Mambo  
 
ཉེ་བའི་རྩོམ་གསར།
ཀློག་ཐེངས་མང་བའི་རྩོམ་ཡིག
   
འདེམས་ཐོ་གཙོ་བོ།
གཞིས་ཁྱིམ།
གློག་རྡུལ་དཔེ་དེབ།(གསར)
སྣ་ཚོགས་དྲ་ཚིགས།
དཔེ་དོན་གསར་འགྱུར།
ང་ཚོར་འབྲེལ་གཏུགས།
དཔེ་ཆ་ཡོད་ཚད།
འཚོལ།
རྒྱུན་མཐོང་གི་དྲི་བ་དྲི་ལན།
དྲ་བ་ལས་དཔེ་ཆ་ཀློག་པ།
ཚིག་མཛོད།
ངོས་འཛིན་སློབ་དེབ།
ཆོས་འབྱུང་ལོ་རྒྱུས།
དཔྱད་རྩོམ་ཕྱོགས་བསྡུས།
དུས་དེབ་དང་ཚགས་པར།
སློབ་དེབ།
དཔེ་དོན་གསར་འགྱུར།
སྒྲིག་བསྒྱུར།
ལེགས་རྩོམ་དཔྱིད་ཀྱི་དགའ་ཚལ།
བསམ་བློ་རིག་གནས།
འཚོ་བའི་རྒྱུན་ཤེས།
སྙན་དེབ།
པར་རིས་ཀློག་འདོན།
ཡིག་གཟུགས་མ་ཕྱི།
སུམ་རྟགས་དང་བརྡ་སྤྲོད།
རང་བྱུང་ཚན་རིག
དམངས་སྲོལ།
གནས་བཤད།
བརྩམས་སྒྲུང་།
མགུར་གླུ
ནང་བསྟན།
བོན།
རྩོམ་སྒྲིག་ཤེས་བྱ་ལེགས་བཏུས།
འབོལ་རྩོམ།
Administrator
Adobe Acrobat Readerལེན་པ།
网页显示帮助
ཝེ་ཁེ་རིག་མཛོད་ཆེན་མོ།
རིག་གནས་ཀན་སུའུ་དྲ་བ།
བོད་ཀྱི་འཕྲོད་བསྟེན་དྲ་བ།
སྦྲེལ་མཐུད།
ནང་འཛུལ་རེའུ་མིག





གསང་ཚིག་བརྗེད་སོང་།
རྩིས་ཐོ་མེད་དམ། མྱུར་དུ་ཐོ་འགོད་བྱེད།
A blog of all sections with no images
རིག་གནས་ཆེན་པོ་ལྔའི་རྣམ་བཞག་མདོར་བསྟན་པ་བློ་གསལ་རྩེ་དགའ་རྒོད་པའི་འཛུམ་དཀར།
འགྲུལ་པའི་གདེངས་འཇོག་སྐར།: / 6
རྩོམ་པ་པོ། རྡོ་འབུམ།   
2010-04-15

རིག་གནས་ཆེན་པོ་ལྔའི་རྣམ་བཞག་མདོར་བསྟན་པ་བློ་གསལ་རྩེ་དགའ་རྒོད་པའི་འཛུམ་དཀར།

 

 ISBN 978-7-5421-1685-7 

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

    རིག་གནས་ཆེན་པོ་ལྔའི་རྣམ་བཞག་མདོར་བསྟན་པ་བློ་གསལ་རྩེ་དགའ་རྒོད་པའི་འཛུམ་དཀར་ཞེས་པའི་གཞུང་རྩོམ་འདི་ནི། དེང་དུས་བོད་ཡུལ་སྤྱི་དང་ལྷག་པར་དུ་མདོ་སྨད་ཕྱོགས་ཀྱི་གྲྭ་ས་ཆེན་པོ་བླ་བྲང་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་དགེ་འདུན་རྒྱ་མཚོ་དང༌། ཁོང་གི་གསུང་ལས་སྐྱེས་པའི་སློབ་མའི་གཙོ་བོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་རྒྱ་མཚོ་རྣམ་གཉིས་སྐུ་འཚོ་བཞུགས་སྐབས་སུ་མཛད་པའི་ལྗགས་རྩོམ་ཕྱོགས་བསྡུས་རང་བཞིན་གྱི་དེབ་ཞིག་ཡིན་ཏེ། འདིའི་ནང་གཙོ་བོ་བཤེས་གཉེན་ཆེན་པོ་བློ་བཟང་རྒྱ་མཚོས་མཛད་པའི་རིག་གནས་ལྔའི་རྣམ་བཞག་དང༌། བཤེས་གཉེན་ཆེན་པོ་དགེ་འདུན་རྒྱ་མཚོས་མཛད་པའི་མངོན་རྟོགས་རྒྱན་གྱི་ཚིག་ཊིཀ་མུན་སེལ་སྒྲོན་མེ་སོགས་བསྡུས་ཡོད།

