Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ》སྤྱིའི་འདོན་ཐེངས་བཞི་བ།
འགྲུལ་པའི་གདེངས་འཇོག་སྐར།: / 6
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2010-04-14

གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ》

སྤྱིའི་འདོན་ཐེངས་བཞི་བ་དེ་ཉིན་འགའ་ནས་དངོས་སུ་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ།

Image 

གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ》འི་གླེང་གཞི་དུས་ཀྱི་རླབས་ཕྲེང་།

བན་ཤུལ་དཔལ་མཁར་རྒྱལ།

ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ལ་འཛམ་གླིང་ཧྲིལ་བོའི་ཚན་རིག་དང་ཤེས་རིག་གི་འཕེལ་ཚད་ཧ་ཅང་མྱུར་བ་དང་ཆབས་ཅིག་རྒྱལ་ཁབ་ཕན་ཚུན་གྱི་དཔལ་འབྱོར་འགྲོ་འོངས་སོགས་ཀྱི་ཤུགས་རྐྱེན་ལས་རིག་གནས་ཀྱི་བཙན་འཛུལ་རབ་དང་རིམ་པ་མང་བོ་ཐོན་ནས་རིག་གནས་ཁ་ཤས་ཞིག་གཞི་མེད་དུ་གྱུར་བའི་ཉེན་ཚབས་ཧ་ཅང་ཆེན་པོ་འབྱུང་གི་རེད། དེར་བརྟེན་རིག་གནས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཆེད་དུ་འབད་རྒྱུ་ནི་མིར་སྐྱེས་པའི་དོན་སྒོ་ཞིག་རེད་ལ་མི་དང་སྲོག་ཆགས་ཀྱི་རྩ་བའི་ཁྱད་པར་ཞིག་ཀྱང་རེད། རྒྱུ་མཚན་འདིའི་དབང་གིས་ང་ཚོས་ཡིད་དཔྱོད་ཙམ་མ་ཡིན་པར་ལུང་རིགས་དཔེ་གསུམ་གྱི་དཔྱད་པར་བརྟེན་པའི་རིག་གནས་ཀྱི་བྱ་འགུལ་དང་ཆོས་རིག་གི་བགྲོ་གླེང་སོགས་ཐབས་སྣ་ཚོགས་བརྒྱུད་ནས་རིག་གནས་དར་རྒྱས་ཀྱི་ཕྱོགས་སུ་དམིགས་པ་གཏོད་རྒྱུ་ནི་ང་ཚོར་དུས་རབས་ཀྱིས་སྤྲད་པའི་འོས་འགན་ལྕི་མོ་ཞིག་རེད། སྔོན་གྱི་གནའ་སྲོལ་མང་བོ་ཞིག་མཁྲེག་འཛིན་གྱིས་རང་ལུགས་ཚད་མ་ཡིན་པར་ཡིད་ཆེས་ཀྱི་མིག་བཙུམས་ནས་སྡོད་པའི་དུས་རབས་དེ་གཞི་ནས་མཇུག་རྫོགས་ཟིན་ལ་གསར་དུ་དབུ་ཁྱུད་ཀྱིས་ཁྲིད་པའི་དེ་རིང་གི་དུས་ཚོད་འདིར་ང་ཚོས་ཡངས་པའི་རྒྱལ་ཁམས་ཀྱི་ཁྱོན་འདིར་ཞིབ་གཟིགས་གནང་ཚེ་ཁ་སང་གི་ཡོད་ཚད་རྨི་ལམ་གྱི་འགྲོས་བཞིན་འབྱུང་བཞིའི་དབྱིངས་སུ་ཐིམས་ཤིང་ད་ལྟ་ནས་ལས་འགོ་ཚུགས་པའི་བྱ་གཞག་མང་བོ་ཞིག་ལས་འཕྲོར་ཟད་པ་ངེས་པར་དུ་ཤེས་འོས་ལ་ཁྱད་པར་དུ་བོད་བཙན་པོའི་དུས་བཟུང་གསང་རྒྱ་དང་ཆག་འཇིག་སྣ་ཚོགས་བརྒྱུད་ནས་སླེབས་མྱོང་ཡོད་པའི་བོན་པོའི་རིག་གནས་ལ་ཆ་མཚོན་ནའང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འདིར་གཞིས་བྱེས་ཞིབ་འཇུག་པ་སུ་དང་གང་ཞིག་གིས་ཀྱང་སོ་སོའི་ཆོས་བརྒྱུད་དང་གྲུབ་མཐའི་ལ་རྒྱ་ཙམ་ལ་མ་ལྟོས་པར་རྒྱུས་ལོན་དང་ཞིབ་འཇུག་གནང་འོས་ལ་དེ་ཉིད་བཀག་རྒྱ་ཞིག་ལ་བརྩིས་ནས་བསྡད་ན་ང་ཚོའི་རིག་གནས་ཀྱི་ཁྱོན་ཡངས་པའི་འཕེལ་རྒྱས་དང་མིའི་རིགས་ཀྱི་འདས་མ་འོངས་ད་ལྟའི་རིག་གནས་ཀྱི་བང་མཛོད་ཁྲོད་ནས་ང་ཚོའི་མེས་པོའི་ཤུལ་བཞག་གི་ནོར་བུ་རྣམས་ས་རྡུལ་གྱིས་ཟོས་ནས་རྨེག་མེད་དུ་འགྲོ་བར་ཉེན་ཁ་ཤིན་ཏུ་ཆེ་བ་ནི་སྨྲ་ག་ལ་དགོས།

