Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
བོད་ཡིག་གི་དཔེ་དེབ་ལག་འཁྱེར་ཁ་པར་གྱི་ནང་དུ་གོམ་པ་སྤོས་པ།
འགྲུལ་པའི་གདེངས་འཇོག་སྐར།: / 15
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2010-01-24
བོད་ཡིག་གི་དཔེ་དེབ་ལག་འཁྱེར་ཁ་པར་གྱི་ནང་དུ་གོམ་པ་སྤོས་པ།

 Image

     ལག་འཁྱེར་ཁ་པར་ནི་བོད་ནང་ལ་མཚོན་ན་སྦག་སྦག་འཁོར་ལོའི་ཚ་རླབས་ཀྱི་རྗེས་ནས་ཕོ་མོ་རྒན་གཞོན་སྐྱ་སེར་གྱི་དབྱེ་བ་མེད་པར་ཁྱབ་བརྡལ་དུ་སོང་ཡོད་པའི་ཡོ་བྱད་གསར་བ་ཞིག་རེད། ལག་འཁྱེར་ཁ་པར་འདི་ཚང་མའི་ཅ་ལག་གལ་ཆེན་ཞིག་དང་འདངས་ཅན་ཞིག་འགྱུར་དོན་གཙོ་བོའང་འདི་ལ་ཁ་པར་གཏོང་བ་དང་འཕྲིན་ཐུང་བསྐུར་བའི་ནུས་པ་རྨང་གཞི་བྱས་ཐོག་ལོ་རེ་བཞིན་བྱེད་ནུས་གསར་པ་འཕར་བསྣོན་བྱུང་བཞིན་པའི་སྟབས་རེད།
   སྤྱིར་བཤད་ན་དཔེ་ཆ་ཞིག་ཁ་པར་ནང་དུ་བཞག་ནས་ཀློག་ཏུ་བཏུབ་པ་ནི་སྐད་རིགས་གཞན་རྒྱ་ཡིག་དང་དབྱིན་ཡིག་ལྟ་བུ་ལ་མཚོན་ན་ཧ་ཅང་ཁྱབ་བརྡལ་དུ་སོང་བའི་བྱེད་ནུས་ཤིག་ཡིན་མོད། འོན་ཀྱང་བོད་ཡིག་གི་བརྡ་འཕྲིན་ལས་དོན་ཀྱི་གནས་བབས་ཧ་ཅང་སྐྱོ་པོ་ཡིན་སྟབས། བོད་ཡིག་གི་དཔེ་ཆ་ལག་འཁྱེར་ཁ་པར་གྱི་ནང་དུ་འཇོག་འདོད་པ་ཙམ་གྱི་རེ་སྨོན་ཡང་ད་བར་དུ་གྲགས་མེད་ཏུ་ལུས་ཡོད།   དེ་ཡང་བོད་ཡིག་འདི་ལོ་ཁ་ཤས་ཀྱི་སྔོན་ལ་ཡིག་རིགས་ཡོད་ཚད་གྱི་ཨང་གྲངས་གཅིག་གྱུར་གྱི་བདག་ཉིད་ཅན་དེའི་ནང་དུ་ཚུད་པ་ནས་བཟུང་། བོད་ཡིག་འདི་ཡང་རྩིས་འཁོར་གྱི་མཛད་རིམ་གང་མང་ཞིག་ཏུ་སྤྱོད་ཆོག་པར་གྱུར་ནས་ད་ལྟའི་གནས་བབས་ཅུང་ཙམ་ལེགས་སུ་འགྲོ་བཞིན་མཆིས།