  རིག་གནས་ཆེན་པོ་ལྔའི་རྣམ་བཞག་མདོར་བསྟན་པ་བློ་གསལ་རྩེ་དགའ་རྒོད་པའི་འཛུམ་དཀར་ཞེས་པའི་གཞུང་རྩོམ་འདིར། དེང་དུས་ཀྱི་བསམ་བློའི་འཁོར་ཕྱོགས་དང་བསྟུན་པའི་སྒོ་ནས་གནའ་དེང་ཟུང་འབྲེལ་གྱི་རྩོམ་སྟངས་སྤྱད་དེ་རིག་གནས་ལྔའི་ཁུངས་དང༌།གོ་དོན་སོགས་གོ་བདེ་ལ་གནད་ཟིན་པ་ཞིབ་ཆ་དང་ལྡན་པ་ཞིག་བསྟན་ཡོད་པ་དང༌། དེ་བཞིན་མངོན་རྟོགས་རྒྱན་གྱི་ཚིག་ཊིཀ་མུན་སེལ་སྒྲོན་མེ་ཞེས་པ་ཡང་མངོན་རྟོགས་རྒྱན་གྱི་ཚིག་འགྲེལ་ཞིབ་ཅིང་གསལ་ལ་གོ་བདེ་བ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ལེགས་བཤད་ལས་དང་པོ་བ་ལ་མེད་དུ་མི་རུང་པ་ཞིག་ཡིན་པ་བཤད་མ་དགོས་སྙམ་མོ།།

 

དེབ་འདིའི་དྲ་ལམ་ནས་ཐད་ཀར་བཀླག་ཆོག་པའི་འགུལ་རིས་ཅན་གྱི་གློག་རྡུལ་དཔེ་ཆ།

དཔེ་དེབ་འདི་ཉིད་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བརྗོད་བྱ་འདེམས་བསྒྲུགས་དང་དཔེ་སྐྲུན་ཇུས་འགོད་བྱས།

དཔེ་སྐྲུན་ཇུས་འགོད་པ་དང་རྩོམ་སྒྲིག་འགན་འཁུར་པ། འབྲུག་རྒྱལ་མཁར།

 

ཉེ་བའི་བཟོ་བཅོས། ( 2010-04-17 )
 
བསམ་བློ་པའི་རིག་མཛོད་དཔེ་ཚོགས།
འགྲུལ་པའི་གདེངས་འཇོག་སྐར།: / 7
རྩོམ་པ་པོ། རྡོ་འབུམ།   
2010-04-14

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བཏིངས་པའི་དཔེ་སྐྲུན་གྱི་འཆར་གཞི་དང་ཇུས་འགོད་ལྟར་དུ། དགེན་བདུད་ལྷ་རྒྱལ་གཙོ་སྒྲིག་མཛད་པའི་བསམ་བློ་པའི་རིག་མཛོད་ཅེས་པའི་བསྒྱུར་རྩོམ་གྱི་དཔེ་ཚོགས་དེ་ད་ལྟ་ཆར་དཔེ་སྐྲུན་གྱི་ལས་ཀ་ཡོངས་སུ་འགྲུབ་ནས་ཀུན་གྱི་སྤྱན་སྔར་བཀྲམ་ཡོད། དཔེ་ཚོགས་འདི་ལ་དེབ་ཕྲེང་བཞི་ཡོད་དེ་《ཕའེ་གུན་ནས་མི་ཚེ་གླེང་བ》《མེང་ཐེན་གྱི་མྱོང་བའི་ཟིན་ཐོ་གཅེས་བསྡུས》《ཨེ་མེར་སོན་གྱི་ལྷུག་རྩོམ་གཅེས་བསྡུས》《འཇིག་རྟེན་ལ་འཇུག་པའི་བློ་སྦྱོང》བཅས་ཡིན། ལྷན་རྒྱས་རྣམ་པས་དཔེ་ཚོགས་འདི་ལ་དགེ་སྐྱོན་ཅི་ཡོད་མ་གསང་ལྷུག་པོར་སྩོལ་བར་ཞུ།

《ཕའེ་གུན་ནས་མི་ཚེ་གླེང་བ》

《མེང་ཐེན་གྱི་མྱོང་བའི་ཟིན་ཐོ་གཅེས་བསྡུས》

《ཨེ་མེར་སོན་གྱི་ལྷུག་རྩོམ་གཅེས་བསྡུས》

 《འཇིག་རྟེན་ལ་འཇུག་པའི་བློ་སྦྱོང》

དཔེ་ཚོགས་འདི་ཉིད་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བརྗོད་བྱ་འདེམས་བསྒྲུགས་དང་དཔེ་སྐྲུན་ཇུས་འགོད་བྱས།

དཔེ་སྐྲུན་ཇུས་འགོད་པ་དང་རྩོམ་སྒྲིག་འགན་འཁུར་པ། འབྲུག་རྒྱལ་མཁར།

ཉེ་བའི་བཟོ་བཅོས། ( 2010-04-15 )
 
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ》སྤྱིའི་འདོན་ཐེངས་བཞི་བ།
འགྲུལ་པའི་གདེངས་འཇོག་སྐར།: / 6
རྩོམ་པ་པོ། རྡོ་འབུམ།   
2010-04-14

གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ》

སྤྱིའི་འདོན་ཐེངས་བཞི་བ་དེ་ཉིན་འགའ་ནས་དངོས་སུ་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ།

 

གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ》འི་གླེང་གཞི་དུས་ཀྱི་རླབས་ཕྲེང་།

བན་ཤུལ་དཔལ་མཁར་རྒྱལ།

ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ལ་འཛམ་གླིང་ཧྲིལ་བོའི་ཚན་རིག་དང་ཤེས་རིག་གི་འཕེལ་ཚད་ཧ་ཅང་མྱུར་བ་དང་ཆབས་ཅིག་རྒྱལ་ཁབ་ཕན་ཚུན་གྱི་དཔལ་འབྱོར་འགྲོ་འོངས་སོགས་ཀྱི་ཤུགས་རྐྱེན་ལས་རིག་གནས་ཀྱི་བཙན་འཛུལ་རབ་དང་རིམ་པ་མང་བོ་ཐོན་ནས་རིག་གནས་ཁ་ཤས་ཞིག་གཞི་མེད་དུ་གྱུར་བའི་ཉེན་ཚབས་ཧ་ཅང་ཆེན་པོ་འབྱུང་གི་རེད། དེར་བརྟེན་རིག་གནས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཆེད་དུ་འབད་རྒྱུ་ནི་མིར་སྐྱེས་པའི་དོན་སྒོ་ཞིག་རེད་ལ་མི་དང་སྲོག་ཆགས་ཀྱི་རྩ་བའི་ཁྱད་པར་ཞིག་ཀྱང་རེད། རྒྱུ་མཚན་འདིའི་དབང་གིས་ང་ཚོས་ཡིད་དཔྱོད་ཙམ་མ་ཡིན་པར་ལུང་རིགས་དཔེ་གསུམ་གྱི་དཔྱད་པར་བརྟེན་པའི་རིག་གནས་ཀྱི་བྱ་འགུལ་དང་ཆོས་རིག་གི་བགྲོ་གླེང་སོགས་ཐབས་སྣ་ཚོགས་བརྒྱུད་ནས་རིག་གནས་དར་རྒྱས་ཀྱི་ཕྱོགས་སུ་དམིགས་པ་གཏོད་རྒྱུ་ནི་ང་ཚོར་དུས་རབས་ཀྱིས་སྤྲད་པའི་འོས་འགན་ལྕི་མོ་ཞིག་རེད། སྔོན་གྱི་གནའ་སྲོལ་མང་བོ་ཞིག་མཁྲེག་འཛིན་གྱིས་རང་ལུགས་ཚད་མ་ཡིན་པར་ཡིད་ཆེས་ཀྱི་མིག་བཙུམས་ནས་སྡོད་པའི་དུས་རབས་དེ་གཞི་ནས་མཇུག་རྫོགས་ཟིན་ལ་གསར་དུ་དབུ་ཁྱུད་ཀྱིས་ཁྲིད་པའི་དེ་རིང་གི་དུས་ཚོད་འདིར་ང་ཚོས་ཡངས་པའི་རྒྱལ་ཁམས་ཀྱི་ཁྱོན་འདིར་ཞིབ་གཟིགས་གནང་ཚེ་ཁ་སང་གི་ཡོད་ཚད་རྨི་ལམ་གྱི་འགྲོས་བཞིན་འབྱུང་བཞིའི་དབྱིངས་སུ་ཐིམས་ཤིང་ད་ལྟ་ནས་ལས་འགོ་ཚུགས་པའི་བྱ་གཞག་མང་བོ་ཞིག་ལས་འཕྲོར་ཟད་པ་ངེས་པར་དུ་ཤེས་འོས་ལ་ཁྱད་པར་དུ་བོད་བཙན་པོའི་དུས་བཟུང་གསང་རྒྱ་དང་ཆག་འཇིག་སྣ་ཚོགས་བརྒྱུད་ནས་སླེབས་མྱོང་ཡོད་པའི་བོན་པོའི་རིག་གནས་ལ་ཆ་མཚོན་ནའང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འདིར་གཞིས་བྱེས་ཞིབ་འཇུག་པ་སུ་དང་གང་ཞིག་གིས་ཀྱང་སོ་སོའི་ཆོས་བརྒྱུད་དང་གྲུབ་མཐའི་ལ་རྒྱ་ཙམ་ལ་མ་ལྟོས་པར་རྒྱུས་ལོན་དང་ཞིབ་འཇུག་གནང་འོས་ལ་དེ་ཉིད་བཀག་རྒྱ་ཞིག་ལ་བརྩིས་ནས་བསྡད་ན་ང་ཚོའི་རིག་གནས་ཀྱི་ཁྱོན་ཡངས་པའི་འཕེལ་རྒྱས་དང་མིའི་རིགས་ཀྱི་འདས་མ་འོངས་ད་ལྟའི་རིག་གནས་ཀྱི་བང་མཛོད་ཁྲོད་ནས་ང་ཚོའི་མེས་པོའི་ཤུལ་བཞག་གི་ནོར་བུ་རྣམས་ས་རྡུལ་གྱིས་ཟོས་ནས་རྨེག་མེད་དུ་འགྲོ་བར་ཉེན་ཁ་ཤིན་ཏུ་ཆེ་བ་ནི་སྨྲ་ག་ལ་དགོས།