བོན་པོའི་རིག་གནས་ལ་ཆ་མཚོན་ནས་ཞུས་ནའང་གནའ་བོའི་དུས་ནས་བཟུང་དུས་རབས་མི་འདྲ་བ་སྣ་ཚོགས་རིམ་པར་བརྒྱུད་ནས་ད་ལྟའི་བར་དུ་གནས་ཐུབ་པ་བྱུང་བ་ནི་ངོ་མ་ཧངས་སངས་དགོས་པའི་གནས་ཚུལ་ཤིག་རེད། ད་ལྟ་འཛམ་གླིང་གི་རིག་གནས་དར་བའི་ལོ་རྒྱུས་མི་འདྲ་བ་སྣ་ཚོགས་ལ་ཞིབ་པར་བལྟ་དུས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྩ་མེད་དུ་སོང་བའི་རིག་གནས་རབ་དང་རིམ་པ་མང་བོ་ཞིག་ཡོད། བོན་པོའི་རིག་གནས་འདི་ཉིད་ཀྱང་རྒྱ་གར་ནས་པཎ་ཊི་ཏ་ལྔ་བརྒྱ་གདན་དྲངས་ནས་ཆེད་དུ་བསྣུབས་པའི་གནས་ཚུལ་སོགས་ལོ་རྒྱུས་ཡིག་ཚངས་ལས་གོ་ཐུབ་ལ་དེ་ལྟར་དཀའ་ཚེགས་དང་ཉེན་ཁ་གང་མང་བརྒྱུད་ནས་དར་ཐུབ་པའི་སྐོར་ལ་ང་ཚོས་ཕྱོགས་ཞེན་གྱི་མིག་རིས་བོར་ཏེ་གཟུ་བོར་གནས་པའི་ངང་ནས་བལྟ་འོས་ལ་དེའི་གནས་ཚུལ་སོགས་ལའང་ཞིབ་དཔྱད་གཏོང་བར་འོས། དེ་ནི་བོན་སྒོར་ཞུགས་ནས་བོད་ཀྱི་གྲུབ་མཐའ་གཞན་དག་ལ་རྨ་ཕབ་པའི་དམིགས་ཡུལ་ཞིག་གཏན་ནས་མིན་ཁར་བོད་གངས་ཅན་གྱི་ཡ་ཐོག་རིག་གནས་དང་དེ་འབྲེལ་གྱི་ཆོས་ལུགས་གྲུབ་མཐའི་སྐོར་གྱི་ཡོད་པ་རྒྱུད་འཛིན་དང་མེད་པ་ཁ་གསབ་བྱེད་རྒྱུའི་ལས་འགན་རླབས་པོ་ཆེ་ཞིག་ཡིན་པ་ཁ་ཚོན་བཅད་ནས་བཤད་འོས་པ་ཞིག་རེད།

