Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
དབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོ
འགྲུལ་པའི་གདེངས་འཇོག་སྐར།: / 16
ཞན།བཟང་། 
རྩོམ་པ་པོ། རྡོ་འབུམ།   
2009-11-16

 

དབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོཞེས་པ་ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

 དབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོ་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཟུངས་འབུམ་ཐར་གྱིས་ལོ་ངོ་དུ་མའི་རིང་དབྱངས་ཅན་སྒྲ་གཞུང་སློབ་ཁྲིད་བྱས་པ་གཞིར་བཟུང་ནས་བརྩམས་པ་ཡིན་ལ།དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་ཀྱང་གཙོ་ཆེ་བ་གཉིས་ཡིན།

Image

 

 

 

Image
Image

Image

དབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོཞེས་པ་ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

  དབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོ་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཟུངས་འབུམ་ཐར་གྱིས་ལོ་ངོ་དུ་མའི་རིང་དབྱངས་ཅན་སྒྲ་གཞུང་སློབ་ཁྲིད་བྱས་པ་གཞིར་བཟུང་ནས་བརྩམས་པ་ཡིན་ལ།དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་ཀྱང་གཙོ་ཆེ་བ་གཉིས་ཡིན།

  

 

 

༡ ནང་དོན་གྱི་ཆ་ནས་སློབ་གྲྭ་ཆེན་མོའི་གཞི་ཚན་སློབ་མའི་ཁྲིད་གཞི་དང་འཚམ་པར་མ་ཟད་ལེགས་སྦྱར་སྒྲ་རིག་པ་སློབ་གཉེར་གནང་བའི་རྣམས་ཀྱི་འཇུག་སྒོར་བྱས་ཆོག

 

 དེ་ལ་ས་བཅད་བཞི་དང་དོན་ཚན་བཅུ་གཅིག་ཡོད་དེ།

  ས་བཅད་དང་པོ་སྤྱིར་བསྟན་པར་དོན་ཚན་གཉིས་ཏེ། ལེགས་སྦྱར་སྐད་ཀྱི་སྒྲ་རིག་པའི་བྱུང་འཕེལ་གནད་བསྡུས་དང་ལེགས་སྦྱར་སྐད་ཡིག་ཡུལ་ཁམས་གཞན་དུ་དར་ཚུལ་མདོར་བསྡུས་སོ། །  དེ་ནི་འཛམ་བུའི་གླིང་དུ་ལེགས་སྦྱར་སྐད་ཡིག་དར་ཚུལ་རགས་རིམ་ངོ་སྤྲོད་གནང་ཡོད་པས ལེགས་སྦྱར་སྐད་ཡིག་གི་བྱེད་ནུས་དང་ཕན་ཡོན་སོགས་རྟོགས་པར་ཕན་སླེབས་ཆེ་ལ། ལེགས་སྦྱར་སྒྲ་རིག་པ་སློབ་གཉེར་བའི་ཤེས་ཡོན་གྱི་སྒྲིག་ཚུལ་ལུགས་མཐུན་བྱ་བར་དགོས་གལ་ཤིན་ཏུ་ཆེ་བས།མེད་པ་གསར་སྣོན་གྱི་དོན་དང་ལྡན་པའི་འཕགས་ཆོས་ཤིག་གོ །  

 ས་བཅད་གཉིས་པ་མཚམས་སྦྱོར་ལྔ་བཤད་པར་དོན་ཚན་ལྔ་སྟེ།མིང་གི་རབ་ཏུ་བྱེད་པའི་མཚམས་སྦྱོར་དང་དབྱངས་ཀྱི་མཚམས་སྦྱོར་དང་།རང་བཞིན་དུ་གནས་པའི་མཚམས་སྦྱོར་དང་། གསལ་བྱེད་ཀྱི་མཚམས་སྦྱོར དང་།རྣམ་བཅད་ཀྱི་མཚམས་སྦྱོར་བཅས་སོ། ། རྒྱུན་སྲོལ་གྱི་ཁྲིད་རྒྱུན་རྣམ་དག་ཁུངས་དང་ལྡན་པ་བྲིས་པས་རྒྱུན་བཟང་ཡུན་རིང་གནས་པར་བྱེད་པའི་ཁྱད་ཆོས་སྣང་།