བོན་པོའི་རིག་གནས་ལ་ཆ་མཚོན་ནས་ཞུས་ནའང་གནའ་བོའི་དུས་ནས་བཟུང་དུས་རབས་མི་འདྲ་བ་སྣ་ཚོགས་རིམ་པར་བརྒྱུད་ནས་ད་ལྟའི་བར་དུ་གནས་ཐུབ་པ་བྱུང་བ་ནི་ངོ་མ་ཧངས་སངས་དགོས་པའི་གནས་ཚུལ་ཤིག་རེད། ད་ལྟ་འཛམ་གླིང་གི་རིག་གནས་དར་བའི་ལོ་རྒྱུས་མི་འདྲ་བ་སྣ་ཚོགས་ལ་ཞིབ་པར་བལྟ་དུས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྩ་མེད་དུ་སོང་བའི་རིག་གནས་རབ་དང་རིམ་པ་མང་བོ་ཞིག་ཡོད། བོན་པོའི་རིག་གནས་འདི་ཉིད་ཀྱང་རྒྱ་གར་ནས་པཎ་ཊི་ཏ་ལྔ་བརྒྱ་གདན་དྲངས་ནས་ཆེད་དུ་བསྣུབས་པའི་གནས་ཚུལ་སོགས་ལོ་རྒྱུས་ཡིག་ཚངས་ལས་གོ་ཐུབ་ལ་དེ་ལྟར་དཀའ་ཚེགས་དང་ཉེན་ཁ་གང་མང་བརྒྱུད་ནས་དར་ཐུབ་པའི་སྐོར་ལ་ང་ཚོས་ཕྱོགས་ཞེན་གྱི་མིག་རིས་བོར་ཏེ་གཟུ་བོར་གནས་པའི་ངང་ནས་བལྟ་འོས་ལ་དེའི་གནས་ཚུལ་སོགས་ལའང་ཞིབ་དཔྱད་གཏོང་བར་འོས། དེ་ནི་བོན་སྒོར་ཞུགས་ནས་བོད་ཀྱི་གྲུབ་མཐའ་གཞན་དག་ལ་རྨ་ཕབ་པའི་དམིགས་ཡུལ་ཞིག་གཏན་ནས་མིན་ཁར་བོད་གངས་ཅན་གྱི་ཡ་ཐོག་རིག་གནས་དང་དེ་འབྲེལ་གྱི་ཆོས་ལུགས་གྲུབ་མཐའི་སྐོར་གྱི་ཡོད་པ་རྒྱུད་འཛིན་དང་མེད་པ་ཁ་གསབ་བྱེད་རྒྱུའི་ལས་འགན་རླབས་པོ་ཆེ་ཞིག་ཡིན་པ་ཁ་ཚོན་བཅད་ནས་བཤད་འོས་པ་ཞིག་རེད།

ཉེ་ཆར་རིན་སྤུངས་ཚུལ་བསྟན་མཆོག་ནས་བོན་གྱི་རིག་གནས་ཞིབ་འཇུག་གི་ཚ་རླབས་དང་ཁ་གཏད་ནས་སྒྲུབ་བཞིན་པའི་《མུ་ཁྲི་བཙན་པོ》ལ་ཆ་མཚོན་ན་ཁྱད་བོན་མང་བོ་ཞིག་ཞུ་རྒྱུ་འདུག་ནའང་དེ་དག་བོད་ཀྱི་ཀློག་པ་པོ་རིས་མེད་རྣམས་ལ་ཞིབ་པར་ཞུ་མ་དགོས་པར་རང་འདོད་ཀྱིས་རྒྱུས་ལོན་ཡོད་པ་བཅས་ཁོང་གིས་ཡུལ་སའི་བོན་གྱི་རིག་གནས་ལ་བཟུང་བའི་རྩ་བའི་རྣམ་འགྱུར་དང་དཀར་བོ་དགེ་བའི་སྒྲུབ་སྟངས་འདི་ཉིད་འཛམ་གླིང་གང་སར་གནས་པའི་བོན་པོ་སོགས་གྲུབ་མཐའ་རིས་མེད་ཀྱི་དཔྱོད་ལྡན་རྣམས་ཀྱི་དགའ་བའི་ལེགས་སྐྱེས་སུ་འགྱུར་བར་སྨོན་འདེབས་རྒྱུ་བཅས།

བོད་ཤར་ཕྱོགས་ཨ་མདོའི་འབྲོག་ལྗོངས་ནས་འཚར་ལོངས་བྱུང་ཞིང་མི་ཚེ་ཕྱེད་ཀ་དཔེ་ཀློག་ཐོས་བསམ་ཁྲོད་ཡོལ་མྱོང་བའི་གངས་ཅན་བོད་ཀྱི་གཞོན་ནུ་བན་ཤུལ་དཔལ་མཁར་རྒྱལ་ལམ་བསྟན་འཛིན་མཐར་ཕྱིན་ནས་བྲེལ་འཚུབ་མང་པོའི་ཁྲོད་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