ཉེ་ཆར་རིན་སྤུངས་ཚུལ་བསྟན་མཆོག་ནས་བོན་གྱི་རིག་གནས་ཞིབ་འཇུག་གི་ཚ་རླབས་དང་ཁ་གཏད་ནས་སྒྲུབ་བཞིན་པའི་《མུ་ཁྲི་བཙན་པོ》ལ་ཆ་མཚོན་ན་ཁྱད་བོན་མང་བོ་ཞིག་ཞུ་རྒྱུ་འདུག་ནའང་དེ་དག་བོད་ཀྱི་ཀློག་པ་པོ་རིས་མེད་རྣམས་ལ་ཞིབ་པར་ཞུ་མ་དགོས་པར་རང་འདོད་ཀྱིས་རྒྱུས་ལོན་ཡོད་པ་བཅས་ཁོང་གིས་ཡུལ་སའི་བོན་གྱི་རིག་གནས་ལ་བཟུང་བའི་རྩ་བའི་རྣམ་འགྱུར་དང་དཀར་བོ་དགེ་བའི་སྒྲུབ་སྟངས་འདི་ཉིད་འཛམ་གླིང་གང་སར་གནས་པའི་བོན་པོ་སོགས་གྲུབ་མཐའ་རིས་མེད་ཀྱི་དཔྱོད་ལྡན་རྣམས་ཀྱི་དགའ་བའི་ལེགས་སྐྱེས་སུ་འགྱུར་བར་སྨོན་འདེབས་རྒྱུ་བཅས།

བོད་ཤར་ཕྱོགས་ཨ་མདོའི་འབྲོག་ལྗོངས་ནས་འཚར་ལོངས་བྱུང་ཞིང་མི་ཚེ་ཕྱེད་ཀ་དཔེ་ཀློག་ཐོས་བསམ་ཁྲོད་ཡོལ་མྱོང་བའི་གངས་ཅན་བོད་ཀྱི་གཞོན་ནུ་བན་ཤུལ་དཔལ་མཁར་རྒྱལ་ལམ་བསྟན་འཛིན་མཐར་ཕྱིན་ནས་བྲེལ་འཚུབ་མང་པོའི་ཁྲོད་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

Image

2009-11-11ལ་ལྷ་ས་ནས།

དགོས་མཁོ་མཁན་དག་གིས་འབྲེལ་བ་གནང་ཡུལ།

གཙོ་སྒྲིག་པ།  རིན་སྤུངས་ཚུལ་བསྟན།

ཁ་པར་ཨང་གྲངས། ༡༣༩༩༠༤༡༨༧༧༣

 

འཕྲིན་གསར་འདི་རིན་སྤུངས་ཚུལ་བསྟན་གྱིས་འདོན་སྤྲོད་བྱས།

 

དཔྱད་བརྗོད། (11)Add Comment
...
དཔྱད་བརྗོད་པ། གླག་མིག, May 10, 2010
སྐུ་ཞབས་རིན་སྤུངས་ལགས། ཁོ་བོར་ལན་གསལ་བོར་ཞིག་གནང་བར་སྐྭ་དྲིན་ཆེ་ལགས།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། རིན་སྤུངས།, May 06, 2010
གྲོགས་པོ་གླག་མིག་ལགས།
ཆེད་དུ་དགོངས་དག་ཞུ་ཀི་ཡིན་ལགས།
དེ་རིང་བར་དུ་ལན་འདེབས་ཐུབ་མ་སོང་བས་
རང་ཉིད་ལ་ལས་ཀ་ཙག་ཙོག་སྣ་ཚོགས་ཀྱིས་རྐྱེན་པས་
བཀའ་བརྟེན་བླུ་ཡུལ་དེ་བོད་ལྗོངས་ནག་ཆུ་ས་ཁུལ་སོག་སྡེ་བོན་དགོན་གྱི་མཆོག་སྤྲུལ་བསྟན་པའི་ཉི་མ་ལགས་ལ་བོན་གྱི་བཀའ་བརྟེན་བླུ་རྒྱུ་ཡོད་ས་རེད་ལགས།
ཁོང་ལ་འབྲེལ་བ་བྱེད་ཡུལ། ༡༣༩༠༨༩༡༣༣༧༣ཨང་གྲངས་འདི་ཉིད་ཁོང་གི་ཞལ་པར་ཨང་གྲངས་རེད་ལགས།
མུ་ཁྲི་བཙན་པོ་དེ་ཉིན་འགའ་ནས་ལྷ་སར་འབྱོར་གི་རེད་ལགས།
...
དཔྱད་བརྗོད་པ། གླག་མིག, May 05, 2010
ཁ་དོག་སེར་བོ་ནི་རྒྱ་དཀར་ནག་དང་བོད་པ་ཚང་མས་ཆེས་མདོག་ལེགས་པོ་ཞིག་ཏུ་བརྩི་བཞིན་ཡོད་ཀྱང་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་འདུལ་འཛིན་པའི་གྱོན་ཆོས་སྟོད་འགག་ནི་བོན་གྱི་འདུལ་ཆས་ཡིན་པ་གསལ་ཡང་བོན་གྱི་སྟོད་འགག་གི་མདོག་སྔོན་པ་ོབྱས་པ་ལ་དགེ་མཚན་ཅི་ཡོད་པ་དང་།བོད་རྒྱའི་ རྒྱལ་བློན་བླ་སྤྲུལ་མཐོ་གྲས་ཀྱི་གྱོན་ཆས་ཀྱི་མདོག་སེར་བོ་ལྟར་བྱས་ན་ཀུན་གྱི་མཛེས་དཔྱོད་དང་སེམས་ཁམས་སོགས་ལ་མཐུན་པར་སྙམ་མོ།།
བསམ་ཚུལ།
དཔྱད་བརྗོད་པ། གླག་མིག, May 05, 2010
རྩོམ་སྒྲིག་པ་ཞིག་ཡིན་ཕྱིན་ཀློག་པ་པོ་རྣམས་ཀྱི་རེ་བ་དང་བསམ་ཚུལ་ལ་ཡང་དོ་སྣང་དང་ལན་རེ་བསྐྱོན་ན་ལེགས་པར་སྙམ་མོ།།
ལས་བཅོལ།
དཔྱད་བརྗོད་པ། གླག་མིག , May 04, 2010
སྐུ་ཞབས་རིན་སྤུངས་ཚུལ་བསྟན་ལགས། བོད་པའི་རིག་གནས་དང་ཆོས་ལུགས། ལོ་རྒྱུས། དམངས་སྲོལ་བཅས་ཀྱི་ཞིབ་འཇུག་ཐད་ཕ་ནོར་བུ་ལ་བཞག་པའི་གངས་ཅན་གྱི་གཅེས་ནོར་བོན་གྱི་བཀའ་བརྟེན་མེད་དུ་མི་རུང་བ་ཞིག་ཡིན་པས་ངེད་སློབ་གྲྭའི་དཔེ་མཛོད་ཁང་དུ་བླུ་རྩིས་ཡོད་ཀྱང་བླུ་སའི་དཔེ་མཛོད་ཁང་དང་རིན་གོང་ཐད་ཆ་རྒྱུས་མེད་པས་སྐུ་ཉིད་ཀྱིས་རོགས་རམ་ཞིག་བྱེད་པར་མཁྱེན་མཁྱེན །
