Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་མཚམས་སྦྱོར་མདོར་བསྡུས།
འགྲུལ་པའི་གདེངས་འཇོག་སྐར།: / 6
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2010-04-17

 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནི་༡༩༥༧ལོར་ཚུགས་ཤིང་།    ཀན་སུའུ་ཞིང་ཆེན་གྱི་ཆེས་སྔ་བའི་ཆེད་ལས་དཔེ་སྐྲུན་ཁང་ཞིག་ཡིན་ལ།    དང་ཐོག་འཛུགས་སྐབས་བོད་ཡིག་དང་སོག་ཡིག་གི་རྩོམ་སྒྱུར་ཁང་གཉིས་ཡོད།     ༡༩༧༩ལོར་ཀན་སུའུ་ཞིང་ཆེན་གྱི་ཨ་ལག་ཤ་ཆིས་དང་ཨུ་ཅི་ན་ཆིས་ཏེ་སོག་རིགས་རང་སྐྱོང་ས་ཁུལ་གཉིས་ནང་སོག་རང་སྐྱོང་ལྗོངས་ལ་བཅད་པས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཀྱང་དེ་ནས་བཟུང་སོག་ཡིག་གི་དཔེ་ཆ་བསྐྲུན་མཚམས་བཞག   ༡༩༩༠ལོ་ནས་བཟུང་།    ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གི་འགོ་ཁྲིད་འོག་གི་ཆེད་ལས་དཔེ་སྐྲུན་ཁང་ཞིག་ཏུ་གྱུར་ལ།   ༢༠༠༦ལོའི་ཟླ་དང་པོར།    ཀློག་པ་པོ་དཔེ་སྐྲུན་ཚོགས་སྡེའི་གཤམ་གཏོགས་དཔེ་སྐྲུན་ཁང་ཞིག་ཏུ་གྱུར་ཞིང་།   ༢༠༡༠ལོའི་ཟླ་༡༢པར།    ཀློག་པ་པོ་དཔེ་སྐྲུན་གཏོང་སྦྱོར་མ་རྐང་ཀུང་སི་ལ་གཏོགས་པར་གྱུར་པ་དང་།     ༢༠༡༣ལོའི་ཟླ་དགུ་པར།     ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ཚད་ཡོད་འགན་ཁུར་ཀུང་སི་ཞེས་སྒེར་ཚུགས་བྱས་ཤིང་།    སྒེར་ཚུགས་ཀྱི་ཁྲིམས་མིའི་བདག་དབང་དང་ལྡན་པར་གྱུར་ཏོ།  །
༡    རྩ་བའི་གནས་ཚུལ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ཚུགས་ནས་ལོ་འཁོར་༥༧རིང་ལ།     ཐོག་མཐའ་བར་གསུམ་དུ་དཔེ་སྐྲུན་གྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་།    ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་རྒྱུན་འཁྱོངས།   སྤྱི་ཚོགས་ཕན་འབྲས་ཐོག་མར་འཇོག་པ་རྒྱུན་འཁྱོངས།   རྒྱུ་སྤུས་ཀྱི་ཚད་གཞི་ནན་མོ་རྒྱུན་འཁྱོངས་བཅས་བྱས་ཏེ།    དཔེ་སྐྲུན་བདེ་འཇགས་ལ་ཁག་ཐེག་ཡོད་པའི་སྒོ་ནས།   ལོ་རེར་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔེ་དེབ་༤༠༠ལྷག་རེ་དཔེ་སྐྲུན་བྱས་པ་རྣམས་ནང་དོན་གྱི་ཐད་ནས།   ཆབ་སྲིད་དང་།    དཔལ་འབྱོར།   མཚན་ཉིད་རིག་པ།    ཆོས་ལུགས།    ལོ་རྒྱུས།   རིག་གནས།   ཚན་རྩལ་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད་པས།     ཚན་རིག་རིག་གནས་ཁྱབ་གདལ་གཏོང་བ་དང་།     མི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་འཇོན་ཐང་མཐོ་རུ་འདེགས་པ།   རིག་གནས་དར་རྒྱས་ལ་སྐུལ་འདེད་བྱེད་པ།     མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ།   གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ཐད་ནས་བྱས་རྗེས་གལ་ཆེན་བཞག་ཡོད་དོ། །