2009-11-11ལ་ལྷ་ས་ནས།

དགོས་མཁོ་མཁན་དག་གིས་འབྲེལ་བ་གནང་ཡུལ།

གཙོ་སྒྲིག་པ།  རིན་སྤུངས་ཚུལ་བསྟན།

ཁ་པར་ཨང་གྲངས། ༡༣༩༩༠༤༡༨༧༧༣

 

འཕྲིན་གསར་འདི་རིན་སྤུངས་ཚུལ་བསྟན་གྱིས་འདོན་སྤྲོད་བྱས།

 

ཉེ་བའི་བཟོ་བཅོས། ( 2010-04-14 )
 
བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ཤེས་བྱ་ཕྱོགས་བསྒྲིགས་ཚེ་རིག་བདུད་རྩིའི་ཟེགས་མའི་སྨད་ཆའི་དེབ།
འགྲུལ་པའི་གདེངས་འཇོག་སྐར།: / 6
རྩོམ་པ་པོ། རྡོ་འབུམ།   
2010-04-11

 བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ཤེས་བྱ་ཕྱོགས་བསྒྲིགས་ཚེ་རིག་

བདུད་རྩིའི་ཟེགས་མའི་སྨད་ཆའི་དེབ་ཀྱི་འགུལ་རིས་དཔེ་དེབ།

 

༄༅། །ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྨྱཀྶཾ་བུདྡྷཱ་ཡ།

ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ།
བྷཻ་ཥ་ཛྱེ་རཱ་ཛཱ་ཡ། ས་མུངྒ་ཏེ་སྭཱ་ཧཱ།

དཀར་ཆག
མགོ་བརྗོད། ……………………………………………………………………………
ཉེས་གསུམ་གསོ་བ།………………………………………………………………………
ཁོང་ནད་གསོ་བ།…………………………………………………………………………
ཚ་བ་གསོ་བ།……………………………………………………………………………
གཉན་རིམས་གསོ་བ།………………………………………………………………………
ལུས་སྟོད་གསོ་བ།…………………………………………………………………………
དོན་སྣོད་གསོ་བ། …………………………………………………………………………
གསང་ནད་གསོ་བ། ………………………………………………………………………
ཐོར་ནད་གསོ་བ།…………………………………………………………………………
ལྷན་སྐྱེས་རྨ་གསོ་བ།…………………………………………………………………………
བྱིས་པ་གསོ་བ།……………………………………………………………………………
མོ་ནད་གསོ་བ།……………………………………………………………………………
གདོན་ནད་གསོ་བ།…………………………………………………………………………
མཚོན་རྨ་གསོ་བ།…………………………………………………………………………
དུག་ནད་གསོ་བ།……………………………………………………………………………
རྒས་པ་གསོ་བ། ……………………………………………………………………………
རོ་ཙ་གསོ་བ།………………………………………………………………………………
ཞི་བྱེད་སྨན་སྦྱོར།……………………………………………………………………………
སྦྱོང་བྱེད་ལས།………………………………………………………………………………
རྒྱུད་བཞིའི་མཇུག་དོན།………………………………………………………………………
གནམ་རིག་སྐར་རྩིས།…………………………………………………………………………
རྒྱུན་མཁོའི་ཤེས་བྱ།…………………………………………………………………………
མཇུག་གི་ཞུ་གཏམ།………………………………………………………………………

 

14-1 བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ཤེས་བྱ་ཕྱོགས་བསྒྲིགས་ཚེ་རིག་བདུད་རྩིའི་ཟེགས་མའི་སྨད་ཆའི་དེབ།   དབུ་ཤོག་དང་དཀར་ཆག དཔེ་ཆ།  འཇིགས་མེད་ཀྱིས་འདོན་སྤྲོད་བྱས། 2010.04.10

14-2 བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ཤེས་བྱ་ཕྱོགས་བསྒྲིགས་ཚེ་རིག་བདུད་རྩིའི་ཟེགས་མའི་སྨད་ཆའི་དེབ།   དཔེ་ཆ། ཤོག་ངོས1-100  འཇིགས་མེད་ཀྱིས་འདོན་སྤྲོད་བྱས། 2010.04.10

14-3 བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ཤེས་བྱ་ཕྱོགས་བསྒྲིགས་ཚེ་རིག་བདུད་རྩིའི་ཟེགས་མའི་སྨད་ཆའི་དེབ།   དཔེ་ཆ། ཤོག་ངོས101-200  འཇིགས་མེད་ཀྱི་འདོན་སྤྲོད་བྱས། 2010.04.10

14-4 བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ཤེས་བྱ་ཕྱོགས་བསྒྲིགས་ཚེ་རིག་བདུད་རྩིའི་ཟེགས་མའི་སྨད་ཆའི་དེབ།   དཔེ་ཆ། ཤོག་ངོས201-རྫོགས་པའི་བར།   འཇིགས་མེད་ཀྱིས་འདོན་སྤྲོད་བྱས། 2010.04.10

