་པར་མོས་པ་ཡོད་ཀྱང་སྐད་དང་ཡི་གེའི་མཐུན་རྐྱེན་མ་འབྱོར་བའི་གྲྭ་བཙུན་གྱིས་མཚོན་པའི་ཤེས་ཡོན་ཅན་ལ་འཚོ་བཅུད་གསར་པ་ཞིག་གམ་དགའ་སྟོན་གསར་པ་ཞིག་བསྟོབ་པའང་སྙིང་ཁོང་དུ་ཉར་བ་ཡིན། ཤེས་རིག་གི་ཆ་ནས་དོན་གྱིས་ཁོ་ཚོ་སློབ་གྲྭ་ཆེན་མོ་བ་ཡིན་པར་བསྙོན་མི་ཐུབ་པར་མ་ཟད། མི་རིགས་ཡར་རྒྱས་ཀྱི་དཔུང་སྡེ་ཞིག་ཡིན་པའང་སྨོས་མ་དགོས།
ནང་དོན་གྱི་ཆ་ནས་ཀློག་དེབ་འདིའི་སྔ་དུམ་གྱིས་དེང་རབས་སྤྱི་དམངས་ཤིག་ལ་མཚོན་ན་རང་དབང་དམངས་གཙོ་དང་ཐོབ་ཐང་ཁེ་དབང་སོགས་ཡོངས་ཁྱབ་རིན་ལྟ་བ་དང་།དཔེ་ཀློག་བསམ་གཞིག དཀྱེལ་ཡངས་བསམ་བློ།ཤེས་ཡོན་ཅན་གྱི་བྱེད་ལས་དང་འགན་འཁྲི་སོགས་ལ་ངེས་ཤེས་ཟབ་གསལ་ཅིག་འདྲོངས་རྒྱུ་ནི་རྒྱུན་ཤེས་ཤིག་ཏུ་འགྲོ་ན་གཙོ་བོ་དེའི་ཐད་ལ་དམིགས་ཀྱིས་གཏད་ཡོད།
བར་དུམ་གྱིས་དེང་དུས་ཀྱི་དངོས་ཡོད་འཚོ་བ་ལ་མགོ་སྒུར་གྱིས་ཕུགས་བསམ་བོར་ཞིང་བླ་མེད་དོར་བའི་གྱི་ན་བའི་འཚོ་སྟངས་ཞིག་དར་བཞིན་པ་དེ་ལ་གདོང་ཇི་ལྟར་གཏོད་དགོས་པ་དང༌། ནར་མའི་ཙག་ཙིག་གི་འཚོ་བས་རང་ཁྱུར་མིད་བྱེད་དུ་མི་འཇུག་པར། བླ་ན་མཐོ་བའི་མི་ཚེའི་དོན་སྙིང་གི་མཐོ་སྙེགས་ཀྱིས་ཡུལ་ཅན་གྱི་གོ་ས་མངོན་དུ་བྱེད་པར་དམིགས་ཀྱིས་གཏད་ཡོད།
ཕྱི་དུམ་གྱིས་དེང་གི་འཛམ་གླིང་མི་རིགས་གཞན་གྱི་ལྟ་བ་སྣ་ཚོགས་པ་སྟེ།འཕེལ་རྒྱས་ཀྱི་ལྟ་བ་དང༌།སློབ་གསོའི་ལྟ་བ་དང༌།ཡང་ན་ང་ཚོའི་སེམས་སམ་རིག་གནས་ཀྱི་ཁྲོད་ན་བཤད་མི་རི་བར་ལྟ་བའི་གཞོན་ནུའི་ལང་ཚོའི་ཁྱད་ཆོས་དང༌།བཟའ་ཚང་གི་ཐད་ལ་ཇི་ལྟར་ལྟ་བ་ལ་སོགས་པ་ཚན་པ་གཅིག་ཏུ་བཀོད་དེ། ཤེས་རྒྱ་བསྐྱེད་པ་དང་མཐོང་རྒྱ་བསྐྱེད་པ་དམིགས་སུ་བཟུང་ཡོད།
དཔེ་དེབ་ཏུ་འཁོད་པའི་རྩོམ་ཕལ་ཆེར་བ་རྒྱ་ཡིག་ནས་བསྒྱུར་པའི་བསྒྱུར་རྩོམ་ཡིན། སྒྲིག་པ་པོ་དང་སྒྱུར་པ་པོ་དང་བཅས་པས་དོན་སྐྱོན་དང་ཚིག་སྐྱོན་མི་འབྱུང་བ་དང༌། སྒོས་སུ་སྐད་ཆའི་ཚིག་གི་སྦྱོར་བ་ལ་བོད་སྐད་གཤའ་མ་བོའི་ཁྱད་ཆོས་ཐོན་པར་རེ་བ་བྱས་ཤིང་རྩོལ་བའང་བསྐྱེད་པ་ཡིན་ཡང༌། ལར་