    དེ་ལྟར་བོད་ཡིག་འདི་ཡང་བརྡ་འཕྲིན་ཅན་དང་ཨང་ཀི་གཟུགས་ཅན་དུ་རྣམ་པར་འཕྲོས་བའི་སྔོན་འགྲོའི་ཆ་རྐྱེན་ཇེ་བཟང་དུ་འགྲོ་བའི་སྐབས་འདིར། རྡོ་འབུམ་དཔེ་འཕྲིན་གྱིས་བོད་ཡིག་གི་དཔེ་སྐྲུན་ལས་དོན་མུ་མཐུད་དུ་དུས་དང་མཉམ་པའི་སྒོ་ནས་འཚར་ལོངས་བྱུང་ཐུབ་པ་སེམས་ལ་བཅངས་ནས་སྔ་གཞུག་ཏུ་ཕུལ་ཏུ་བྱུང་བའི་སྒོ་ནས་ཧི་གཟུགས་དཔེ་སྐྲུན་གྱི་ཐད་ལ་བཀོལ་བ་དང་། རྩིས་འཁོར་གྱི་ནང་དུ་བོད་ཡིག་གི་ཡིག་གཟུགས་ཡོད་མེད་ལ་མ་བལྟོས་པར་ཐད་ཀར་དུ་ལྟ་ཀློག་བྱེད་བཏུབ་པའི་གློག་དེབ་དཔེ་དེབ་བམ་འགུལ་རིས་རྣམ་པའི་དཔེ་དེབ་གྱི་ལག་རྩལ་ཐོག་མར་བོད་ཡིག་དཔེ་སྐྲུན་གྱི་ཁྱབ་ཁོངས་སུ་དྲངས་པ། དེའི་རྗེས་དཀར་ཡོལ་ལ་མར་གྱི་བརྒྱན་པ་ནང་བཞིན་བོད་ཡིག་གི་དཔེ་ཆ་དག་ལག་འཁྱེར་ཁ་པར་གྱི་ནང་དུ་འཇོག་ཐུབ་ན་ཅི་མ་རུང་སྙམ་ནས་འདི་ཐད་ཀྱི་ལག་རྩལ་ནང་འདྲེན་དང་སྔོག་འདོན་བགྱིས་སྟེ་བོད་ཡིག་གི་དཔེ་སྐྲུན་གྱི་ལས་ཀ་འདི་སྨྱན་ལམ་གསར་བའི་འོག་ཅི་ལྟར་རང་རྐྱ་འཕེར་བར་བསམ་གཞིགས་དང་ལག་ལེན་ཚོད་ལྟ་བྱས་ཡོད།

        ད་ཐེངས་ཚང་མའི་སྤྱན་སྔར་ཕུད་པ་ནི་བོད་ཡིག་གི་དཔེ་ཆ་ཅི་ལྟར་ལག་འཁྱེར་ཁ་པའི་ནང་དུ་འཇོག་པའི་ཐད་ལ་ཚོད་ལྟ་ཙམ་བགྱིས་པ་ཡིན། གལ་ཏེ་ལས་ཀ་འདིའི་རིགས་ལ་མོས་པ་ཡོད་པའི་སྤུན་ཟླ་ཡོད་ན་ཉམས་མྱོང་བརྗེ་རེས་དང་བགྲོ་གླེང་ཡོང་བར་ཞུ།


Image

དཔྱད་བརྗོད། (18)Add Comment
...
དཔྱད་བརྗོད་པ། ww.dobum.org/index.php?option=com_content&task=view&id=146&Item, July 19, 2014
Jjkkhhjkkkkjh
Lz13658917278com
དཔྱད་བརྗོད་པ། སོག་ཤོད་ན་གརྫུ་ན།, December 04, 2013
གུས་ཞུ་གློག་རྡུལ་དུས་རབ་ནང་ལ་རང་མི་རིགས་སྐད་ཡིག་འཕེལ་རྒྱས་ཡར་ཟླ་ལྟར་ཡོང་བའི་བཀྲིས་བདེ་ལེགས་ཟི།[img=]
...
དཔྱད་བརྗོད་པ། འཁྱམས་ཕུར་ཁོ, December 04, 2010
ལེགས་འགྲུབ་ཡོང་བའི་སྨོན་འདུན་སྙིང་ནས་ཞུ
...