རྡོ་འབུམ་དཔེ་འཕྲིན་གྱི་དཔེ་དེབ་གཅེས་བསྡུས་ལེ་ཚན།

ཉེ་བའི་བཟོ་བཅོས། ( 2010-04-13 )
 
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི2010ལོའི་དཀར་ཆག
འགྲུལ་པའི་གདེངས་འཇོག་སྐར།: / 7
རྩོམ་པ་པོ། རྡོ་འབུམ།   
2010-04-02

 

 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི2010ལོའི་དཀར་ཆག  

གསལ་བཤད།           1.འགུལ་རིས་དཔེ་ཆའི་རྣམ་པ་ལྟར་བཟོས་ཡོད། ཐད་ཀར་རྡེག་གནོན་བྱས་པས་འཐུས།

                                  2.དཀར་ཆག་འདིའི་ནང་དུ2009ལོའི་དེབ་མིང་ཡང་འདུས།

                                  3.དཔར་ཆོག་པའི་པར་གཞི་མཁོ་ན་འདིར་མནན་རོགས།

ཉེ་བའི་བཟོ་བཅོས། ( 2011-10-24 )
 
ལོ་ཙྰ་གླིང་།
འགྲུལ་པའི་གདེངས་འཇོག་སྐར།: / 9
རྩོམ་པ་པོ། རྡོ་འབུམ།   
2010-03-17

ལོ་ཙྰ་གླིང་།

 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

ISBN 978-7-5421-1674-1

CIP(2010) ཨང026814པ།

གཙོ་སྒྲིག་པ། ཁྲི་བསམ་གཏན། ཚེ་རིང་མཚོ།

མགོ་བརྗོད།


  གངས་ཅན་ཁ་བའི་ལྗོངས་སུ་འཚོ་ཞིང་གཞེས་པའི་རང་རེ་བོད་མི་རིགས་ནི་ཤེས་རིག་དར་བ་ཅུང་སྔ་ཞིང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་རླབས་ཆེན་མི་རིགས་ཤིག་ཡིན་ཞེས་ཀུན་གྱིས་གླེང༌། སྤྱི་ལོའི་དུས་རབས་བདུན་པར་བཙན་པོ་ཁྲི་སྲོང་བཙན་གྱི་རིང་བོད་ཐུན་མོང་དུ་བཀོལ་ཆོག་པའི་སྒྲ་སྦྱོར་ཡི་གེ་འདི་ཉིད་གསར་དུ་བྱུང་བ་ནས། ད་བར་བགྲང་བྱ་ཆིག་སྟོང་སུམ་བརྒྱ་ལྷག་འདས་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོར། སྔོན་བྱོན་མཁས་དབང་དམ་པ་དང་སྒྲ་བསྒྱུར་བྱེད་པོ་རྣམས་ཀྱི་རྣམ་དཔྱོད་རིག་པའི་སྟོབས་རྩལ་དང་ཕྱག་སོར་འཕྲུལ་གྱི་འདུ་འགོད་ལས། ནང་པ་སངས་རྒྱས་པའི་བཀའ་བསྟན་གསུང་རབ་ཀྱིས་གཙོས་སྒྲ་སྙན་སྨན་རྩིས་བཟོ་གསོ་དང་བཅས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སྣ་ཚོགས་ལེགས་སུ་བསྐྲུན་ཅིང་རྒྱ་ཆེར་སྤེལ་བར་བརྟེན། མདོ་དབུས་ས་མཐོའི་ཁོར་ཡུག་གི་མུ་ཁྱུད་འདིར་མི་རིགས་རང་གི་ཁྱད་ཆོས་མངའ་བའི་ཤེས་རིག་ཅིག་གྲུབ་པ་དང༌། ད་ལྟའི་ཆར་གོ་ལ་ཟླུམ་པོའི་ཡང་རྩེ་རུ་ཆགས་པའི་ཡུལ་གྲུ་འདིའི་བོད་མི་འགྲོ་བ་ཡོངས་ཀྱི་དཔལ་དང་བཅུད་དུ་སྨིན་པའི་ཁྱད་ནོར་གཅིག་པུར་མ་ཟད། འཛམ་གླིང་ཤེས་རིག་གི་སྐྱེད་ཚལ་དུའང་བཀྲགས་མདངས་རྣམ་པར་བཀྲ་བའི་རྒྱན་དུ་ཆེ་བ་ཉིད་དོ། །