ནུས་པས་མ་འཇོན་པས་ཚིག་དོན་གྱི་ཆ་ལ་སྐྱོན་ཤོར་བ་ཡོད་སྲིད་ལ། ལྷག་པར་ཚིག་སྦྱོར་གྱི་ཆ་ནས་རྣར་སྙན་ཞིང་ཁ་ལ་བདེ་བའི་བོད་རང་སྐད་ཀྱི་དགེ་ཐོན་མེད་པ་ཡང་ཡོད་སྲིད། འདིར་བཟོད་གསོལ་དང་བཅས་སྨྲ་འདོད་པ་ཞིག་ནི། ཡང་ན་བརྗོད་དོན་གསར་ཞིང་ནང་དོན་བརླིང་བས“སྐད་ཆ་གསར་པ”མི་སྤྱོད་ཐབས་མེད་ཡིན་ཞིང༌། ཡང་ན་ཚིག་གི་སྦྱོར་བའི་ཆ་ནས་ཚེགས་དམ་ཞིང་དོན་འདྲིལ་བ་ཅན་གྱི་སྐད་ཆའི་ཟོར་ལ་རེ་སྙེགས་བྱས་པས། ང་ཚོ་བྱིངས་ཀྱི་ཚིག་སྦྱོར་གྱི་གོམས་གཤིས་ལས་འགོངས་པ་རེད་ཅེས་པའོ།།ངེད་ཀྱི་སྐད་ཆའི་ལྟ་བ་ནི་མིང་གི་དོན་དང་ཚིག་གི་དོན་གང་ཡིན་ཡང་ཐམས་ཅད་སྐད་ཆའི་ཁྱུན(语境)ལས་གོ་དགོས་པ་ལས། མིང་ཚིག་གི་དོན་ལ་ཐེར་ཟུག་གིས་གོ་བ་སྣ་གཅིག་ཏུ་ལེན་པ་སྐད་ཆའི་ཆོས་ཉིད་དང་མི་མཐུན་པ་ཞིག་ཡིན་པས། རྩོམ་འདི་དང་བཅས་པའི་ནང་དོན་གསར་པའི་རྩོམ་ལ་ཀུན་སློང་ཡག་པོའི་སྒོ་ནས་ཉན་ཤེས་དང་ཀློག་ཤེས་བྱེད་པར་རེ་བ་སྙིང་ཐག་པ་ནས་ཞུ་བ་ཡིན།
དེབ་འདིའི་སྔ་དུམ་གྱི་འདེམས་བསྒྱུར་གྱི་འགན་གཙོ་བོ་མེ་ལྕེ་ཡིས་འཁུར་པ་དང༌། བར་དུམ་དང་ཕྱི་དུམ་གྱི་འདེམས་བསྒྱུར་གྱི་འགན་གཙོ་བོ་བདུད་ལྷ་རྒྱལ་གྱིས་འཁུར་པ་ཡིན། སྤྱིར་ན་དཔེ་དེབ་ཧྲིལ་བོའི་བདམས་བཀོད་གྱི་ཆ་ལ་ངེད་གཉིས་ཀས་བལྟས་ཤིང་བསམ་འཆར་བརྗེ་རེས་ཐེངས་མང་བྱས་པ་ཡིན་ཡང༌། ངེད་གཉིས་ཀྱི་ནུས་པའི་ཚད་བཀག་དང་སྒོས་སུ་ལྟ་རྒྱ་དོག་པས་ལེགས་རྩོམ་མང་པོ་ཤུལ་དུ་ལུས་ཡོད་པ་དང༌། འདིར་འཁོད་ཀྱི་རྩོམ་གྱི་སྟེང་ནའང་མི་འདང་བ་གང་མང་ཡོད་པར་གཟིགས་མཁན་རྣམ་པས་ལྷག་བསམ་དཀར་པོའི་བསམ་འཆར་མུ་མཐུད་འདོན་པར་ཞུ།
དཔེ་དེབ་འདེམས་བསྒྱུར་གྱི་ཁྲོད་དུ་སྒྱུར་པ་པོ་དག་གིས་ཀྱང་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱིས་རོགས་སྐྱོར་གང་མང་གནང་བར་འདིར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྒྲིག་པ་པོར་རང་དབང་ཆེན་པོ་སྦྱིན་ཞིང༌། མཐར་བདེ་ལེགས་ངང་དཔར་དུ་བསྐྲུན་པར་བཀའ་དྲིན་ཆེ་ཞུ་བ་ཡིན།