དཔྱད་བརྗོད་པ། བསེ་རུ།, June 22, 2010
ངས་དེ་སྔོན་བོད་ཡིག་འཆར་ཐུབ་པ་ཞིག་ང་རང་གི་རིགས་Windows mobile ནང་ཚོད་ལྟ་བྱས་པ་ཡིན། ཁ་པར་དེའི་ནང་མཉེན་ཆས་ཨ་མའི་ནང་Windows ཞེས་པའི་ནང་དུ་font ཞེས་པའི་ནང་བོད་ཡིག་Unicode ཐོག་ཡོད་ཀྱང་རུང་མེད་ཀྱང་རུང་། བོད་ཡིག་གི་ཡིག་གཟུགས་རྣམས་བླུགས་རྗེས། microsoft office ནང་དུ་ཡོད་པའི་བོད་ཡིག་རྣམས་བདེ་བླག་ཏུ་ཀློག་ཐུབ་ཀྱི་འདུག །འོན་ཀྱང་ལག་རྩལ་པ་ཞིག་ཡོད་ན། ལག་ཁྱེར་ཁ་པར་ནང་དུ་བེད་སྤྱོད་ཐུབ་པའི་བོད་ཡིག་མཉེན་ཆས་ཤིག་བཟོ་ཐུབ་ན། དཀའ་ངལ་ཡོད་ཚད་སེལ་ཐུབ་པ་འདུག་སྙམ་མོ། །
བསེ་རུས་མི་ཡུལ་ནས།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། བློ་དགའ།, April 10, 2010
ཁྱེད་རྣམ་པས་དེང་རབས་དང་མཐུན་པའི་ཁ་པར་བརྒྱུད་དེབ་བཀླག་ཐུབ་པའི་ནུས་པ་བཏོན་པར་གུས་པས་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ། ད་དུང་ཡང་ཕན་ཚུན་ཁ་པར་ཐོག་འཕྲིན་ཐུང་གཏོང་ཐུབ་པ་འདྲ་བཟོ་ཐུབ་ན་དེ་བས་དགེ་མཚན་ཆེན་པོ་ཞིག་དང་བོད་ཀྱི་སྐད་ཡིག་ལའང་དོ་སྣང་ཇེ་ཆེར་འགྲོ་ཐུབ་པ་ཡོང་།
བཀྲ་ཤིས་བདེ་ལེགས།
རྒྱ་གར་ནས།
འདིའང་ལེགས་པོ་འདུག
དཔྱད་བརྗོད་པ། མཆོག་ལྡན།, March 24, 2010
PDFལ་བསྒྱུར་བའི་རྩོམ་ཡིག་འདི་རིགས་Windows mobileསོགས་ནས་ཀློག་ཐུབ་པའང་ཐབས་ཤེས་ལེགས་པོ་ཞིག་འདུག་མོད། ང་རང་གིས་བསམ་ན་ཆེས་གཙོ་བོ་ནི་ཁ་པར་འདི་རིགས་ལ་Unicodeཡིག་གཟུགས་སྤྱིར་སྤྱོད་བྱེད་ཐུབ་པར་བྱེད་རྒྱུ་དེ་རེད། མ་གཞི་ཁ་པར་བཟོ་བསྐྲུན་ཚོང་ལས་ཁང་ཐམས་ཅད་ལ་དེ་རིགས་ཀྱི་གནོན་ཤུགས་འདོན་པ་ནི་ཅུང་ཟད་ཁག་པོ་ཞིག་ཡིན་ཡང་། མ་མཐའ་ཡང་་Windows mobileམཉེན་ཆས་ལས་ཁུངས་ལ་དེ་ལྟ་བུའི་རེ་བ་འདོན་ཆོག་པར་འདོད། དེ་ལྟར་མ་ལག་གི་མཉེན་ཆས་དེ་ལ་རྒྱལ་སྤྱིའི་ཡིག་མཛོད་དེ་ཡོད་པར་བྱས་ན་ད་གཟོད་དུས་ཕྱིས་ཀྱི་ཁ་པར་མང་དག་ཅིག་ནས་བོད་ཡིག་གི་TXTརྣམ་པའི་ཡིག་ཆའི་རིགས་ཐད་ཀར་ཀློག་ཆོག་གི་རེད། ངོས་རང་གིས་བསམ་ན་ཁ་པར་བཟོ་བསྐྲུན་པ་འདི་དག་ལ་རང་རེའི་ཁོར་ཡུག་ཆུང་ངུ་འདིས་ཟ་རྔམས་སྟེར་ཐུབ་ཀྱི་མེད་པ་མ་གཏོགས་འདི་འདྲ་བའི་གོམ་པ་ཆུང་ཆུང་༼ཡིག་གཟུགས་ཙམ་བཅུག་པས་ཆོག༽ཞིག་ནི་དེ་འདྲའི་འགྲོ་སྒོ་ཆེན་པོ་ཞིག་དང་ལས་དོན་དཀའ་ངལ་ཅན་ཞིག་མ་ཡིན། རང་རེས་ཐུབ་ན་མཉེན་ཆས་ལས་ཁུངས་འདི་ལ་རེ་ཞུའི་འཕྲིན་ཡིག་གང་མང་རེ་བསྐུར་ཐུབ་ན་ལེགས་པོ་མི་འདུག་གམ།