     རང་རེའི་ཤེས་རིག་གསར་བསྐྲུན་གྱི་བཞུད་ལམ་རིང་མོར་ཕྱིར་མིག་བལྟས་ཙ་ན། རིག་གནས་ཀྱི་རྣམ་གྲངས་མཐའ་ཡས་ཤིང་རྫོགས་སུ་མ་མཆིས་པ་ཞིག་བཞུགས་མོད་ཀྱང༌། བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་ཕུད་དང་མཆོག་དང་དྭངས་མར་གྱུར་བ་ནང་བསྟན་རིག་གནས་ཀྱིས་གཙོས་པའི་ཆོས་ལུགས་རིག་གནས་འདི་ཀོ་ཡིན་པ་ནི་ལྟ་སྨོས་ཀྱང་ཅི་དགོས། དུས་རབས་སྔོན་མའམ་སྟོང་ལོ་གསར་བ་ཚེས་པའི་དུས་སྐབས་གང་དུའང༌། བོད་ཀྱི་རིག་གནས་ལ་ཞིབ་འཇུག་དང་རྒྱུས་ལོན་གནང་མཁན་དག་ནས་ཀྱང་ཆོས་ལུགས་རིག་གནས་ཀྱི་གཙོས་པའི་རིག་གཞུང་གི་ལས་ཀ་ཉིད་གཙོ་གནད་དུ་ངོས་ཟིན་ནས་བོད་རིག་པ་ཞེས་པའི་རིག་ཚན་གསར་བ་འདིར་ཞུགས་དང་འཇུག་མུས་སུ་མཆིས་པ་ནི་དགའ་འོས་ཤིང་སྤྲོ་རུང་བ་ཞིག་ཅི་ལ་མིན། དེ་ལྟ་མོད་ཀྱང༌། བོད་རིག་པ་འདི་ཉིད་འཛམ་བུ་གླིང་ལ་མངོན་པར་ཕྱོགས་པ་ན་དེ་ཙམ་གྱིས་མི་ཡོང་བར་ངེས་པར་རིག་གནས་ནང་འདྲེན་གྱི་ཆ་ལའང་དོ་སྣང་བྱས་ཏེ། བོད་རང་གི་སྲོལ་རྒྱུན་རིག་གནས་ལ་ཚེ་སྲོག་གི་སྟོབས་ཤུགས་གསར་བ་སྩོལ་དགོས་པ་ནི་ཁ་ཚ་དགོས་ཐུག་ཏུ་འཁུམས། རིག་གནས་གོང་སྤེལ་དང་མི་རིགས་འཕེལ་རྒྱས་ཀྱི་ལས་དོན་དེ་ཉིད་ཕྱོགས་སྣ་ཆིག་རྐྱང་ཙམ་ཞིག་ཏུ་གཏན་མ་སོང་བར། ཕྱོགས་དང་སྒོ་དུ་མ་ནས་འཛིན་ཞིང་སྤེལ་བའི་མཐུན་རྐྱེན་གྱི་གཞིར་རིག་གནས་གསར་བའི་ཆུ་སྣ་བསྡུ་བའི་ལས་ཀ་དེའང་ཟམ་མ་འཆད་པར་བསྒྲུབས་ཏེ། སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་གྱི་དགོས་དོན་དང་རིག་གནས་གསར་བ་ནང་འདྲེན་གྱི་མཁོ་དོན་གཉི་ཀ་དོ་མཉམ་གང་འོས་སུ་ཡོང་བར་འབད་པ་ནི་རང་རེའི་རིག་གནས་གང་ཞིག་མི་ཉམས་གོང་དུ་འཕེལ་བའི་ཐབས་དམ་པ་སྟེ། རྒྱ་ནག་གི་མཁས་པའི་དབང་བོ་འདས་སོང་ཅི་ཞན་ལིན་མཆོག་གིས། ཀྲུང་ཧྭ་རིག་གནས་འདི་ཉིད་གནའ་ནས་ད་ལ་ཐུག་གི་བར་གནས་ཐུབ་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཁོ་བོས་བསམ་ན་ལོ་ཙཱ་ལ་རག་ལས་ཡོད། ཆུ་རྒྱུན་ལ་ཆ་བཞག་ན། ཀྲུང་ཧྭ་རིག་གནས་ཀྱི་ཆུ་རྒྱུན་རིང་མོ་འདི་ཉིད་ཆུ་རྒྱས་པའི་སྐབས་ཡོད་ལ་བྲི་བའི་དུས་ཀྱང་ཡོད། འོན་ཏེ་ནམ་ཡང་བསྐམ་མ་མྱོང༌། རྒྱུ་མཚན་ནི་ཆུ་སྣ་གསར་བ་ནང་དུ་བསྡུ་བཞིན་ཡོད་པས་སོ། །ཆུ་སྣ་བསྡུ་གྲངས་ཆེ་ཆུང་བགྲང་གིས་མི་ཟིན་ཡང་ཆེས་ཆེ་བ་ནི་ཐེངས་གཉིས་ཏེ། གཅིག་ནི་རྒྱ་གར་ནས་ཐོན་པའི་ཆུ་སྣ་དང༌། ཅིག་ཤོས་ནི་ནུབ་ཕྱོགས་ནས་ཐོན་པའི་ཆུ་སྣ་ཡིན། དེ་ལྟ་ནའང་ཆུ་སྣ་ཆེན་པོ་འདི་གཉིས་སྡུད་པར་ལོ་ཙཱ་ལ་མ་བརྟེན་པ་གང་ཡང་མེད། ཀྲུང་ཧྭ་རིག་གནས་འདི་ཉིད་ལང་ཚོའི་གཟི་མདངས་མ་ཉམས་པར་གནས་བྱེད་ཀྱི་བདུད་རྩིའི་སྨན་མཆོག་ནི་ལོ་ཙཱ་ཡིན་པས། ལོ་ཙཱའི་ཕན་ཡོན་ནི་ཅི་འདྲ་ཆེ་བ་ལ་ཨང༌། ཞེས་གསུངས་མྱོང༌། རང་རེ་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་ཉིད་ཀྱང་སྔར་ཡོད་རིག་གནས་ཀྱི་གཞིར་རྒྱ་གར་གྱི་ཆུ་སྣ་དྲངས་པར་བརྟེན་ནས་དར་ཞིང་འཕེལ་བ་ནི་སུས་ཀྱང་མི་བསྙོན་མོད། ད་ལྟའི་གནས་ཚོད་ལ་གཞིགས་ཚེ། རང་རེའི་རིག་གནས་ནང་འདྲེན་གྱི་བྱ་བའི་ཆར་སྔོན་གྱི་ལོ་པན་དག་གི་ལམ་སྲོལ་བཟང་པོའམ་ལོ་ཙཱ་སྤེལ་བ་ལ་མཆོག་ཏུ་མཁས་པའི་ཞབས་མ་ཟིན་རྗེས་མ་ཆོད་པར་ལུས་སྡོད་ཚུལ་ཞིག འུ་ཅག་ཐུན་མོང་གི་མིག་སྔའི་གནད་དོན་དུ་ལྷགས་འདུག་གོ་སྙམ་པ་རྒྱུན་དུ་བློ་ངོར་འཆར་བ་ལགས་ན། ངེད་ཅག་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་ལོ་ཙཱ་ཞིབ་འཇུག་དགེ་སློབ་ཡོངས་ནས། 《ལོ་ཙཱ་གླིང》ཞེས་པའི་ལོ་ཙཱའི་ཆེད་དེབ་ཅིག་པར་སྒྲིག་དཔེ་བསྐྲུན་བྱས་པ་ཡིན་ལ། འདི་ཉིད་པར་བསྐྲུན་བྱས་པ་བརྒྱུད་རང་རེའི་རིག་གནས་ལ་དུངས་པ་ཟབ་ཅིང་ཞེན་པ་དཀར་བའི་ལས་རིགས་སོ་སོའི་སྤུན་ཟླ་ཡོངས་དང༌། ལྷག་ཏུ་རིག་གནས་ནང་འདྲེན་ལ་སྤྲོ་བའི་ཤེས་པ་ཅན་དང༌། ལོ་ཙཱའི་ལས་ལ་གཞོལ་བའི་དོན་གཉེར་ཅན་དག་ནས་ཐུགས་ཁུར་ཟབ་བཞེས་གནང་ཐོག སྔོན་ཐོན་རིག་གནས་ཀྱི་ལེགས་ཆ་སྡུད་ལེན་དང༌། ཞན་ཆ་འདོར་སྤོང་གིས་རང་རེའི་ རིག་གནས་འདི་ཉིད་ལ་ཚེ་སྲོག་གི་ཟུངས་ཁྲག་གསར་བ་ཞིག་བསྩལ་རེའི་འདུན་པ་སྙིང་ལ་ཆིངས་མཛོད་ཅེས། དུས་དེབ་འདི་ཀོའི་སྤུས་ཚད་ཐད་ལེགས་ཉེས་གང་མཆིས་དགོངས་འཆར་ལྷུག་སྩོལ་ཡོད་པ་བཅས་ཞར་ལ་ཞུ་རྒྱུ་དང༌། རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་མཆོག་ནས།
རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས། །
རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །
རང་ཅག་ཁ་བ་ཅན་གྱི་རྗེ་འབངས་ལ། །
རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ། །

