དཔེ་རྟགས་ངོ་མ་ཡིན་མིན་ལ་བལྟ་ས། |
རྩོམ་པ་པོ། རྡོ་འབུམ།
|
2016-01-04 |
དཔེ་རྟགས་ངོ་མ་ཡིན་མིན་ལ་བལྟ་ས།
中国版本图书馆(新闻出版总署条码中心)
འདི་ནི་རྒྱལ་ཁབ་རིམ་པའི་ལས་ཁུངས་ཏེ་ཀྲུང་གོའི་པར་གཞི་དཔེ་མཛོད་ཁང་ངམ་ཡང་ན་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི་དཔེ་རྟགས་ལྟེ་གནས་ལས་དེབ་ཚད་ལྡན་ཡིན་མིན་ལ་བལྟ་སའི་དྲ་གནས་རེད།
http://www.capub.cn:8888/pdm/business/site/cip/approveNo.jsp
ད་དུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་གློག་བརྙན་སྤྱི་ཁྱབ་ལས་ཁུངས(中华人民共和国国家新闻出版广电总局)་ཀྱི་དྲ་བ་ལས་ཀྱང་དཔེ་ཆའི་གནས་ཚུལ་ངོ་མ་འཚོལ་བཤེར་བྱེད་ཐུབ། དྲ་གནས་ནི་གཤམ་གསལ་ལྟར་ཡིན།
http://www.gapp.gov.cn/zongshu/serviceListcip.shtml?CIPNum=2012280296&ValidateCode=SD12

གཞན། བོད་ཡིག་གི་དཔེ་དེབ་བོད་ལྗོངས་དང་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་བདུན་མ་གཏོགས་རྒྱ་ཡིག་གི་དཔེ་སྐྲུན་ཁང་ཡོད་ཚད་ལ་བོད་ཡིག་གི་དཔེ་དེབ་དཔེ་སྐྲུན་བྱེད་ཐོབ་མེད་པ་ཚང་མས་ཤེས་གསལ་ཡོད་པར་ཞུ།
|
ཉེ་བའི་བཟོ་བཅོས། ( 2016-01-22 )
|
|
དཔེ་རྟགས་དངོས་རྫུན་གྱི་ཁྱད་པར་ཅི་ལྟར་འབྱེད་དགོས། |
རྩོམ་པ་པོ། རྡོ་འབུམ།
|
2009-06-22 |
རྩོམ་པ་པོའི་ཁེ་དབང་ལ་སྲུང་སྐྱོབ་དང་ལས་ཀའི་ཐོབ་ཐང་འཕར་སྣོན། ལས་གཞི་མཇུག་སྒྲིལ། ལས་འཚོལ་སྐབས་སུ་འཇོན་ནུས་སྟོན་བྱེད་ཀྱི་བདེན་དཔང་ལ་སོགས་པའི་བྱ་བ་ལ་སྟབས་བདེ་འོང་ཆེད། གཤམ་ནས་ཅི་ལྟར་དཔེ་ཆའི་དཔེ་རྟགས་ངོ་མ་ཡིན་མིན་ལ་བརྟག་ཐབས་ངོ་སྤྲོད་བསྡུས་པ་ཞིག་བྱས་ཡོད། ཀྲུང་གོ་རྒྱལ་ནང་ནས་བསྐྲུན་པའམ་འགྲོ་རྒྱུགས་བྱེད་ཆོག་པའི་དཔེ་ཆ་ལ་དཔེ་སྐྲུན་ཁང་གི་དཔེ་རྟགས་གང་བཀོལ་ཡོད་རུང་རྒྱལ་ཁབ་རིམ་པས་ལས་ཁུངས་ཀྱིས་ཁས་ལེན་པའི་ཚད་གཞི་ནི་གཅིག་མ་གཏོགས་མེད། དེ་བས་གཤམ་གྱི་ཐབས་འདི་སྤྱད་ནས་བརྟགས་ན་དཔེ་ཆ་ཞིག་རྒྱབ་ཁབ་ཀྱི་ཚད་ལྡན་པར་སྐྲུན་དངོས་རྫས་ཡིན་མིན་སྐད་ཅིག་ཉིད་དུ་ཤེས་ཐུབ་ལ། ཞིབ་བཤེར་གྱི་ཐབས་འདི་སྤྱད་ནས་ར་སྤྲོད་བྱེད་མ་ཐུབ་པའི་དཔེ་ཆ་གང་ཡིན་ཡང་དེ་དག་ནི་དཔེ་རྟགས་རྫུན་མའང་ཡང་ན་ཚད་ལྡན་གྱི་པར་སྐྲུན་དངོས་རྫས་མིན་པར་གོ་བ་ལེན་ཆོག
ཚང་མའི་མཁྱེན་གསལ་ལྟར། དཔེ་སྐྲུན་ཁང་ཚད་ལྡན་ཞིག་ནས་བསྐྲུན་པའི་དཔེ་ཆ་ཡིན་ཚེ། དཔེ་ཆའི་སྔོན་ནམ་ཡང་ན་མཇུག་ཏུ་དཔེ་ཆ་འདིའི་དཔེ་སྐྲུན་གྱི་གནས་ཚུལ་བཀོད་ཡོད་པའི་ཤོག་ལྷེ་ཁྱད་པར་ཅན་ཞིག་ཡོད་དེ། བར་བཅུག་གི་ཤོག་ལྷེ་འདིས་དཔེ་ཆ་འདི་ཉིད་ཚད་ལྡན་གྱི་དཔེ་སྐྲུན་དངོས་པོ་ཞིག་ཡིན་པ་བདེན་པར་བསྒྲུབས་ཐུབ་རྐྱེན་ཡོང་གྲགས་སུ་ཤོག་ལྷེ་འདི་ལ་པར་དབང་ཤོག་ངོས་སམ་CIPཤོག་ལྷེ་ཞེས་སུ་འབོད། འདི་ནི་ཚད་ལྡན་གྱི་དཔེ་ཆ་ཞིག་ལ་མེད་དུ་མི་རུང་བའི་ཁྱད་རྟགས་མངོན་གསལ་ཅན་ཞིག་རེད། དཔེ་སྐྲུན་གྱི་འགྲོ་ལུགས་ལྟར་ན་ཚད་ལྡན་གྱི་དཔེ་ཆ་གང་ཞིག་ཡིན་རུང་དེ་ཐོག་མར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ལས་ཁུངས་ཀྱིས་དཔེ་སྐྲུན་གྱི་ཆོག་མཆན་འཐོབ་ནས་ཟིན་ཐོར་འཁོད་རྗེས་ད་གཟོད་དཔེ་སྐྲུན་རེ་ཞུ་བྱེད་ཡུལ་གྱི་དཔེ་སྐྲུན་བྱེད་མཁན་ནམ་དཔེ་སྐྲུན་ཁང་ལ་དཔེ་རྟགས་ཀྱི་ཨང་ཀི་རེ་ཐོབ་ནས་དཔེ་སྐྲུན་གྱི་འགྲོ་ལུགས་དངོས་བསྒྲུབས་ཆོག་པས། ཚད་ལྡན་གྱི་དཔེ་ཆ་རེ་རེ་ལ་གཞན་དང་མི་མཚུངས་པའི་ཐུན་མོང་མ་ཡིན་པའི་CIPགྲངས་ཀ་རེ་ཡོད། དཔེར་ན་གཤམ་ལྟར།
中国版本图书馆CIP数据核字(2007)第XXXXX号

ཀྲུང་གོ་གསར་འགྱུར་དང་དཔེ་སྐྲུན་ཆ་འཕྲིན་ལྟེ་གནས་དྲ་ཚིགས་ཀྱི་ནང་དུ་དཔེ་དེབ་ཀྱི་དཔེ་རྟགས་དངོས་མ་ཡིན་མིན་ལ་བརྟག་དཔྱད་བྱེད་ས་ཞིག་ཡོད། དྲ་གནས་ནི་http://www.capub.cn/དྲ་ཚིགས་འདིའི་གཙོ་ངོས་ཀྱི་གཡས་ཕྱོགས་ན་CIPགྲངས་མཛོད་ལྟེ་གནས་ཟེར་བ་ཞིག་ཡོད་ལ། གནས་འདིར་དཔེ་དེབ་ཀྱིCIPགྲངས་ཀ་ལ་བརྟེན་ནས་པར་སྐྲུན་དངོས་རྫས་ཀྱི་དཔེ་རྟགས་ཚད་ལྡན་ཡིན་མིན་ལ་བརྟག་དཔྱོད་བྱས་ཆོག