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། བདེ་ཆེན་ལྷུན་གྲུབ།, March 21, 2010
དེང་རབས་གོམ་སྟབས་བཟང་པོ། ད་དུང་ཡར་རྒྱས་ཡོང་བར་ཤོག
f
དཔྱད་བརྗོད་པ། f, March 11, 2010
༡ མི་རིགས་གྲངས་ཉུང་གིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་ནས་དར་ རྒྱས་གཏོང་བར་ཁག་ཐེག་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་བཞི་པའི་ནང་ དུ། མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་ རྒྱས་གཏོང་བའི་རང་དབང་ཡོད་ཅེས་གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་》ཀྱི་ དོན་ཚན་བཅུ་པའི་ནང་དུ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་དག་གིས་རང་ས་གནས་ཀྱི་མི་རིགས་ ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་རྒྱས་གཏོང་ བའི་རང་དབང་ཡོད་པར་ཁག་ཐེག་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད
...
དཔྱད་བརྗོད་པ། གངས་རིའི་བུ་ཕྲུག་དྲ་ཚིགས།, March 10, 2010
རང་སོ་སོའི་ལག་རྟོག་ཁ་པར་Windows mobile རྟགས་ཡིན་མིན་གང་འདྲ་ཟེ་ལྟ་དགོས་བསམ།
འདི་འདྲ་ཡར་རྒྱས་ཡོང་རྒྱུ་ཡུན་རིང་རེ་སྒུག་བྱས་པ་ཡིན།
དཔྱད་བརྗོད་པ། བོད་ཕམ་ཁ།, March 05, 2010
མ་གཞི་བྱས་ན་ང་རང་ལ་གློག་ཀླད་ཐད་ཀྱི་ཤེས་བྱ་ཧ་ཅང་ཞན་ཡང་། སེམས་ཤུགས་ཆེན་པོའི་ཐོག་ནས་དྲྭ་ཚིགས་བཟོ་རྒྱུར་ཕྲན་བུ་སློབ་སྦྱོང་བྱས་མྱོང་ཡོད། བོད་ཡིག་འདི་ལྟ་བུ་ཞིག་བཟོ་ཐུབ་ན་གོ་ལའི་ཐོག་ཏུ་མི་ནུབ་པར་གནས་པའི་རེ་བའི་ནང་གི་ས་བོན་ཞིག་ཡིན་པས། སྐུ་ཉིད་ནས་གཤམ་གྱི་ཁ་བྱང་བརྒྱུད་ནས་འབྲེལ་བ་གནང་རོགས། ང་རང་སྟོབས་ཤུགས་ཀྱི་ཕག་མི་ཐུབ་ཀྱང་སེམས་ཤུགས་ཀྱི་རི་རབ་འདེགས་པའི་ཆོད་སེམས་ཡོད།ཚ
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
བཀྲ་ཤིས་བདེ་ལེགས།
དཔྱད་བརྗོད་པ། བཀྲ་ཤིས་, March 04, 2010
དེའི་སྐོར་གསལ་པོ་ཞིག་དྲ་ཐོག་ཏུ་འགྲེམ་དཔེལ་ཡོད་པར་བཀའ་དྲིན་ཆེ་ཞུ།
ཀརྨ་རྡོ་རྗེ་ Karma Dorje,Budapest, Hungary.
