Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
གངས་ཅན་བོད་ཀྱི་རིག་གནས་སྤྱིའི་རྣམ་གཞག་བློ་གསར་འཕྲུལ་གྱི་ལྡེ་མིག
འགྲུལ་པའི་གདེངས་འཇོག་སྐར།: / 5
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2009-12-17

གངས་ཅན་བོད་ཀྱི་རིག་གནས་སྤྱིའི་རྣམ་གཞག་བློ་གསར་འཕྲུལ་གྱི་ལྡེ་མིག

ཆོས་དཔལ་བཟང་པོས་བརྩམས།

Image

དེབ་གཟུགས་དངོས་ཀྱི་ཆེ་ཆུང། ཤོག་ཁ18ཅན།185*230ཧོ་སྨིས།

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

ལེའུ་དང་པོ།ཡི་གེ་སྤྱིའི་རྣམ་གཞག་སྐོར།
1བོད་ཡིག་ཐོག་མར་བྱེད་པོ་སུ་ཡིན་པ་དང༌།དུས་ནམ་ཙམ་ལ་བོད་ཡིག་འབྲི་སྲོལ་དར།
ལན༑ཐོན་མི་སམྦྷོ་ཊ་ཡིན།དུས་རབས་བདུན་པར་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་དར།གཞན་ཐོན་མའི་ཡར་སྔོན་ནས་བོད་ཡིག་ཡོད་པའི་བཤད་སྲོལ་ཡང་ཡོད།
2ཐོན་མིས་ས་ཆ་གང་དུ་བོད་ཡིག་དཔེ་གང་ལ་བྱས་ཏེ་གསར་དུ་བྲིས།
ལན༑ལྷ་སའི་ཕ་བོང་ཁའི་སྐུ་མཁར་མ་རུ་བྱ་བར་ལོ་གསུམ་ཙམ་དུ་མཚམས་བཅད་ཀྱིས།ལཉྫ་ལྷའི་ཡི་གེ་ལ་དཔེ་བྱས་ཏེ་དབུ་ཅན་དང༌།ཝརྟུ་ཀླུའི་ཡི་གེ་ལ་དཔེ་བྱས་ཏེ་དབུ་མེད་བྲིས།
3སྐབས་དེར་བོད་ཡིག་འདི་གསར་བཟོ་བྱེད་དགོས་རྐྱེན་གང་ཡིན།
ལན༑བོད་རྒྱལ་གནམ་རུ་སྲོང་བཙན་གྱི་སྲས་སྲོང་བཙན་དགུང་ལོ་བཅུ་གསུམ་སྟེ་སྤྱི་ལོ་629ལོར་རྒྱལ་སྲིད་གསར་དུ་སྐྱོང་དུས་མཐའ་བཞིའི་རྒྱལ་པོ་རྣམས་ཀྱིས་འཚམས་འདྲིའི་འཕྲིན་ཡིག་བསྐུར་བ་ལ།ལན་དུ་རང་མི་རིགས་ལ་ཡི་གེ་ཆ་ཚང་ཞིག་མེད་པར་རྐྱེན་བྱས་ཏེ།རྒྱལ་པོའི་ཐུགས་སུ་ཆོས་སྲིད་གཉིས་ཀའི་དོན་སྟོན་ཐུབ་ཆེད་ཡི་གེའི་རྣམ་གཞག་ཆ་ཚང་ཞིག་ཡོད་དགོས་སྙམ་པས་ཡིན།

Image

རྡོ་འབུམ་དཔེ་འཕྲིན་གྱིས་དེབ་གཞི་ཇུས་འགོད་དང་པར་ངོས་བཀོད་སྒྲིག་བྱས།

 