བཀོལ་ཚུལ་ནི། སྔོན་ལ་དཔེ་དེབ་དཔར་སྐྲུན་བྱས་པའི་ལོ་ཚིགས་དང་དེའི་རྗེས་དཔེ་ཆའི་ཆོག་མཆན་ཨང་གྲངས་གཉིས་མཐུད་ནས་ནང་དུ་འཇུག་དགོས་ལ། བཅུགས་ཚར་རྗེས་བདེན་པར་ཆོད་པའི་ཨང་གྲངས་མ་ནོར་བར་གཏགས་ནས་མནན་ན་དྲ་བའི་གྲངས་མཛོད་ཀྱིས་དཔེ་དེབ་འདིའི་ཆ་འཕྲིན་ཅུང་ཆ་ཚང་ཞིག་ཕྱིར་བསྐྱེལ་འོང་ངེས། ཕྱིར་བསྐྱེལ་ཡོང་བའི་ཆ་འཕྲིན་གྱི་ནང་དུ་དཔེ་ཆའི་མིང་། རྩོམ་པ་པོའི་མིང་། དཔེ་སྐྲུན་ཁང་གི་མིང་། པར་ཐེངས། དཔེ་སྐྲུན་ས་གནས། དཔེ་སྐྲུན་ལོ་ཚིགས་སོགས་འདུས། གལ་ཏེ་དཔེ་ཆའི་པར་དཔང་ཤོག་ལྷེའི་སྟེང་གི་ནང་དོན་དང་དྲ་ཐོག་གི་ཆ་འཕྲིན་གཉིས་སོ་སོ་མ་ནོར་བར་ཐོད་གཏུགས་ཐུབ་ན་དཔེ་ཆ་དེ་ནི་ཁྲིམས་མཐུན་གྱི་ཚད་ལྡན་དཔེ་སྐྲུན་དངོས་རྫས་ཤིག་ཡིན་པར་བདེན་དཔང་བྱེད་ཐུབ་ལ། གལ་ཏེ་དེ་ལྟར་བྱེད་མ་ཐུབ་ཚེ་དཔེ་ཆ་དེའི་དཔེ་རྟགས་ནི་རྫུན་མ་ཡིན་པར་བགྲངས་ཆོག
ཞིབ་བཤེར་བྱེད་སའི་དྲ་གནས།
http://www.capub.cn:8888/pdm/business/site/cip/approveNo.jsp
རྡོ་འབུམ་དཔེ་འཕྲིན་ཁང་གིས་བསྒྲུབས་པའི་དཔེ་ཆ་ཡོད་ཚད་ལ་དཔེ་སྐྲུན་ཁང་ཚད་ལྡན་ནས་ཐོབ་པའི་དཔེ་རྟགས་ཡོད་པས་དཔེ་རྟགས་ཐམས་ཅད་རྒྱལ་ཁབ་རིམ་པའི་དཔེ་རྟགས་ལྟེ་གནས་དྲ་ཚིགས་ནས་བདེན་དཔང་བྱེད་ཐུབ་པར་ཁག་ཐེག་དང་དཔེ་སྐྲུན་ཁང་ནས་བདེན་དཔང་བྱེད་ཐུབ་པ་ཁག་ཐེག་བྱེད་ཐུབ།

ཉིད་ལ་དཔེ་སྐྲུན་ཐད་ཀྱི་དྲི་བ་གང་ཡོད་གཤམ་གྱི་འབྲེལ་འདྲིས་བྱེད་སྟངས་བརྒྱུད་ནས་ང་ཚོར་དྲིས་ཆོག
QQ:88194899
138 0931 1952
Email
ཡིག་སྒམ་ཁ་བྱང་འདི་ལ་spamབྱ་རིམ་གྱི་སྲུང་སྐྱོབ་བྱས་ཡོད་རྐྱེན། Javascriptནུས་པ་སྐུལ་སྐོང་བྱས་ན་ད་གཟོད་ཀློག་འདོན་བྱ་ཆོག
|
ཉེ་བའི་བཟོ་བཅོས། ( 2016-01-06 )
|
|
|