རྒྱལ་ཁབ་ཀྱི་དཔེ་སྐྲུན་མ་དངུལ་དང་།  རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མ་དངུལ།    “ཤར་རླུང་བཟོ་བཀོད”   རྒྱལ་ཁབ་ཀྱི“ལྔ་ཕྲག་བཅུ་གཅིག་པའི”དཔེ་དེབ་དཔེ་སྐྲུན་འཆར་བཀོད།     རྒྱལ་ཁབ་ཀྱི“ལྔ་ཕྲག་བཅུ་གཉིས་པའི”གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དཔེ་སྐྲུན་འཆར་བཀོད།   རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་དཔེ་སྐྲུན་ཆེད་དམིགས་མ་དངུལ།  2013—2025ལོའི་རྒྱལ་ཁབ་ཀྱི་ཚིག་མཛོད་བསྒྲིགས་བསྐྲུན་འཆར་བཀོད།   ཀན་སུའུ་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་རྒྱུན་འཁྱོངས་ཀྱི་གཙོ་གནད་དཔེ་དེབ།  ཀན་སུའུ་ཞིང་ཆེན་གྱི་ཏང་བཙུགས་ནས་ལོ་འཁོར་༩༠ལོན་པར་རྟེན་འབྲེལ་ཞུ་བའི་གཙོ་གནད་དཔེ་དེབ།    ཀན་སུའུ་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི“ལྔ་ཕྲག་བཅུ་གཉིས་པའི”འཆར་བཀོད།   ཧྭ་ཞྰ་རིག་དཔལ་རྒྱུན་འཛིན་གསར་གཏོད་ཁུལ་གྱི་དཔེ་སྐྲུན་ལས་གཞི།  ཀན་སུའུ་ཞིང་ཆེན་གྱི་གསར་འགྱུར་དཔེ་སྐྲུན་ཅུའུའི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་གྱི“བཅུ་བཟང་གཉིས”དཔེ་སྐྲུན་འཆར་བཀོད།   ཀན་སུའུ་ཞིང་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་བསྲིང་ལག་བསྟར་ཐད་ཀྱི་གཙོ་གནད་དཔེ་དེབ་སོགས་རྒྱལ་ཁབ་དང་ཞིང་ཆེན་ནམ་པུའུ་རིམ་པའི་ལས་གཞི་༣༠ལྷག་འགན་དུ་བླངས་ཡོད།    《ནུབ་ཁུལ་གྱི་མི་རིགས་དཔལ་འབྱོར་དར་སྤེལ་གནད་དོན་ཞིབ་འཇུག》སོགས་བསྐྲུན་པའི་དཔེ་དེབ་༣༠༠ལྷག་ལ་སྔ་གཞུག་ཏུ“སྐབས་བཞི་བའི་ཀྲུང་ཧྭའི་ཕུལ་བྱུང་དཔེ་དེབ་བྱ་དགའ”དང་།   “རྒྱལ་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་བཀླག་དེབ་ཕུལ་བྱུང་སྣ་བརྒྱ”  “སྐབས་གཉིས་པའི་རྒྱལ་ཡོངས་ལ་མཚམས་སྦྱོར་བྱ་བའི་མི་རིགས་དཔེ་དེབ་ཕུལ་བྱུང་སྣ་བརྒྱ”སོགས་རྒྱལ་ཁབ་དང་ཞིང་ཆེན་ནམ་པུའུ་རིམ་པའི་བྱ་དགའ་ཐོབ་མྱོང་།
ཐུང་མོང་དང་མི་སྒེར་ལ་སྔ་ཕྱིར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་།     རྒྱལ་ཁབ་མི་རིགས་དོན་གཅོད་ཁང་།     རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་།    རིག་གནས་པུའུ།   ཀན་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས།    རྒྱལ་ཡོངས“མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང”དང་།   “མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་མི་སྣ”  “གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྐོར་གསུམ་པའི་རུ་འདྲེན་ཤེས་ལྡན་པ”སོགས་དང་།     ཀན་སུའུ་ཞིང་ཆེན་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང”དང་།   “སྐབས་དྲུག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་ཐུན་མོང”   “སྐབས་ལྔ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོནགཞོན་ནུ”  “དྲིལ་བསྒྲགས་རིག་གནས་ལས་རིགས་ཀྱི‘སྐོར་གཅིག་བཞིའི’ཤེས་ལྡན་པ”  “གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྔོན་ལེགས་གཉེར་བའི་བྱ་འགུལ་ཁྲོད་ཀྱི་གུང་ཁྲན་ཏང་ཡོན་ཕུལ་དུ་བྱུང་བ”  “‘༥༥༥གསར་གཏོད་ཤེས་ལྡན་པའི་བཟོ་བཀོད’ཀྱི་རིམ་པ་གཉིས་པའི་བདམས་ཐོན་མི་སྣ”   “ཀྲུང་གོ་ཚུགས་ནས་ལོ་འཁོར་༦༠ལོན་པར་རྟེན་འབྲེལ་ཞུ་བའི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་དཔེ་ལེགས་མི་སྣ”སོགས་མཚན་སྙན་མང་དུ་ཐོབ།
ཉེ་བའི་ལོ་འདི་དག་ལ།   རྒྱལ་ཁབ་ཀྱི་རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་གྱི་འབོད་སྐུལ་ཧུར་ཐག་གིས་དང་དུ་བླངས་ཏེ།  རླབས་སྣ་འདྲེན་སྤོབས་ཤིང་།    རྒྱུན་ཆད་མེད་པའི་གསར་གཏོད་དང་།   གོམ་སྟབས་བརྟན་པོའི་དར་རྒྱས་ལ་བརྟེན་ནས།    སྤྱི་ཚོགས་ཕན་འབྲས་རིམ་བཞིན་མཐོར་འདེགས་དང་།   དཔལ་འབྱོར་ཕན་འབྲས་ལོ་རེ་བཞིན་འཕར་སྣོན་བྱུང་སྟེ།    ཀློག་པ་པོ་དཔེ་སྐྲུན་གཏོང་སྦྱོར་མ་རྐང་ཚད་ཡོད་ཀུང་སིའི་ཁྲོད་གདོང་གྲལ་དུ་སླེབས་ལ།    དར་རྒྱས་ཀྱི་གྲུབ་འབྲས་ལ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཁས་ལེན་ཐོབ་བོ། །
༢   བོད་ཡིག་དཔེ་དེབ་པར་བསྐྲུན་གནས་ཚུལ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ས་གནས་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ལ་གནས་གཞི་བཅོལ་ཏེ།    རང་ཁྱད་ཐོན་པར་བྱས་ཤིང་།      གེ་སར་རིག་པ་དང་།    བོད་ཀྱི་རིག་གནས་དང་བོད་བརྒྱུད་ནས་བསྟན།   ཏུན་ཧོང་རིག་པ།    དབྱི་སི་ལན་རིག་གནས་སོགས་ཕྱོགས་ཀྱི་དཔེ་དེབ་ཐད་རྒྱལ་ནང་ནས་རང་ས་ཟིན་ཡོད།     བོད་ཡིག་དཔེ་དེབ་ཀྱི་དཔར་བསྐྲུན་གྲངས་ཚད་དང་སྤུས་ཚད་ལོ་རེ་བཞིན་ཇེ་མཐོར་ཕྱིན་ཞིང་།   བྱ་དགའ་ཐོབ་པའི་དཔེ་དེབ་ཀྱི་རྣམ་གྲངས་བསྟུད་མར་འཕར་སྣོན་བྱུང་།     ཚབ་མཚོན་རང་བཞིན་གྱི་བོད་ཡིག་དཔེ་དེབ་ལ།   “རོང་འབྲོག་མིའི་དཔེ་ཁང”དེབ་ཚོགས་དང་།     《བོད་རྒྱ་ཚིག་མཛོད》  《ཚད་མ་རིག་པའི་འཇུག་སྒོ》 《སྙན་ངག་སྤྱི་དོན》  《བརྡ་སྤྲོད་རིག་པ》སོགས་ཡོད།     