བསྟན་འཛིན་སྦྱིན་པ།
དཔྱད་བརྗོད་པ། དགའ་བསུ་ཞུ།, April 25, 2010
རིན་སྤུངས་ཚུར་བསྟན་གཙོས་པའི་ཕྱར་གྲུ་མཉམ་འདེགས་གནང་མཁན་ལྷན་རྒྱས་ལ་དགའ་བསུ་ཞུ་བཞིན་ཡོད་པ་མ་ཟད་དུས་དེབ་འདི་དང་འདི་བཞིན་མུ་མཐུད་རྒྱུན་སྐྱོང་ངང་བོད་ཀྱི་ཆོས་རིག་ལོ་རྒྱུས་གང་ཅིའི་ཐད་འཐུས་སྒོ་ཚང་དུ་གཏོང་ཐོབ་རྒྱུའི་རེ་སྨོན་དང་བཅས།
རེ་བ །
དཔྱད་བརྗོད་པ། གླག་མིག, April 23, 2010
དུས་དེབ་འདི་དང་བོན་གྱི་དུས་གཞན་དག་རྣམས་བོད་ཀྱི་རིས་མེད་ཀྱི་དགོན་སྡེ་ཁག་དང་སློབ་གྲྭ་ཆེ་འབྲིང་སོ་སོའི་དཔེ་མཛོད་ཁང་དུ་རེ་གཉིས་བསྐུར་བ་རེ་བྱུང་ན་ཁྱབ་རྒྱ་ཆེ་ལ་ལེགས་ཆའང་མི་དམན་པ་རེ་ཡོད་པར་འདོད་པས་ཁྱེད་རྩོམ་སྒྲིག་པ་རྣམ་པས་ཐུགས་འཛགས་འཚལ ། ཁ་དྲོ ། བཀྲ་ཤིས །
...
དཔྱད་བརྗོད་པ། ཁྲི་བསོད་བསྟན་ནས།, April 19, 2010
ཞེ་སེམས་གཏིང་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་ཡིན།
ལེགས་གསོལ་ཞུ།
དཔྱད་བརྗོད་པ། ཁྱུངཿསྨོན་ལམ།, April 17, 2010
དཔེ་དེབ་འདིའི་རྩོམ་སྒྲིག་པ་རིན་སྤུངས་ཚུལ་བསྟན་གཙོས་པའི་ལས་ཀྱི་སྣེ་མོ་བ་ཡོངས་ནས་ཐུགས་ཁུར་ཆེར་བསྐྱེད་ལ་བརྟེན་དཔེ་དེབ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་དང་། ཁྱེད་རྣམས་ཀྱི་བྱས་རྗེས་རྟག་ཏུ་དྲན་བཞིན་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་ཡིན།
...
དཔྱད་བརྗོད་པ། ཁྲི་གཡུང་དྲུང་།, April 17, 2010
དངོས་གནས་ཡག་པོ་འདུག
ཐུགས་རྗེ་ཆེ།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། རིན་སྤུངས་ཚུལ་བསྟན།, April 15, 2010
གྲོགས་པོ་ཚོ།
ཁྱེད་ཅག་གིས་ཕྱོགས་གང་ཐད་ནས་རོགས་རམ་དང་བསམ་འཆར་འདོན་རོགས་ཞུ་ཞུ།
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་མུ་ཁྲི་བཙན་པོའི་གཙོ་སྒྲིག་པ་རིན་སྤུངས་ཚུལ་བསྟན་ནས་

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2010-04-14 )
 
< རྩོམ་ཡིག་གོང་མ།   རྩོམ་ཡིག་རྗེས་མ། >