༄༅།། འགོ་བརྗོད།
སྤྱིར་དེབ་ཆུང་འདི་ངེད་བོད་ཁུལ་ན་གཞོན་ལས་ཞུགས་རང་འདེམས་མཐུན་ཚོགས་ཀྱིས་ལས་ཞོར་ནས་ཟླ་བ་གསུམ་ཙམ་གྱི་རིང་ལ་ཕྱོགས་སོ་སོ་ནས་དཔྱད་གཞིའི་ཡིག་ཆ་སྣ་མང་ལ་དབྱེ་ཞིབ་དང་དཔྱད་བསྡུར་བྱས་ཏེ་བསྒྲིགས་པ་ཡིན་ཞིང༌། སྔ་ཕྱི་ཐེངས་དུ་མར་ལས་འཚོལ་རྒྱུགས་རྭ་རུ་ཞུགས་མྱོང་བའི་སློབ་མ་དང༌། སྔོན་ཆད་རྒྱུགས་འདོན་དུ་ཕེབས་པའམ་རྒྱུགས་བཅོས་མྱོང་བའི་དགེ་རྒན། ད་དུང་སློབ་རྭ་ན་སློབ་ལ་བརྩོན་བཞིན་པའི་སློབ་མའི་ཁྱུ་སོགས་ཕྱོགས་སོ་སོར་བཀའ་འདྲི་གང་ལེགས་བགྱིས་ཏེ། ཞིབ་གསལ་དག་གསུམ་གྱི་ཆ་ཐོན་ཐབས་ལ་འབད་པ་ལྷུར་ལེན་བགྱི་ཁུལ་བྱས་རུང༌། སྤྱིར་རིག་གནས་ཀྱི་ཆུ་ཚད་དམན་པ་དང་སྒོས་སུ་ལས་སྒྲུབ་ཀྱི་དུས་ཡུན་ཐུང་བ་སོགས་རྐྱེན་གང་མང་གིས་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་ན། སྐུ་ཉིད་དེ། བོད་གངས་ཅན་གྱི་ལས་དོན་སྤྱི་ལ་རྣམ་པར་དག་པའི་ཀུན་སློང་ལྡན་ཞིང༌། ལས་འཚོལ་གྱི་དཀའ་ཁག་དང་འཕྲད་ཡོད་པའི་བོད་ཀྱི་གཞོན་རབས་པ་ཚོར་ལྷག་བསམ་དཀར་བ། རང་ལྟ་མཆོག་འཛིན་དང་ཕྲག་དོག་སོགས་ཀྱི་བློ་ངན་རིང་དུ་བྲལ་བ། བགྲོད་ལམ་གཅིག་ལ་རྐང་འགྲོགས་ལག་གཤིབས་ཀྱིས་བོད་ཀྱི་རིག་གནས་ཉིད་ཁྱབ་སྒྲོག་དང་དར་སྤེལ་གཏོང་བར་བློ་ཁོག་ཡངས་བའི་གཟུར་གནས་དཔྱོད་ལྡན་རྣམ་པས་རིན་བྲལ་གྱི་དུས་ཚོད་ཆུད་ཟོས་སུ་འགྲོ་བ་ལ་མི་འཛེམ་པར། དེང་རབས་བརྡ་འཕྲིན་ལག་ཆ་ཅི་རིགས་ཀྱི་ལམ་ནས་དགོངས་འཆར་དང་སྐྱོན་བརྗོད། མཛུབ་སྟོན་སོགས་མདོར་ན་དེབ་ཆུང་འདི་ཉིད་མ་འོངས་པར་འཐུས་སྒོ་ཚང་ཐབས་དང་གཅིག་གྱུར་གྱི་རང་བཞིན་ལྡན་པའི་སློབ་ཁྲིད་དཔྱད་གཞི་དང༌། རང་སྦྱོང་ལྟ་ཀློག རྒྱུགས་འདོན་ཚད་གཞི་ཡང་དག་ཅིག་ཡོང་ཐབས་ལ་སློབ་སྟོན་ཚིག་གཅིག་རེ་ཡིན་རུང་ཕངས་མེད་དུ་སྩོལ་རོགས་དང་ང་ཚོ་བོད་ཀྱི་གཞོན་རབས་པ་ཚོའི་མདུན་ལམ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་གཏོང་ཐུབ་པར་ཡིད་ཆེས་སྙིང་ཐག་པ་ནས་ཡོད་ལགས།
བོད་ཁུལ་ན་གཞོན་ལས་ཞུགས་རང་འདེམས་མཐུན་ཚོགས་ཀྱིས་སྤྱི་ལོ་༢༠༠༩ལོའི་ཟླ་༦པའི་ཚེས་༦ཉིན་ཕུལ།

 

 

དཔྱད་བརྗོད། (1)Add Comment
...
དཔྱད་བརྗོད་པ། སྒ་མཆོད།, November 14, 2010
དཔེ་ཆ་འདིའི་རིགས་ལ་དངོས་གནས་དགའ་བསུ་ཞུ་རྒྱུ་ཡིན།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2009-12-18 )
 
< རྩོམ་ཡིག་གོང་མ།   རྩོམ་ཡིག་རྗེས་མ། >