བོད་ཡིག་དཔེ་དེབ་སྣ་བརྒྱ་ཕྲག་ལྷག་ཀན་སུའུ་དང་མཚོ་སྔོན།    བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རོང་འབྲོག་དཔེ་ཁང་དང་དགོན་པའི་དཔེ་ཁང་གིས་མངགས་ཉོ་བྱས་ལ།     དཔེ་དེབ་སྣ་༢༣ནི་2011—2012ལོའི་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི“ཞིང་པའི་དཔེ་ཁང”ལ་མཚམས་སྦྱོར་བྱ་བའི་དཔེ་ཐོའི་དཀར་ཆག་ཏུ་བཀོད།   རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་དཔེ་སྐྲུན་ཆེད་དམིགས་མ་དངུལ་གྱི་རྒྱབ་སྐྱོར་དང་།    《ཀློག་པ་པོ》ཞེས་པའི་འཛམ་གླིང་གི་དེབ་མིང་སྐད་གྲགས་ཅན་འདིའི་ཤུགས་རྐྱེན་ལ་བརྟེན་ནས།    ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༢ལོར་དུས་དེབ《ཀློག་པ་པོ་བོད་ཡིག་མ》གསར་སྤེལ་བྱས་ལ།    བཀྲམ་ཚད་དེབ༡༠༠༠༠ལོང་ཡོད།
མིག་སྔར།   གཞོགས་འདེགས་རྒྱུ་ཆ་ཚན་སྐོར་དང་།    བོད་ཀྱི་རིག་གནས་ཚན་སྐོར།  དབྱི་སི་ཞན་རིག་གནས་ཚན་སྐོར།   རྒྱ་བརྒྱུད་ནས་བསྟན་རིག་གནས་ཚན་སྐོར།    རྒྱུགས་ཡིག་རིགས་ཀྱི་དཔེ་དེབ་ཚན་སྐོར།    ལས་རིགས་ལག་རྩལ་སློབ་གསོའི་བསླབ་དེབ་ཕྱོགས་ཀྱི་དཔེ་དེབ་ཚན་སྐོར།   ལས་གཞིའི་རིགས་ཀྱི་དཔེ་དེབ་ཚན་སྐོར།   གསོ་རིག་ཕྱོགས་ཀྱི་དཔེ་དེབ་ཚན་སྐོར།    རིག་གཞུང་ཞིབ་འཇུག་ཕྱོགས་ཀྱི་དཔེ་དེབ་ཚན་སྐོར།     པར་དབང་ཉོ་ཚོང་ཚན་སྐོར་བཅས་ཚན་སྐོར་ཆེན་པོ་བཅུ་གཞི་རྩའི་ཆ་ནས་གྲུབ་ཡོད་ལ།   དེ་ལས་ངེད་དཔེ་སྐྲུན་ཁང་གི་ཁྱད་ཆོས་ཀྱང་མངོན་ཡོད་དོ། །
དེབ་སྐབས་ཀྱི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནི།    དཔུང་སྡེ་འཆམ་མཐུན་ཡིན་ཞིང་།    གསར་གཏོད་ཀྱི་སྙིང་སྟོབས་ལྡན་ལ།    ཉིན་རྒྱུན་གྱི་དོ་དམ་ལ་རྒྱུན་མཐུད་ཀྱི་ཤུགས་སྣོན་འབྱུང་བཞིན་དུ།      ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དཔེ་སྐྲུན་བྱ་བའི་ཁྲོད་ཕྱི་ཕྱིར་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ།     ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སླད་ཕྱིན་ད་དུང་མི་མཐུད་དུ་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་དང་ཚན་རིག་རིག་གནས་ཐད་ཀྱི་འཇོན་ནུས་མཐོར་འདེགས་དང་།   གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་འབྱུང་བ་ལ།    བསམ་བློའི་སྒུལ་ཤུགས་དང་ཤེས་རབ་ཀྱི་གཞོགས་འདེགས་ནུས་སྟོབས་ལྡན་པ་འདོན་སྤྲོད་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན།

དཔྱད་བརྗོད། (0)Add Comment

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2015-03-05 )