       ཅེས་གསུངས་དོན་བཞིན། སླད་མའི་ཆར་ཡང་རང་རེའི་ལོ་ཙཱའི་ལས་རིགས་གང་ཞིག་དར་སོའི་འཕྲིན་ལས་འཕེལ་བ་ལ་མངོན་དུ་ཕྱོགས་ཆེད། 《ལོ་ཙཱ་གླིང》ཞེས་པའི་ཆེད་དེབ་འདི་ཉིད་ལོ་རེར་ཐེངས་རེ་པར་དུ་བསྒྲུབ་རྩིས་ཀྱི་འཆར་འགོད་ཡོད་པས། རྒྱ་ཆེའི་ཀློག་པོ་ཡོངས་ནས་ཕྱོགས་གང་ཅིར་ཕན་པའི་སེམས་དང་གསོང་བོའི་གཏམ་གྱི་གྲུ་ཆར་ཕངས་མེད་དུ་འཇོ་བའི་སྨོན་འདུན་ཡང་ཞུའོ། །

 

ཉེ་བའི་བཟོ་བཅོས། ( 2010-04-15 )
 
<< ཤོག་ངོས་དང་པོ། < ཤོག་ངོས་སྔོན་མ། 1 2 3 4 5 6 7 8 9 10 ཤོག་ངོས་རྗེས་མ། > ཤོག་ངོས་མཐའ་མ། >>

ཨང་ 41 - 50 ཁྱོན་བསྡོམས 144