དཔྱད་བརྗོད་པ། གཉེར་ཕྱག་པ་ nyerchhakpa, February 23, 2010
ཡར་རྒྱས་རེད། གཟི་བརྗིད་རེད།
རེབ་གོང་ནས་ལག་ཁྱེར་ཁ་པར་ལས་བོད་ཡིག་གློག་པ།
དཔྱད་བརྗོད་པ། གངས་སེམས། , February 19, 2010
དཔེ་དེབ་ལག་ཁྱེར་ཁ་པར་ནང་དུ་འཇོག་ཆོག་པ་ནི་འདི་ལྟ་དེ་ ཁ་པར་Windows mobile རྟགས་འདི་ཅན་གྱི་ནང་དུ་མ་ལག་Adobe Reader
ནང་འཇུག་བྱས་རྗེས་ཡི་གེ་འདིའི་རྣམ་པར་བསྒྱུར་ན་ཁ་པར་ནང་དུ་དཔེ་དེབ་ཅི་ལྟར་ལྟོས་ན་ཆོག་གི
ང་རང་གི་འདི་ལྟར་ལྟ་བཞིན་ཡོད།
ངོ་སོ་བསྟོད།
དཔྱད་བརྗོད་པ། བཙན་དུག་མདའ, February 14, 2010
ད་བོད་ཡིག་འདི་གང་ས་གང་ནས་མཐོང་རྒྱུ་ཡོད་ན་ངོ་མ་སེམས་རེ་སྐྱིད་ཀི དཔེ་དེབ་དག་PDFཡི་རྣམ་པར་བྱས་ན་NOKIAརྟགས་ཅན་གྱི་ལག་འཕྲིན་ཕལ་མོ་ཆེ་ནས་ལྟ་ཐུབ་ཀི།
NOKIA N97ལག་ཁྱེར་ཁ་པར་ནང་ཕལ་ཆེར་བོད་ཡིག་གི་flashདཔེ་དེབ་ཀློག་ཐུབ་པར་འདོད།
དཔྱད་བརྗོད་པ། ཁྲི་འགྱུར་མེད།, February 03, 2010
NOKIA N97ལག་ཁྱེར་ཁ་པར་ནང་ཕལ་ཆེར་བོད་ཡིག་གི་flashདཔེ་དེབ་ཀློག་ཐུབ་པར་འདོད།
ཧ་ཅང་ལེགས།
དཔྱད་བརྗོད་པ། བོད་ཞེན། , January 29, 2010
ཁྱེད་ཅག་གི་བྱ་བ་ཚང་མ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ། ངོ་མ་ཇི་འདྲའི་བཟང་བོ་ཞིག་རེད།
ལེགས་སོ།
དཔྱད་བརྗོད་པ། བོད་ཞེན། , January 29, 2010
འདི་འདྲའི་ལག་ཁྱེར་ཁ་པར་ཞིག་གང་ན་བཙོང་རྒྱུ་འདུག
ལྷོ་ཕྱོགས།
དཔྱད་བརྗོད་པ། མར་ནང་ཚང་གཡུང་དྲུང་བསྟན་འཛིན།, January 25, 2010
ཞབས་འདེགས་སྒྲུབ་མཁན་ལ་བཀའ་དྲིན་ཆེ་ཞུ།
ཤ་ཆེན་ཡོད་པའི་རྟགས་རེད།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2010-02-01 )
 
< རྩོམ་ཡིག་གོང་མ།   རྩོམ་ཡིག་རྗེས་མ། >