 ཞེས་སྒྲིག་པ་པོས2009ལོའི་ཟླ7པའི་ཚེས8ཉིན་ལན་གྲུ་རུ་བྲིས་པའོ།།

 

 

དཔྱད་བརྗོད། (6)Add Comment
མངགས་ཉོ།
དཔྱད་བརྗོད་པ། རྟ་མགྲིན་, April 01, 2011
ང་རང་ནི་སློབ་གསོ་ཚན་ཁག་གི་སློབ་ཆེན་སློབ་མ་ཞིག་ཡིན། དེར་བརྟེན་དེབ་འདི་འདྲ་ང་ཚོ་ལ་ཧ་ཅང་གིས་དགོས་མཁོ་ཆེ་བས་མངགས་ཉོ་ཇི་འདྲ་བྱེད་དགོས་སམ། དུས་མཚུངས། སྐུ་ཞབས་མེ་ལྕེ་ལ་སོགས་ང་ཚོ་མི་རིགས་ཀྱི་རིག་གནས་དང་འཕེལ་རྒྱས་ལ་ལྷག་བསམ་དཀར་པོ་བཅངས་མཁན་གྱི་མཁྱེན་རྒྱ་རྣམས་ལ་ཡི་རང་དང་གུས་འདུད་ཞུ་རྒྱུ་ཡིན།
བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
དཔྱད་བརྗོད་པ། ཀླུ་འབུམ།, September 09, 2010
བློ་འབྱེད་ཀློག་དེབ་དཔེ་ཚོགས་པར་དུ་བསྐྲུན་པར་སྐུ་ཞབས་མེ་ལྕེ་གཙོས་ལས་ཀ་འདི་བསྒྲུབ་མཁན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
དཔེ་དེབ་འདི་རིས་འགྲེལ་ཅན་དུ་བསྒྱུར་ཐུབ་ན་སྔར་ལས་ཀྱང་ཡག་པོ་ཡོང་རྒྱུ་རེད་བསམ་གི།
ཏན་ཏན་དགོས་འདུག
དཔྱད་བརྗོད་པ། ཁྱུང་རྒན།, June 23, 2010
དཔེ་དེབ་འདིའི་སྦྱིན་བདག་སྐུ་ཞབས་བ་མོང་ཉི་སྡིད་ལགས་ལ་ཐུགས་རྗེ་ཆེ། ཁྱེད་ཀྱི་ལྷག་བསམ་རྣམ་དག་གིས་ཕུལ་བ་དག དཔྱད་བརྗོད་པས་གཞན་གྱི་ལྐོག་ཏུ་ཟོས་པ་རེད་ཟེར་འདུག དཔྱད་བརྗོད་པ་ལགས་ཏན་ཏན་གྱིས་བརྗོད་རོགས་གྱིས།
ག་ནས་ཉོ་འཐུབ་བམ་
དཔྱད་བརྗོད་པ། པ་བརྟན་, June 14, 2010
སློབ་དེབ་དེ་ཚོ་ག་ནས་ཉོ་འཐུབ་བམ་ རིན་གོང་ག་ཚོད་ཙམ་ཡིན་ན་
ལྐོག་དངུལ་ཟ་མཁན
དཔྱད་བརྗོད་པ། ཟུར་མདས, June 10, 2010
སྐུ་ཞབས་བ་མོང་ཉི་སྡིད་ལགས་ལ་བཀའ་དྲིན་ཞུ་གིན་ཡོད། ཁྱེད་ཀྱིས་འགྲོ་གྲོན་གྱི་མཐུན་རྐྱེན་ཆ་ཚང་གཞན་གྱིས་ལྐོག་ཟ་བྱས་སོང་བ་འདྲ། ད་རུང་དཔེ་དེབ་འདི་དག་གི་རིན་གོང་ཧ་ཅང་མཐོ། གཞན་གྱིས་འགྲོ་གྲོན་མ་བཏང་ན་འདི་དག་ལས་དཔེ་རིན་མཐོ་བ་མེད
ལྐོག་དངུལ་ཟ་མཁན
དཔྱད་བརྗོད་པ། ཟུར་མདས, June 10, 2010
“དཔེ་ཚོགས་འདིའི་པར་སྐྲུན་འགྲོ་གྲོན་གྱི་མཐུན་རྐྱེན་ཆ་ཚང་སྐུ་ཞབས་བ་མོང་ཉི་སྡིད་ལགས་ཀྱིས་སྦྱར་བ་ཡིན། ”དེས་ན་ཁྱེད་ཅག་གིས་མ་དངུལ་ལྐོག་ཟ་བྱེད་ཀིན་ཡོད་དམ། ངེད་ཅག་གིས་རིན་མེད་གཟིགས་འབུལ་གྱི་དཔེ་དེབ་གཅིག་ཀྱང་མཐོང་མ་སོང་། དངོས་གནས་ཞབས་འདྲེན་རེད།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2010-07-06 )
 
< རྩོམ་ཡིག་གོང་མ།   རྩོམ་ཡིག་རྗེས་མ། >