 

 ས་བཅད་གསུམ་པ་ཟུར་བརྒྱན་ལ་དོན་ཚན་གཉིས་ཏེ།  དེ་བ་ནཱ་ག་རིའི་ཡི་གེ་དང་སིདྔྷཾ་གྱི་ཡི་གེའོ། ། དེང་དུས་འཛམ་གླིང་དུ་དར་ཁྱབ་ཆེ་བའི་ལེགས་སྦྱར་ཡི་གེ་དང་གནའ་བོའི་རྒྱ་གར་གྱི་ཡིག་རྙིང་གུཔྟུའི་ཡི་གེའི་ནང་གསེས་བོད་ཡིག་གི་མ་དཔེར་གྲགས་པ་རྒྱ་ནག་དང་འཇར་པན་དུ་གནའ་དུས་སུ་དར་ཆེ་བ་དག་བཀོད་པས་འདེམས་པ་ལེགས་པའི་ཁྱད་ཆོས་ཡོད།

 ས་བཅད་བཞི་པ་མིང་ལེ་དང་དེའི་ཡན་ལག་བཤད་པར་དོན་ཚན་གཉིས་ཏེ།སྤྱིར་བསྟན་པ་དང་སྐྱེས་པའི་རྟགས་དབྱངས་མཐའ་ཅན་ཡིན་ཞིང་། མིང་ལེ་དང་དེའི་ཡན་ལག་གི་སྤྱི་ཁོག་གི་གནད་ཚང་བ་དང་ཨ་ཐུང་མཐའ་ཅན་ནས་ཨུ་ཐུང་མཐའ་ཅན་བར་གྱི་སྒྲ་སྒྲུབ་ཆོ་ག་ནག་འགྲོས་སུ་བཀོད་འདུག་གོ ། 

 ༢  རིག་གཞུང་ཚད་ལྡན་དང་འབྲི་ཐབས་གསར་པ་ཡིན་པ།

གོ་རིམ་སྒྲིག་སྟངས་དང་འབྲི་ཐབས་ནི་ལེགས་སྦྱར་སྒྲ་རིག་པའི་བསྟན་བཅོས་སྔ་མ་སྟེ་གནའ་ནས་ད་བར་དུ་བྱུང་བ་རྣམས་སུ་མེད་པ་མང་པོ་སྣང་སྟེ།  ཨང་ཡིག་གི་གོ་རིམ་མཚོན་པ་དང་།གྲུབ་གཟུགས་ཡོད་ཚད་མཐར་ཆགས་སུ་བཀོད་ནས་བྲིས་པ་སོགས་སོ། །   

 

 

 

 

 

 

 

    མདོར་ན། ལེགས་སྦྱར་སྒྲ་གཞུང་འདི་ལ་སྐྱེ་བོ་བློ་རབ་འབྲིང་ཐ་གསུམ་ལ་ཕན་པའི་ལེགས་ཆ་མང་པོ་ཡོད་པ་དངོས་སུ་མྱངས་ན་ཤེས་པར་འགྱུར་རོ།  །

 

 

དཔྱད་བརྗོད། (3)Add Comment
http://qzone-a1.qq.com/2008/09/17/006/304.swf
དཔྱད་བརྗོད་པ། http://qzone-a1.qq.com/2008/09/17/006/304.swf, December 10, 2009
how
དཔྱད་བརྗོད་པ། tibet, November 23, 2009
这一本多少钱啊 ?
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
དཔྱད་བརྗོད་པ། དཀའ་ཁོ།, November 17, 2009
དཔེ་དེབ་འདི་རིགས་ལ་དངོས་ནས་དགའ་བསུ་ཞུ་རྒྱུ་ཡིན།

དཔྱད་བརྗོད་ཀྱི་ནང་དོན་དངོས་འབྲི་ས།
quote
bold
italicize
underline
strike
url
image
quote
quote
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley
Smiley

busy
ཉེ་བའི་བཟོ་བཅོས། ( 2009-12-17 )
 
< རྩོམ་ཡིག་གོང་མ།   རྩོམ་ཡིག་རྗེས་མ། >